སློབ་སྦྱོང་གི་འབྲས་བུ་དེ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བསྒྱུར།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-11-22

སྤྱི་ཟླ11པའི་ཚེས15ཉིན་ལ། ཉག་རོང་རྫོང་ཨུས་རྫོང་ཨུའི་ལྟེ་གནས་ཚོགས་པའི་སློབ་སྦྱོང་ཚོགས་འདུ་ཐེངས་དགུ་པ་དང་མགོ་ཁྲིད་ལས་བྱེད་པའི་དཔེ་ཀློག་འཛིན་གྲྭ་འཚོགས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་ཆེད་དོན་སློབ་སྦྱོང་བྱས་པ་རེད།

ཚོགས་འདུའི་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ཞིག་ཡིན་པ་དང་། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནི་འོད་སྟོང་འཕྲོ་བའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པ་དང་།དེ་ནི་ལོ་རྒྱུས་མེ་ལོང་དུ་བྱས་ནས་འབྱུང་འགྱུར་གཏོད་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད་ཅེས་བསྟན་ཡོད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རྫོང་རིམ་པའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་བྱ་རྒྱུར་ཤུགས་བརྒྱབ་སྟེ་བསམ་བློ་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུའི་ཐད་མདུན་དུ་བསྐྱོད་དགོས་པ་དང་།མ་ཡིག་སློབ་སྦྱོང་དང་མ་རྩོམ་ཀློག་པ།རྩ་བའི་རིག་པ་རྟོགས་པ་བཅས་རྒྱུན་འཁྱོངས་དང་། སྙིང་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལོན་པ་བཅས་བྱས་ནས་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས།བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་བ་དང་། དུས་མཚུངས་སུ་སྲིད་ཇུས་ཀྱི་རིགས་གཞུང་དང་ལག་ལེན་དངོས་ཀྱི་སྦྲེལ་མཐུད་དང་འགྱུར་ལྡོག་ལ་མཐོང་ཆེན་བྱ་དགོས། གཙོ་གནད་དམ་འཛིན་བྱས་ནས་རྫོང་ཡོངས་ཀྱིས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། རྫོང་ཡོངས་ཀྱི་གོང་འོག་ཚང་མས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ད་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། དྲིལ་བསྒྲགས་སྡེ་ཁག་གིས་སྣེ་ཁྲིད་དེ་སྤྱི་ཡོངས་ནས་དམ་འཛིན་བྱེད་པ་དང་། རྫོང་རིམ་པའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སློབ་ཁྲིད་བྱེད་པ་དང་།

དྲིལ་བསྒྲགས་རུ་ཁག་གིས་ཁ་བཀྲམ་ནས་ཁྲིད་པ། ཀྲི་པུའུ་ཧྲུའུ་ཅི་ཡིས་ཏང་གི་ཤེས་བྱ་སློབ་ཁྲིད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཆེད་དོན་སྒྲོག་འགྲེལ་བྱ་དགོས་པ་དང། རྫོང་རིམ་པའི་མགོ་ཁྲིད་འབྲེལ་གཏུག་བྱེད་གནས་ཀྱི་ཡུལ་ཤོག་དང་གྲོང་རྡལ་དུ་བསྐྱོད་ནས་སྒྲོག་འགྲེལ་བྱ་དགོས། རིམ་ཁག་ཏང་ཨུའི(ཏང་ཙུའུ་དང་ཏང་ཀྲི་པུའུ)ཧྲུའུ་ཅིས་ཏང་གི་ཤེས་བྱ་སློབ་ཁྲིད་བྱེད་པའི་ཐོག་ནས་གྲོས་ཚོགས་ཀྱི་སྙིང་དོན་སྒྲོག་འགྲེལ་ཡག་པོ་བྱེད་པ་དང་གཞི་རིམ་སྒྲོག་འགྲེལ་ཚོགས་པ་ཁག་གིས་གཅིག་བསྡུས་ཐོག་སློབ་ཚན་གྲ་སྒྲིག་བྱས་ཏེ་མང་ཚོགས་ཀྱིས་གོ་ཐུབ་པ་དང་།སེམས་ལ་བརྟན་པོར་ངེས་ཐུབ་པ།གོ་བ་ལེན་ཐུབ་པ་བཅས་ཀྱི་སྒྲོག་འགྲེལ་རྩ་གནད་བཟོ་བ་དང་།རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་དང་།རིགས་པའི་གཞུང་ལུགས་དང་གཏམ་རྒྱུད་ཟུང་འབྲེལ།རིགས་པའི་གཞུང་ལུགས་དང་དཔེ་མཚོན་མཉམ་འབྲེལ་བཅས་ཀྱི་བྱེད་ཐབས་སྤྱད་དེ་གྲོས་ཚོགས་ཀྱི་སྙིང་དོན་མི་སེར་དཀྱུས་མས་གོ་ཐུབ་པ་བྱ་དགོས་པ་དང་། གཅིག་བསྡུས་ཀྱིས་འཕོ་འགྱུར་གཏང་དགོས། གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་ཡོང་བར་འབད་བརྩོན་ཆེན་པོ་བྱས་ནས། རྫོང་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་སྤར་བ་དང་ལས་ཀའི་གཙོ་གནད་ཁ་གསལ་ཡོང་བ་བྱས་ནས། གྲོས་ཚོགས་ཀྱི་སྙིང་དོན་གྱིས་ཁྲིད་སྟོན་དུ་བྱེད་པ་དང་།སློབ་སྦྱོང་གི་གྲུབ་འབྲས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་ནས་འགན་འཁྲི་སྔར་བས་ཏན་ཏིག་འཁུར་དགོས། རྫོང་ཨུའི་སྤྱི་ཡོངས་ཀྱི་ལས་ཀའི་བཀོད་སྒྲིག་ལ་དམིགས་ཏེ་བྱེད་ཐབས་ཁ་སྣོན་དང་ངར་ཤུགས་སྐུལ་འདེབས་བཅས་བྱས་ནས་ལས་དོན་ཁག་དོན་འཁྱོལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས།།


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་སྤྱི་བདེའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་པར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།