ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་འཚོགས།

        2021-12-02

   སྤྱི་ཟླ11པའི་ཚེས30ཉིན་ལ།ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་འཚོགས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་སྡེ་དར་རྒྱས་སྐུལ་སྤེལ་བཅའ་ཁྲིམས》དང་ 《སི་ཁྲོན་ཞིང་ཆེན་གྱིས〈ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེའི་ལས་དོན་སྲོལ་ཡིག〉ལག་ལེན་དོན་འཁྱོལ་བྱེད་པའི་ལག་བསྟར་བྱེད་ཐབས》སོགས་ཀྱི་ཡིག་ཆ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་།ཞིང་ཆེན་ཡོངས་ཀྱི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་བཞུགས་མོལ་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ནས།རང་ཁུལ་གྱི་ལག་ལེན་དོན་འཁྱོལ་བྱེད་ཚུལ་གྱི་བསམ་འཆར་ཞིབ་འཇུག་བྱས་ཤིང་འབྲེལ་ཡོད་ལས་དོན་འཆར་གཞི་ལ་གྲོས་ཞིབ་བྱས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་།

   ནུས་ཤུགས་ཡོད་དགུས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཞིང་མུ་མཐུད་དེ་ཡུལ་སྡེ་དར་རྒྱས་ཁྱོན་ཡོངས་ནས་གཏང་དགོས།

   གྲོས་ཚོགས་ཐོག་བསྟན་དོན། རིམ་ཁག་དང་སྡེ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་ལས་ལྷག་པར་སྤར་ཞིང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་བློ་རྩ་བརྟན་པོ་བྱ་དགོས་པ་དང་།ལོ་རྒྱུས་ཆེན་པོའི་འདུ་ཤེས་ཀྱིས་ཞིང་ལས་དང་ཞིང་སྡེ།ཞིང་པ་བཅས་ཀྱི་གནད་དོན་ལ་བལྟ་དགོས་ཤིང་།འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བྱེད་པ།འཕེལ་རྒྱས་ཀྱི་གནས་བབ་གསར་པར་ཞུགས་པ་བཅས་ལ་དམིགས་ནས། མ་བསྐུལ་དང་ལེན་ངང་ཞིང་གསུམ་འཕེལ་རྒྱས་ཀྱི་དངོས་ཡོད་ཆོས་ཉིད་ལ་བསྟུན་པ་དང་།ཞིང་གསུམ་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་གསར་པ་ཡང་དག་འཚོལ་ཞིང་།འཐབ་ཇུས་ཆེན་པོ་གཉིས་སྦྲེལ་མཐུད་ནུས་ལྡན་ཡོང་བའི་འཆར་འགོད་སྤུས་ཚད་མཐོན་པོས་སྒྲིག་བཟོ་བྱེད་པ་དང་།ནུས་ཤུགས་ཡོད་དགུས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཞིང་མུ་མཐུད་དེ་ཡུལ་སྡེ་དར་རྒྱས་ཁྱོན་ཡོངས་ནས་གཏོང་བ་དང་།ཞིང་ལས་ཐོན་སྐྱེད་ཡག་པོ་སྒྲུབ་པ་དང་ཞིང་སྡེའི་སྤྱི་ཚོགས་དོ་དམ་ཡག་པོ་བྱེད་པ།ཞིང་པའི་ལས་ཀ་ཡག་པོ་སྒྲུབ་ཅིང་། ཞིང་གསུམ་གྱི་རྩ་བ་བརྟན་པོར་བཟོས་ཏེ།མི་རིགས་ཁག་ཐུན་མོང་ཐོག་ཕྱུག་འབྱོར་ཡོང་བ་སྐུལ་འདེད་གཏོང་བ་དང་། མཐུན་སྒྲིལ་དང་ཕྱུག་འབྱོར།འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་པར་འདེགས་སྐྱོར་སྟོབས་ལྡན་མཁོ་འདོན་བྱ་དགོས།

   རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་བརྟན་པོར་བཟོ་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་དགོས།

   གྲོས་ཚོགས་ཐོག་བསྟན་དོན།རིམ་ཁག་དང་སྡེ་ཁག་དང་ལྷག་པར་སེར་ཤུལ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་བློ་རྩ་བརྟན་པོ་བྱེད་ཅིང་།སྲུང་སྐྱོང་གལ་ཆེ་བ་དང་བཅོས་སྐྱོང་གཙོ་གནད་ཡིན་པའི་རྩ་བའི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་དང་།སྟོད་རྒྱུད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་སྟོད་རྒྱུད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་ཀྱིས་བློ་བརྟན་འགྱུར་མེད་ངང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་བརྟན་པོར་བཟོ་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་དགོས།

   ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས།ལག་ལེན་བཅས་བྱེད་ཤུགས་ཆེ་རུ་གཏང་དགོས།

   གྲོས་ཚོགས་ཐོག་《དཀར་མཛེས་ཁུལ་གྱི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བྱ་རྒྱུའི་དྲིལ་བསྒྲགས་ལས་དོན་འཆར་གཞི》ལ་གྲོས་ཞིབ་བྱས་པ་རེད།

གྲོས་ཚོགས་ཐོག་བསྟན་དོན།  རྒྱ་ཆེ་བའི་ཏང་མི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་ཆེན་པོ་དང་ལོ་རྒྱུས་ཀྱི་དོན་སྙིང་།ལོ་རྒྱུས་ཀྱི་ཉམས་མྱོང་བཅས་ཁོང་དུ་བྱང་ཆུབ་པར་ཆུད་པ་ཁྲིད་སྟོན་བྱ་དགོས་ཤིང་།གཏན་འཁེལ་གཉིས་ཀྱི་ཆབ་སྲིད་ཆོད་གཏམ་དང་ཁ་གསལ་བཅུའི་ནང་དོན་ཕུན་སུམ་ཚོགས་པ་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ།ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས།ལག་ལེན་བཅས་བྱེད་ཤུགས་ཆེ་རུ་བཏང་ནས།ཁུལ་ཡོངས་ཀྱི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྒྱང་སྐྱོད་ལམ་གསར་དུ་བསྐྱོད་ཅིང་དུས་རབས་གསར་པར་བྱས་རྗེས་གཞག་པའི་སྒུལ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།།


  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་དུ་ཁྱིམ་མཚེས་བར་ལ་གྱོད་དོན་འདི་འདྲ་ཞིག་བྱུང་།
  • ལེ་ཚན་རྗེས་མ།:ཧྲན་དབྱང་གིས་འདབ་པ་དང་ལི་ཐང་སོགས་སུ་སྒྲོག་འགྲེལ་གནང་།
  • དོ་སྣང་ཆེ་བའི་རྩོམ།