རང་ཁུལ་གྱིས་ཉག་ཆུའི་འབབ་རྒྱུད་ཀྱི་ཆུ་གློག་གསར་སྦོལ་ཚད་ཡོད་སྤྱི་གཉེར་ཁང་དང་ཞུགས་མོལ་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2021-12-01

སྤྱི་ཟླ11ཚེས25ཉིན་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོ་ཆུང་སྣེ་ཁྲིད་དེ་ཁྲེང་ཏུའུ་རུ་ཉག་ཆུའི་འབབ་རྒྱུད་ཀྱི་ཆུ་གློག་གསར་སྦོལ་ཚད་ཡོད་སྤྱི་གཉེར་ཁང་གི་ནུས་རྒྱུ་གཙང་མ་གསར་སྦོལ་དང་། གློག་ཤུགས་ཕྱིར་གཏོང་བརྒྱུད་ལམ་འཛུགས་སྐྲུན། ས་ཁུལ་དང་ཁེ་ལས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་གནད་དོན་ཐད་བཞུགས་མོལ་སྤེལ་རེས་བྱས་པ་རེད། ཉག་ཆུའི་འབབ་རྒྱུད་ཀྱི་ཆུ་གློག་གསར་སྦོལ་ཚད་ཡོད་སྤྱི་གཉེར་ཁང་གི་རྐང་དཔོན་ཆི་ཉིང་ཁྲུན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

ཆི་ཉིང་ཁྲུན་གྱིས་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་སྤྱི་གཉེར་ཁང་དང་དཀར་མཛེས་ཁུལ་བར་ཡུན་རིང་མཉམ་ལས་དང་། ལེགས་ཆ་གསབ་རེས། གཉིས་ཁེ་གཉིས་ཕན་བཅས་ཀྱི་ཁྲོད་མཛའ་གྲོགས་ཟབ་མོ་ཆགས་ནས་ས་ཁུལ་དང་ཁེ་ལས་ཀྱི་མཉམ་ལས་ཀྱི་དཔེ་བཟང་བཏོད་ཡོད། སླད་ཕྱིན་“ལྷད་མེད་ནུས་རྒྱུ་གཙང་མ་ལེགས་སྐྱེས་སུ་འབུལ་བ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི”ཚད་དཔོག་ལྟར་སྐྲུན་བཞིན་པའི་ལས་གཞི་ལ་སྐུལ་འདེད་གཏོང་བ་དང་ནུས་རྒྱུ་གཙང་མ་གསར་སྦོལ་ནང་ཧུར་ཐག་ཞུགས་ཏེ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་འཐབ་ཇུས་ལ་རྒྱབ་སྐྱོར་དེ་བས་ལེགས་པ་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། མཉམ་ལས་སྤེལ་རེས་རྒྱ་ཆེར་གཏོང་བ། ཉག་ཆུའི་འབབ་རྒྱུད་ཀྱི་ཆུའི་མཛེས་ལྗོངས་ལ་བརྟེན་ནས་དྭངས་གཙང་ནུས་རྒྱུའི་དཔེ་སྟོན་ཁུལ་སྐྲུན་པ་སོགས་བྱས་ཏེ་མཐུན་སྒྲིལ་ཕྱུག་འགྱུར་དང་འཆམ་མཐུན་མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་བསྐྲུན་ཆེད་སྟོབས་ཤུགས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཧྲེན་དབྱང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚབ་མཛད་དེ་ཉག་ཆུའི་འབབ་རྒྱུད་ཀྱི་ཆུ་གློག་གསར་སྦོལ་ཚད་ཡོད་སྤྱི་གཉེར་ཁང་གིས་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ནུས་རྒྱུ་གཙང་མ་གསར་སྦོལ་བྱ་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་ལ་རྒྱལ་ཡོངས་ཀྱི་ལས་དོན་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས་ཀྱི་བྱ་སྤྱོད་ཅིག་ཀྱང་ཡིན། རང་ཁུལ་གྱིས་ཉག་ཆུའི་འབབ་རྒྱུད་ཀྱི་ཆུ་གློག་གསར་སྦོལ་ཚད་ཡོད་སྤྱི་གཉེར་ཁང་དང་མཉམ་ལས་བྱས་པ་དུས་ཡུན་རིང་ཞིང་། རྨང་གཞི་བརྟན་ལ་འབྲེལ་མཐུན་དམ་ཟབ་ཡིན་པ། ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་དང་། འཐབ་ཇུས་ཀྱི་འཆར་འགོད་གཅིག་མཐུན་ཡོད་པས། སྤྱི་གཉེར་ཁང་གིས་ཁྲོམ་ར་ཅན་གྱི་བྱེད་སྟངས་ཐོག་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་རང་ཁུལ་གྱི་ནུས་རྒྱུ་གཙང་མ་གསར་སྦོལ་ནང་ཞུགས་ཏེ་རྒྱལ་ཁབ་རིམ་པའི་ཆུའི་མཛེས་ལྗོངས་གཞི་གཅིག་ཅན་གྱི་བསྐྱར་སྐྱེས་ནུས་རྒྱུའི་རྟེན་གཞི་མཉམ་དུ་བསྐྲུན་ནས་རྒྱལ་ཁབ་ཀྱི“ཐཱན་གཉིས”ཀྱི་དམིགས་ཚད་ལ་ཐུན་མོང་ཐོག་ཞབས་འདེགས་ཞུ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། རང་ཁུལ་གྱིས་ས་ཁོངས་ཀྱི་འགན་འཁྲི་སྔར་རྒྱུན་བཞིན་ཡག་པོ་སྒྲུབ་པ་དང་ཞབས་ཞུའི་འགན་ལེན་ལ་སྤྱི་འདོམས་ཡག་པོ་བྱས་ནས་སྤྱི་གཉེར་ཁང་དེ་དཀར་མཛེས་ཁུལ་དུ་འཕེལ་རྒྱས་གཏོང་བར་སྲིད་དོན་གྱི་ཁོར་ཡུག་དང་། ཞི་མཐུན་གྱི་སྤྱི་ཚོགས་ཁོར་ཡུག། གོ་རིམ་ལྡན་པའི་འཛུགས་སྐྲུན་གྱི་ཁོར་ཡུག་བཅས་ཡག་མོ་བསྐྲུན་རྒྱུ་ཡིན། སྤྱི་གཉེར་ཁང་གིས་རང་ངོས་ཀྱི་དགེ་མཚན་མུ་མཐུད་དེ་འདོན་སྤེལ་བྱས་ཏེ། ཁེ་ལས་ཀྱི་འགན་འཁྲི་འཁུར་བ་དང་།མཉམ་ལས་ཀྱི་རིམ་པ་ཕུན་སུམ་ཚོགས་སུ་གཏོང་བ། ཡང་སྒོས་སུ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་དམངས་འཚོ་ལེགས་སུ་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ། ཡུལ་སྡེ་ཕྱོགས་ཡོངས་ནས་དར་རྒྱས་གཏང་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཤུགས་ཇེ་དྲག་ཏུ་བརྒྱབ་སྟེ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་པོས་རྒྱ་ཆེའི་མང་ཚོགས་ལ་ཕན་པ་ཐོབ་པ་བྱས་ནས་དཀར་མཛེས་ཁུལ་གྱི་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།།

  • ལེ་ཚན་སྔོན་མ།:ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསལ་འདེབས་གསར་ཤོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།