ཧྥུང་ཧྥ་ཀུའེ་ཡིས་གྲོས་ཚོགས་འདིའི་ཐོག་ནན་གསུང་འདི་ལྟར་གནང་།

        2021-11-23

     སྤྱི་ཟླ11པའི་ཚེས18ཉིན་ལ། ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དེ་དར་མདོར་འཚོགས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བྱེད་ཅིང་ད་སྔའི་ལས་ཀ་གཙོ་བོ་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང།

      ཧྥུང་ཧྥ་ཀུའེ་ཡིས་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་སྔ་འཛིན་ཕྱི་གཏོད་ངང་མགོ་འཛུགས་ས་གསར་པའི་ཐོག་ལངས་ནས་ནུས་ཤུགས་ཡོད་དགུས་ཁྲིམས་སྐྱོང་དང་ཆོད་ཆེ། སྤྱོད་གཙང་བཅས་ཀྱི་མི་དམངས་སྲིད་གཞུང་འཛུགས་སྐྱོང་དང་། ཆབ་སྲིད་ལ་དང་དོད་བྱེད་པ་དང་། མཐུན་སྒྲིལ་ལ་དོ་སྣང་བྱེད་པ། འགན་འཁྲི་ཁུར་ཕོད་པ།སྒྲིག་ལམ་སྲུང་བ་བཅས་ཀྱི་མགོ་ཁྲིད་ཚན་ཁག་གསར་འཛུགས།ལས་ལ་བཀུར་ཞིང་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེ་གསར་སྐྱོང་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འབད་པ་ཆེར་སྐྱེད་ཀྱིས་འཛུགས་སྐྲུན་བྱ་དགོས།

     གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་ཁྱོན་ཡོངས་ནས་བྱ་དགོས་ཤིང་། གཏན་འཁེལ་གཉིས་ཞེས་པའི་ཐག་གཅོད་རང་བཞིན་གྱི་དོན་སྙིང་དང་། ལོ་རྒྱུས་ཀྱི་དུས་རིམ་བཞིའི་གྲུབ་འབྲས་རླབས་པོ་ཆེ། རྒྱུན་འཁྱོངས་བྱ་རྒྱུ་བཅུའི་ལོ་རྒྱུས་ཉམས་མྱོང་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ཇུས་བཀོད་སྒྲིག་བཅས་ལ་གོ་བ་གདིང་ཟབ་ལོན་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱེད་ཅིང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་བྱེད་པ་དང་། ཏང་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་བྱེད་ཅིང་། འདས་པའི་དཀའ་སྡུག་གི་ལོ་རྒྱུས་འོད་སྟོང་འཕྲོས་པ་མི་བརྗེད་ལ། ད་ལྟའི་འགན་འཁྲི་འཁུར་བར་ངོ་གནོང་མི་དགོས་ཤིང་། མ་འོངས་པའི་ཕུགས་འདུན་རླབས་པོ་ཆེའི་རེ་བ་ཆུད་ཟོས་སུ་མི་གཏོང་བ་དང་། ཡར་བརྩོན་ཧུར་སྐྱེད་དང་དཀའ་སྤྱད་འབད་སྒྲུབ་བྱས་ཏེ། གྲུབ་འབྲས་ཕུལ་དུ་བྱུང་བས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྣམ་པར་རྒྱལ་བའི་ངང་འཚོག་པར་བསུ་མ་ཞུ་དགོས་ཞེས་བསྟན་པ་རེད།། 

 


ཨ་ཐུབ་ཀྱིས་བསྒྱུར།


  • ལེ་ཚན་སྔོན་མ།:ར་རྔ་ཁ་ནས་སྤོ་མེས་བར་གྱི་ལྕགས་ལམ་ད་ལོར་ལས་མགོ་འཛུགས་རྒྱུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།