གསེར་རྟ་རྫོང་ནས་ས་མིང་རིག་གནས་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས།

བློ་བཟང་རྒྱ་མཚོ།        2021-11-17

གསེར་རྟ་རྫོང་ནས་ས་མིང་རིག་གནས་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས།

   སྤྱི་ཟླ11པའི་ཚེས16ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དང་གསེར་རྟ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་བཅས་ཀྱིས《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ས་མིང་རིག་གནས་འགྲེལ་བཤད།》༼གསེར་རྟའི་ཆེད་དེབ༽ཀྱི་རྩོམ་སྒྲིག་ལས་དོན་བཞུགས་མོལ་ཚོགས་འདུ་གསེར་རྟ་རྫོང་དུ་འཚོགས་པ་རེད།

   གསེར་རྟ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་གསེར་རྟ་རྫོང་མི་རིགས་ཆོས་ལུགས་ཅུས། གསེར་རྟ་རྫོང་རིག་གནས་རྒྱང་བསྒྲགས་ཅུས། གསེར་རྟ་རྫོང་ནོར་སྲིད་ཅུས། གསེར་རྟ་རྫོང་དམངས་སྲིད་ཅུས། གསེར་རྟ་རྫོང་ལོ་རྒྱུས་རྩོམ་སྒྲིག་གཞུང་ལས་ཁང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་པ། ལས་འཁྱུར་ངལ་གསོ་བྱས་ཡོད་པའི་འབྲེལ་ཡོད་ཆེད་མཁས་པ་རྣམས་ཚོགས་འདུར་ཞུགས་པ་རེད།

   ཚོགས་ཐོག་ཏུ་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དང་ཁུལ་རྩོམ་སྒྱུར་ལྟེ་གནས་ཀྱི་མགོ་ཁྲིད་འཇིགས་མེད་རྡོ་རྗེས་གསེར་རྟ་རྫོང་གི་ས་མིང་རིག་གནས་འགྲེལ་བཤད་ལས་དོན་གྱི་རྒྱབ་ལྗོངས་དང་རྩོམ་སྒྲིག་གི་བརྒྱུད་རིམ། ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་། དུས་རྒྱུན་འཚོ་བའི་ཐད་དོན་སྙིང་གལ་ཆེན་ལྡན་པའི་སྐོར་ངོ་སྤྲོད་བྱས་པ་རེད།

གསེར་རྟ་རྫོང་ནས་ས་མིང་རིག་གནས་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས།

   ཚོགས་ཐོག་ཏུ་ལས་ཁུངས་སོ་སོའི་འགན་ཁུར་པ་དང་ས་གནས་ཀྱི་ཆེད་མཁས་པ་རྣམས་ཀྱིས་གསེར་རྟ་རྫོང་གི་ས་མིང་རིག་གནས་འགྲེལ་བཤད་སྐོར་ལ་སོ་སོའི་དགོངས་ཚུལ་དང་བསམ་འཆར་གང་མང་བཏོན། ལྷག་པར་གསེར་རྟའི་ས་མིང་གཅིག་གྱུར་དང་ས་མིང་ཡང་དག་བཟོ་བ་ནི་གསེར་རྟའི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་ལ་ནུས་པ་གལ་ཆེ་ལྡན་པས་མ་ཚད། འདི་ནི་རླབས་ཆེ་བའི་ཀྲུང་ཧྭའི་རིག་གནས་དར་སྤེལ་དང་མི་རིགས་རིག་གནས་ལ་ཞབས་ཞུ་དང་སྲོལ་རྒྱུན་རིག་གནས་གོང་སྤེལ་གཏང་བར་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན་པ་རེད།


  • ལེ་ཚན་སྔོན་མ།:གསེར་རྟ་རྫོང་གིས་རིམས་འགོག་སྨན་ཁབ་བརྒྱབ་སྟེ་རིམས་འགོག་སྲུང་ཡོལ་ཇེ་བརྟན་དུ་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།