གྲོང་སྐོར་འཇའ་ཚོན་ལམ་ཆེན་ལ་ཆེས་མཐའ་མཇུག་གིTདབྱིབས་ཅན་གྱི་ལྕགས་སྒྲོམ་འཐེན་པ་ལེགས་གྲུབ་བྱུང་།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-12-06

སྤྱི་ཟླ11པའི་ཚེས29ཉིན་གྱི་སྔ་དྲོའི་ཆུ་ཚོད9པར། ཟམ་སྐྲུན་འཕྲུལ་འཁོར་གྱིས་ལམ་སྣེའི་ལངས་གཟུགས་སྣོལ་མའི་ཟམ་པ་ལ་སྔོན་བཟོས་བྱས་པའིTདབྱིབས་ཅན་གྱི་ལྕགས་སྒྲོམ་འཐེན་པ་དང་བསྟུན་ནས། རྒྱལ་སྲུང་གཞུང་ལམ318པའི་དར་མདོ་གྲོང་ཁྱེར་གྱི་མཚམས་སྒྲོལ་གཞུང་ལམ་གྱི་ལམ་ཚད་ཡོངས་ལ་སྔོན་བཟོས་བྱས་པའི་ལྕགས་སྒྲོམ་ཡོངས་རྫོགས་འཐེན་ཟིན་པས་རླངས་འཁོར་ཤར་གཏོང་ཐུབ་པའི་དམིགས་ཡུལ་མངོན་འགྱུར་བྱུང་རེ་ཡོད་པ་རེད།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ད་སྐབས་དུས་ཚིགས་མཐའ་མར་རྒྱལ་སྲུང་གཞུང་ལམ318པའི་དར་མདོ་གྲོང་ཁྱེར་གྱི་མཚམས་སྒྲོལ་གཞུང་ལམ་བསྐྲུན་པའི་འགག་རྩར་ཐུག་ཡོད་པ་དང་། རྒྱལ་སྲུང་གཞུང་ལམ318པའི་དར་མདོ་གྲོང་ཁྱེར་གྱི་མཚམས་སྒྲོལ་གཞུང་ལམ་ནི་མཐོ་སྒང་གྲོང་ཁྱེར་དུ་བསྐྲུན་པའི་ལངས་གཟུགས་སྣོལ་མ་གསུམ་ཡོད་པའི་མཚམས་སྒྲོལ་གཞུང་ལམ་དང་པོ་ཡིན་ཞིང་། ལངས་གཟུགས་སྣོལ་མ་གསུམ་པོ་དེ་ཁག་བགོས་ནས་ལམ་གྱི་མགོ་སྣེ(རྒྱ་ཡུལ་ལྟག་སྒོའི་སྣུམ་སྣོན་ས་ཚུགས)དང་ལམ་གྱི་དཀྱིལ་སྣེ(བྱིས་པའི་ཕན་བདེ་ཁང)།ལམ་གྱི་མཐའ་སྣེ(ལམ་གཉིས་མདོ)བཅས་སུ་ཡོད་པ་རེད།

གཞན་ཡང་ལས་གཞིའི་རྣམ་གྲངས་ནང་དུ་ད་དུང་སྔོ་ཚལ་ལྡུམ་ར་དང་། ཆུ་མིག་ཁ་གྲོང་སྡེ། ཟུར་རི་ནགས་ཚལ། གསེར་དགའ་བདེ་བཅས་ཀྱི་ཟམ་ཆེན་བཞི་ཚུད་ཡོད། དེའི་ནང་དུ་ལྕགས་སྒམ་སྒྲོམ་གཞི27དངTདབྱིབས་ལྕགས་སྒྲོམ4བཅས་ཡོད་པ་དང་། དེའི་ནང་ནས་ཟུར་རི་ནགས་ཚལ་དང་གསེར་དགའ་སྡེ་ལུང་པའི་ཟམ་ཆེན་གཉིས2020ལོར་སྔ་རྗེས་སུ་ཤར་གཏོང་ཐུབ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ལམ་སྣེའི་ལངས་གཟུགས་སྣོལ་མའི་གཞུང་ལམ་ནི་ལམ་ཐིག་ཧྲིལ་པོའི་ལས་གཞིའི་ནང་གི་གལ་འགངས་ཆེ་ཤོས་དང་དཀའ་གནད་ཆེ་ཤོས་ཡིན་པ་རེད། དེ་ནི་དར་མདོ་གྲོང་ཁྱེར་གྱི་མཛའ་གཞས་ལམ་ཆེན་གྱི་འགག་རྩར་གནས་ཡོད་པ་དང་།ཕྱོགས་གཅིག་ནས་ཆུའི་ཉེན་ཁའི་གནོན་ཤུགས་ཆེ་བ་དང་།ཕྱོགས་གཞན་ཞིག་ནས་ལམ་འབྲེལ་ཤར་བགྲོད་ཐུབ་པའི་གནོན་ཤུགས་ཆེ་བ་རེད། གནས་ཚུལ་འདི་འདྲའི་འོག་ཏུ་ལས་གཞི་པུའུ་ཡིས་སྲིད་གཞུང་སྡེ་ཚན་དང་འབྲེལ་བ་བྱས་ནས་བསམ་འཆར་བསྡུ་ལེན་བྱས་པ་དང་ཡུལ་དངོས་སུ་ཇུས་གཞི་བཟོ་བར་རྟོག་ཞིབ་ཡང་ཡང་བྱས། ཏང་སྲིད་བཟོ་ཐོན་གྱི་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལམ་ལུགས་དང་སྐྱེལ་འདྲེན། སྒྲོམ3ལས་རིམ་བཅས་རྒྱུན་མཐུད་ངང་སྦྲེལ་མཐུད་ཐུབ་པར་འགན་ལེན་བྱས་ནས། དུས་ཡུན་ཐུང་ངུའི་ནང་ཟམ་པ་དང་ཕུག་ལམ།ལམ་བཅས་གྲུབ་ཆ་སྣ་མང་སྦྲེལ་མཐུད་བདེ་བླག་ཡོང་བ་བྱས་པ་རེད།

རྒྱལ་སྲུང་གཞུང་ལམ318པའི་དར་མདོ་གྲོང་ཁྱེར་གྱི་མཚམས་སྒྲོལ་གཞུང་ལམ་ལས་གཞིའི་རྣམ་གྲངས་དེ་དར་མདོ་གྲོང་ཁྱེར་གྱི་མཛའ་གཞས་ལམ་ཆེན་གྱི་ཀྲུང་གོ་སྣུམ་སྣོན་ས་ཚུགས་ཀྱི་ཉེ་འགྲམ་ནས་མགོ་ཚུགས་པ་དང་། བར་དུ་རིམ་པ་བཞིན་དུ་དར་མདོའི་ཆུ་བོ་དང་སྨི40རྒྱང་བའི་ཨར་འདམ་ལིའང་ཟམ། དེ་ནས་སྨི2454ཡོད་པའི་རྫིང་བྲག་རི་བོའི་ཕུག་ལམ་དང་། ཆུ་མིག་ཁ་གྲོང་སྡེ་གཉིས་པའི་བྱང་ངོས་ཕུག་ལམ། རི་རྒྱུད་དེད་ནས་ཁུལ་བྱིས་པའི་ཕན་བདེ་ཁང་དུ་སླེབས་པ་དང་། ཞིང་ཆེན་རིམ་པའི་གཞུང་ལམ434པ་དང་སྣོལ་སྡེབ་བྱས་ཡོད། གཙོ་ལམ་ནི་ཕྱིར་འཁོར་ནས་ནུབ་སྲང་ལམ་ཆེན་གྱི་རྒྱབ་རི་དང་ཟུར་རི་ལུང་པའི་ཟུར་རི་ནགས་ཚལ་གྱི་ཟམ་ཆེན་བརྒྱུད་ཡོད་པ་དང་། སྨི588ཡོད་པའི་ས་དཀར་ཕུག་ལམ་དང་ཁུལ་སྲིད་གཞུང་གི་རྒྱབ་རི་བརྒྱུད་ཡོད། ཕུག་ལམ་གྱི་སྣེ་མོ་ལྷ་མོ་རྩེ་དགོན་པའི་རྒྱབ་ཕྱོགས་ཀྱི་སྨི888མཚམས་སུ་ཡོད། དེའི་རྗེས་སུ་སྨི1363ཡོད་པའི་གསེར་དགའ་བདེ་ལུང་པའི་ཕུག་ལམ་བསྐྲུན་ཡོད་པ་དང་ཕུག་ལམ་ཀྱི་སྣེ་མོ་གསེར་དགའ་བདེ་ལུང་པའི་ཟམ་ཆེན་དང་སྦྲེལ་ཡོད། ཁུལ་ཕྱུགས་ལས་ཞིབ་འཇུག་སུའོ་བརྒྱུད་ནས་ལམ་ཐིག་དེ་ལམ་གཉིས་མདོ་གྲོང་སྡེའི་ཉེ་འགྲམ་སུ་སླེབས་སྐབས་ཕྱིར་འཁོར་ནས་དེ་སྔའི་རྒྱལ་སྲུང་གཞུང་ལམ318པ་དང་སྦྲེལ་མཐུད་བྱས་ཡོད། ལས་གཞིའི་རྣམ་གྲངས་ཀྱི་མཐའ་མཚམས་སུ་གཟེ་དབྱིབས་ཅན་གྱི་གཞུང་ལམ་གྱིས་སྦྲེལ་མཐུད་བྱས་ཡོད་པས་དར་མདོ་གྲོང་ཁྱེར་ནུབ་ཁུལ་གྱི་རྒྱལ་སྲུང་གཞུང་ལམ318པའི་རླངས་འཁོར་འགྲོ་རྒྱུག་ལ་ལམ་སྟོན་བྱས་ཡོད་པ་རེད།

ལྷག་པར་དུ་གླེང་རིན་ཡོད་པ་ཞིག་ནི་ལམ་ཐིག་ཧྲིལ་པོར་ཕུག་ལམ་ལས་གྲྭ3དང་ཟམ་པ4 འབྲེལ་མཐུད་ལས་རིམ3བཅས་ཡོད་པ་རེད། ཕྱི་རྣམ་ཇུས་འགོད་ཁྲོད་དུ་དར་མདོའི་མི་ཉག་རིག་གནས་དང་མཛའ་གཞས་རིག་གནས་སོགས་ས་གནས་དེ་གའི་རིག་གནས་ཕུན་སུམ་ཚོགས་པའི་སྒོ་ནས་བཀོལ་ཡོད་ལ་ཚོན་ལྡན་སྣུམ་སྙིགས་གྱིས་རྒྱས་སྤྲས་བྱས་ཡོད་པས་ནམ་མཁའི་འཇའ་ཚོན་ལ་འགྲན་པའི་མཛེས་ལྗོངས་ཤིག་གཏོད་ངེས་སོ།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོག་རན་ཡོད།
  • ལེ་ཚན་རྗེས་མ།:ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ཧྲིལ་པོའི་རྐོ་ཚད་སྨི་ཁྲི3ཡི་འགག་སྒོ་ཆེན་པོ་ལས་བསྒྲལ་ཐུབ་ཡོད།
  • དོ་སྣང་ཆེ་བའི་རྩོམ།