ཧྲེན་དབྱང་གིས་སྡེ་དགེ་སོགས་རྫོང་བཞི་ལ་རྟོག་ཞིབ་གནང་།

ཨ་ཐུབ་ཀྱིས་བསྒྱུར།        2021-11-16

  སྤྱི་ཟླ11པའི་ཚེས9ནས13ཉིན་གྱི་བར་ལ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་སྔོན་རྗེས་སུ་སྡེ་དགེ་དང་དཔལ་ཡུལ། ཉག་རོང་། ཉག་ཆུ་བཅས་རྫོང་ཁག་ཏུ་ཕེབས་ནས། ཡུལ་སྡེའི་རྒྱལ་སའི་བར་ཁོངས་འཆར་འགོད་སྒྲིག་བཟོ་དང་རིམས་ཚུལ་འགོག་ཟོན། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་སོགས་ཀྱི་ལས་དོན་ལ་དམིགས་ནས་རྟོག་ཞིབ་དང་ཁྲིད་སྟོན་གནང་བ་དང་། རྫོང་དང་ཡུལ་ཤོག། གྲོང་སྡེ་བཅས་སྐབས་བརྗེ་རྗེས་ཏང་གི་རྩ་འཛུགས་གསར་པ་འཁོར་སྐྱོད་བྱས་ཚུལ་དང་ཏང་མི་ལས་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཚུལ་ལ་རྒྱུས་ལོན་གནང་བ་རེད།

ཧྲེན་དབྱང་གིས་སྡེ་དགེ་སོགས་རྫོང་བཞི་ལ་རྟོག་ཞིབ་གནང་།

   ཧྲེན་དབྱང་གིས་ནན་གསུང་གནང་དོན། ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱ་དགོས་ཤིང་། ཁྱོན་ཡོངས་ནས་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་ཅིང་། རྫོང་ཁོངས་ཀྱི་སྡེ་ཁུལ་དབྱེ་འབྱེད་དང་ཡུལ་སྡེའི་རྒྱལ་ས་བར་ཁོངས་འཆར་འགོད་སྒྲིག་བཟོ་ཡག་པོ་བྱ་རྒྱུའི་དོན་སྙིང་གལ་ཆེན་ཤེས་རྟོགས་གང་ལེགས་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དུ་གཏོང་བ་དང་ཡུལ་སྡེ་དར་རྒྱས་གཏོང་བ་ཟུང་འབྲེལ་བྱ་རྒྱུ་མུ་མཐུད་དེ་དམ་འཛིན་ཡག་པོ་བྱེད་པ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་ཞིང་། དཀར་མཛེས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐུན་མོང་ངང་ཕྱུག་འགྱུར་ཡོང་བའི་འགྲོ་ལམ་འཚོལ་ཞིབ་བྱས་ནས་ཡག་པོ་བསྐྱོད་དགོས།

ཧྲེན་དབྱང་གིས་སྡེ་དགེ་སོགས་རྫོང་བཞི་ལ་རྟོག་ཞིབ་གནང་།

   རིམས་ཚུལ་འགོག་ཟོན་ཐད་ལ། ཧྲེན་དབྱང་གིས་ས་གནས་ཁག་གིས་ཁྱབ་ཁོངས་གཙོ་བོ་དང་གནས་ཡུལ་གཙོ་བོ། གནད་འགག་ཆེ་ས་བཅས་ལ་དམ་པོར་དམིགས་དགོས་ཤིང་། ལྷག་པར་དུ་སློབ་གྲྭ་དང་དགོན་སྡེ་སོགས་དང་ཞིང་འབྲོག་ཁུལ་གྱི་རིམས་ཚུལ་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏང་དགོས། བདེ་ཐང་ཨང་རྟགས་ཁྱེར་ནས་འགྲོ་འོང་དང་ལུས་དྲོད་བརྟག་པ། ཁ་ཤུབས་རྒྱག་པ། སྤྱི་ཚོགས་འབྲེལ་འདྲིས་ཀྱི་བར་ཐག་སྲུང་བ་སོགས་ཀྱི་བྱེད་ཐབས་ལག་ལེན་ནན་པོ་བསྟར་ནས་རིམས་ནད་འགོ་ཁྱབ་ཀྱི་ཉེན་ཁ་ཆུང་དུ་གཏང་དགོས། སྔར་ལྷག་གིས་འཚུབ་བསྟུན་ཐག་གཅོད་སྔོན་ཇུས་ཞིབ་ཕྲ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། བདེ་ཐང་ཨང་རྟགས་དམར་སེར་ཡིན་པའི་མི་སྣར་དོ་དམ་ཚད་ལྡན་བྱེད་ཅིང་། ཉིན་གསུམ་ལ་ཉིང་སྐྱུར་ཞིབ་བཤེར་ཐེངས་གཉིས་བྱ་རྒྱུ་དང་། དེ་བཞིན་བདེ་ཐང་ལྟ་ཞིབ་དང་། ལོགས་བཀར་བརྟག་དཔྱད་བཅས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་རིམས་ཚུལ་བསྐྱར་དུ་མི་ཡོང་བ་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས་ཞེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:གསེར་རྟ་རྫོང་དུ་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྲོག་ཆགས་ཞིག་མཐོང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།