རྒྱལ་ཡོངས་དཔེ་སྟོན་གྲོང་སྡེར་ཁྱོད་ཀྱི་ཕ་ཡུལ་ཚུད་ཨེ་འདུག་ལྟོས།

ཨ་ཐུབ་ཀྱིས་བསྒྱུར།        2021-12-02

ཉེ་ཆར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲིམས་འཛིན་པུའུ་ཡི་དྲྭ་ཚུགས་ནས《2021ལོ་འཁོར་གྱི་རྒྱལ་ཡོངས་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་གྲོང་སྡེ་དང་སྤྱི་ཁུལ་གྱི་བསྐྱར་ཞིབ་མིང་ཐོའི་སྐོར་གྱི་སྤྱི་བསྒྲགས》ཁྱབ་སྤེལ་བྱས་པ་རེད། 《རྒྱལ་ཡོངས་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་གྲོང་སྡེ་དང་སྤྱི་ཁུལ་འཛུགས་སྐྱོང་ཁྲིད་སྟོན་ཚད་གཞི》དང་། 《རྒྱལ་ཡོངས་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་གྲོང་སྡེ་དང་སྤྱི་ཁུལ་གྱི་མིང་བཏགས་དོ་དམ་བྱེད་ཐབས》ལ་གཞིགས་ནས། ཞིང་ཆེན་དང་ས་ཁུལ། གྲོང་ཁྱེར་ཁག་གིས་རང་བཤེར་དང་ཞིབ་དཔྱད་རགས་ཙམ་བྱས་པའི་རྨང་གཞིའི་ཐོག་ཁྲིམས་འཛིན་པུའུ་དང་དམངས་སྲིད་པུའུ་ཡི་འབྲེལ་ཡོད་སྡེ་ཚན་གྱིས་ཐུན་མོང་ངང་ཞིབ་དཔྱད་བྱས་ཏེ། 2021ལོ་འཁོར་གྱི་རྒྱལ་ཡོངས་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་གྲོང་སྡེ་དང་སྤྱི་ཁུལ་གྱི་བསྐྱར་ཞིབ་མིང་ཐོ་གྲུབ་པ་རེད།

རྒྱལ་ཡོངས་དཔེ་སྟོན་གྲོང་སྡེར་ཁྱོད་ཀྱི་ཕ་ཡུལ་ཚུད་ཨེ་འདུག་ལྟོས།

དེ་ལས་སི་ཁྲོན་གྱི་གྲོང་སྡེ་དང་སྤྱི་ཁུལ230མིང་ཐོའི་གྲས་སུ་ཚུད་ཡོད།

དཀར་མཛེས་ཁུལ་གྱི་གྲོང་སྡེ་དང་སྤྱི་ཁུལ8མིང་ཐོའི་གྲས་སུ་ཚུད་པ་གཤམ་གསལ་ལྟར།

1.སི་ཁྲོན་ཞིང་ཆེན་དར་མདོ་གྲོང་ཁྱེར་གཉའ་ལུང་ཁྲོམ་ལམ་ལྷ་མོ་རྩེ་གྲོང་སྡེ།

2.སི་ཁྲོན་ཞིང་ཆེན་ལྕགས་ཟམ་རྫོང་སྡེ་དབུས་གྲོང་རྡལ་དཔལ་རྩེ་གྲོང་སྡེ།

3.སི་ཁྲོན་ཞིང་ཆེན་འདབ་པ་རྫོང་ག་ཆ་ཡུལ་ཤོག་ཉི་ལུང་གྲོང་སྡེ།

4.སི་ཁྲོན་ཞིང་ཆེན་རྟའུ་རྫོང་ཁུག་ཆ་ཡུལ་ཤོག་རྡོ་སྤུངས་གཞའ་གྲོང་སྡེ།

5.སི་ཁྲོན་ཞིང་ཆེན་ཕྱག་ཕྲེང་རྫོང་ཤམ་བྷ་ལ་གྲོང་རྡལ་ཟུར་རི་སྒང་གྲོང་སྡེ།

6.སི་ཁྲོན་ཞིང་ཆེན་དཔལ་ཡུལ་རྫོང་འཛུགས་སྐྲུན་གྲོང་རྡལ་ཆུ་ཤར་སྤྱི་ཁུལ།

7.སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་ཀ་བཞི་ཡུལ་ཤོག་ཉི་ཟླ་གྲོང་སྡེ།

8.སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་འཇའ་བ་གྲོང་རྡལ་མཁར་ཉམས་གྲོང་སྡེ།

  • ལེ་ཚན་སྔོན་མ།:ལྷག་བ་ཆུ་གློག་ས་ཚུགས་ཀྱི་ཆུ་རྒྱུན་བཅད་པའི་ཨར་ལས་ཡོངས་སུ་གྲུབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10