ལི་ཐང་རྫོང་གིས་མ་དངུལ་སྒོར་དུང་ཕྱུར19ལ་ཉེ་བ་ བཏང་ནས་གྲོང་ཡུལ་ལ་མཛེས་རྒྱན་སྤྲས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-11-08

སྨྱུག་འཛིན་པས་ལི་ཐང་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདས་ཟིན་པའི་ལོ་ལྔའི་ནང་ལི་ཐང་རྫོང་གིས་རིགས་མི་འདྲ་བར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར19བཏང་ནས། ཕྱོགས་གསུམ་གཞི་གཅིག་གི་འཕེལ་རྒྱས་སུ་བཏང་ནས་རྫོང་དང་ཡུལ་ཤོག། གྲོང་སྡེ་བཅས་རིམ་པ་གསུམ་གྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བྱུང་བ་དང་། སྔ་གཞུག་ཏུ་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་རྫོང་དང་སི་ཁྲོན་གྱི་ཞིང་ཆེན་རིམ་པའི་ཤེས་དཔལ་གྲོང་ཁྱེར། དཀར་མཛེས་ཁུལ་ཆེས་མཛེས་པའི་རྫོང་སོགས་ཀྱི་མཚན་སྙན་ཐོབ་པ་དང་། ལི་ཐང་གནའ་གྲོང་དུད་སྟོང་བོད་སྡེ་རྒྱལ་ཁབ་ཀྱིAབཞི་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་བདམས་ཐོན་བྱུང་ཡོད།

ལི་ཐང་རྫོང་གིས་ཁམས་ལྷོའི་ལྟེ་གནས་འཛུགས་སྐྲུན་བྱས་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཁྱིམ་གཞིས་བསྐྲུན་ཅེས་པའི་འཕེལ་རྒྱས་དམིགས་ཚད་དང་དམ་དུ་འབྲེལ་ནས། མཐའ་གཅིག་ཏུ་གཞི་གཅིག་ཅན་གྱི་ལྗོངས་གྲོང་དང་གཞི་གཅིག་ཅན་གྱི་གྲོང་འཛུགས། གཞི་གཅིག་ཅན་གྱི་ཐོན་གྲོང་བཅས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས། 1+4+3ལས་ཀའི་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་བཏང་ཞིང་། ཞིང་ཆེན་ཡོངས་ཀྱིས་གྲོང་ཁྱེར་ཟུང་འཛུགས་ཀྱི་ཚོད་ལྟའི་རྫོང་དམ་འཛིན་བྱ་ཡུལ་དུ་བྱས་ནས་གྲོང་ཡུལ་རིམ་སྤོར་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་རེད།

རྫོང་མཁར་སྟོབས་ཆེར་གཏོང་བའི་ཐད“གཞུང་གཅིག་འཕྲེད་གསུམ”གྱི་འགྲིམ་འགྲུལ་དྲྭ་རྒྱ་དང་ཤོག་ཁག་ཆེ་བཞིར་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས་ནས། རྫོང་མཁར་འཛུགས་སྐྲུན་བྱེད་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞིན་མ4.2ནས་མིག་སྔའི་སྤྱི་ལེ་གྲུ་བཞི་མ7.6བར་རྒྱ་ཆེར་བཏང་བས་རྫོང་གི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་ནུས་པ་མགྱོགས་མྱུར་ངང་གོང་འཕེལ་བྱུང་། ཤུགས་ཆེན་པོས་ལམ་ངོས་སྲ་འགྱུར་ཁྱོན་ཡོངས་ལ་ཁེབས་པ་དང་སྦུག་ཆུ་དུད་ཚང་ཡོངས་ལ་ཁྱབ་པ། ཟིང་ཆ་བཅོས་སྒྲིག་སྤྱི་ཚོགས་ཡོངས་ལ་ཁྱབ་པ། ཕྱོགས་བསྡུས་ཁྲིམས་བསྟར་ཁྱོན་ཡོངས་ལ་ཁྱབ་པ་དང་གཙང་འཕྱག་བྱེད་སྒོ། གསང་སྤྱོད་གསར་བརྗེ། ཉིན་བརྒྱར་ཟིང་ཆ་བཅོས་སྐྱོང་གི་དཀའ་གནད་སྒྲོལ་བ་སོགས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས། གཅིག་བསྡུས་སྒོས་ཁམས་ལྷོ་ལྟེ་གནས་གྲོང་ཁྱེར་འཛུགས་སྐྲུན་དམིགས་ཚད་དུ་བཟུང་ནས། ཐོན་ལས་གླིང་ཁུལ་དང་གྲོང་ཤར་ཞབས་འདེགས་གླིང་ཁུལ་གསར་པ། གྲོང་ཁྱེར་གྱི་རྣམ་པ་བསྒྱུར་བཀོད། བཙོག་ཆུ་དང་གད་སྙིགས་གཙང་སེལ་སོགས་ཀྱི་གལ་ཆེའི་ལས་གཞི་ལག་བསྟར་བྱས་ཡོད། མི་རིགས་ཀྱི་ཁྱད་ལྡན་སྐྱེ་ཁམས་རིག་གནས(ཆུ་ཕྲན་བཞི་དང་འདམ་ར་གླིང་ག་བརྒྱད)བསྐྲུན་པར་རྐང་ཚུགས་པ་དང་། རྫོང་མཁར་དུ་སྨི་བརྒྱའི་བར་ན་ལྗང་འགྱུར་ཡོད་པ་དང་།ལེ་དབར་གཅིག་ན་སྐྱེད་ཚལ་ཡོད་པའི་གྲོང་ཁྱེར་གྱི་སྐྱེ་ཁམས་མ་ལག་འཛུགས་པ་དང་། ལི་ཐང་གི་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ལ་བརྟེན་ནས་རྒྱལ་ཁའི་ངང་ནས་གྲོང་ཁྱེར་བྱང་རྒྱུད་ཀྱི་ཧི་མ་ལ་ཡའི་རིག་གནས་དངོས་མང་བཤམས་སྟོན་ཁང་ཆུང་ངུ་བསྐྲུན་པ་དང་། ལས་ལ་བརྩོན་པ་དང་ཡུལ་སྐོར་སྤྲོ་གསེང་། བདེ་སྐྱིད་ལྡན་པ་དང་མཛེས་སྡུག་ལྡན་པའི་ལི་ཐང་རིམ་བཞིན་མངོན་འགྱུར་བྱུང་།

ཡུལ་སྡེ་དང་གྲོང་རྡལ་གྱི་གནས་བབ་ལེགས་པོར་བསྒྱུར་བའི་ཐད་ཁྱོན་ཡོངས་ནས་ཡུལ་ཤོག་དང་གྲོང་སྡེ21གི་གཞུང་ལམ་ཤར་གཏོང་ཐུབ་པ་དང་། རྒྱལ་ཁབ་གློག་དྲྭ། འཕྲིན་གཏོང་འོད་སྐུད་སོགས་རྨང་གཞའི་སྒྲིག་ཆས་འཛུགས་སྐྲུན་བྱས། ཡུལ་ཤོག་དང་གྲོང་རྡལ་ཡོད་ཚད་ཀྱིས་སྒྲིག་ཆས་ཆ་ཚང་ཡིན་པའི་དམངས་ཕན་ཞབས་ཞུའི་ལྟེ་གནས། ཚད་ལྡན་གྱི་འཕྲོད་བསྟེན་ཁང་དང་ལྟེ་གནས་སློབ་ཚུང་འཛུགས་སྐྲུན་བྱས། ཡུལ་ཤོག་དང་གྲོང་རྡལ་གཙོ་བོར་ཁྱད་ལྡན་ཐོན་ལས་གླིང་འཛུགས་སྐྲུན་བྱས་ནས་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དེང་རབས་བོད་འབྲེལ་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཡུལ་ཤོག་དང་གྲོང་རྡལ་འཛུགས་སྐྲུན་བྱས། 2019ལོར་འཇའ་བ་གྲོང་རྡལ་དེ་ཁུལ་ཡོངས་ཀྱི་ཆེས་མཛེས་པའི་ཡུལ་ཤོག་གྲོང་རྡལ་དུ་བདམས་ཐོན་བྱུང་། གེ་མོའི་རྡོ་བརྐོས་རིག་གནས་ཐོན་ལས་གླིང་ཡུལ་སྐོར་ལྗོངས་ཁུལ་དང་ཧོར་ཆུ་བཀྲ་ཤིས་པའི་འབྲོག་སྡེའི་ཡུལ་སྐོར་ལྗོངས་ཁུལ་གཉིས་རྒྱལ་ཁབ་ཀྱིAབཞིའི་ཡུལ་སྐོར་ལྗོངས་ཁུལ་གསར་དུ་བསྐྲུན།ཛམ་བྷ་ལ་མེ་ཏོག་མཚོའིAལྔའི་ཡུལ་སྐོར་ལྗོངས་ཁུལ་བསྐྲུན་པར་ཞིང་ཆེན་རིམ་པའི་ཞིབ་དཔྱད་གཏན་འབེབས་ཐོབ་ཡོད།

མཛེས་སྡུག་ལྡན་པའི་གྲོང་ཚོ་བསྐྲུན་པའི་ཐད་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་ཚོ15ལ་ཡིག་ཐོག་ཞུ་ཡིག་ཕུལ་བ་ལེགས་གྲུབ་བྱུང་བ་དང་།ཁུལ་ཡོངས་ཀྱི་ཡིག་ཐོག་ཞུ་ཡིག་ཕུལ་བ་ལེགས་གྲུབ་བྱུང་བའི་སྤྱི་འབོར་གྱི་ལྔ་ཆ་གཅིག་ལ་ཟིན་ཡོད། ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོར་ཞུ་ཡིག་ཕུལ་བ་ལེགས་གྲུབ་བྱུང་བ47ཡོད་པ་དང་སི་ཁྲོན་ཞིང་ཆེན་གྱི་བཅུ་ཆ་གཅིག་ལ་ཟིན་ཡོད། ནུས་ཤུགས་ཡོད་རྒུས་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་འགན་ལེན་བྱས་པར་འཛུགས་སྐྲུན་བྱས་པ་དང་།རྫོང་ཡོངས་ཀྱིས་ཁྱོན་བསྡོམས་བོད་ཁུལ་ཁང་གསར་དུད་ཚང1358དང་། ཡུལ་གཞན་ནས་གནས་སྤོར་བྱས་པའི་དུད་ཚང946དང་ཉེན་གཡོལ་གནས་སྤོར་དུད་ཚང532དང་དྲུག་བསྒྱུར་གསུམ་འཛུགས་ཀྱི་ལས་གཞི་ཚན་པ་དུད་ཚང10047བཅས་ལག་བསྟར་བྱས་ཟིན། མཐོ་སྒང་གྲོང་རྡལ་མཚེ་མ་གྲོང་སྡེ་དང་འཇའ་བ་གྲོང་རྡལ་འཇའ་མདའ་གྲོང་སྡེ།ཚོ་གསུམ་ཡུལ་ཤོག་ལྷ་མགོ་གྲོང་ཚོ། གེ་མོ་ཡུལ་ཤོག་ཚ་ཁ་གྲོང་སྡེ། བླ་མ་ཡག་ཡུལ་ཤོག་རོ་སྒོ་གྲོང་སྡེ་སོགས་གྲོང་སྡེ་ལྔ་བོ་དཀར་མཛེས་ཁུལ་གྱི་ཆེས་མཛེས་པའི་གྲོང་སྡེ་རུ་བདམས་ཐོན་བྱུང་། གཟིམ་ཁང་གནའ་ཁྲོམ་རྒྱལ་ཁའི་ངང་ནས་ཞིང་ཆེན་རིམ་པའི་ཁྱད་ཆོས་ལྡན་པའི་ལོ་རྒྱུས་རིག་གནས་ཀྱི་ཁྲོམ་ཁུལ་དུ་ཞུ་ཡིག་ཕུལ་བ་ལེགས་གྲུབ་བྱུང་།

གནམ་ས་བླ་འོག་སྒྱུར་བ་ལྟ་བུའི་འགྱུར་ལྡོག་ཅེས་པའི་ཚིག་དེ་ནི་ལི་ཐང་གི་ཞིང་འབྲོག་མང་ཚོགས་དང་ཉེ་འཁོར་གྱི་རྫོང་གཞན་པས་ཉེ་བའི་ལོ་ལྔའི་རིང་ལི་ཐང་གི་གྲོང་ཡུལ་འཛུགས་སྐྲུན་ལ་དཔྱད་འཇོག་བྱས་པར་བཀོལ་བའི་ཚིག་མང་ཤོས་དེ་ཡིན། མཁའ་གྲོང་ནི་ལི་ཐིང་གི་གྲོང་ཁྱེར་མིང་བྱང་དུ་འགྱུར་བཞིན་པ་དང་། ལི་ཐིང་ནི་ཁུལ་གྱི་རིག་གནས་ལྟེ་གནས་དང་ཚོང་དོན་ལྟེ་གནས།ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས།དེང་རབས་མཐོ་སྒང་གི་ཞིང་འབྲོག་ཐོན་ལས་ལས་སྣོན་རྟེན་གཞི་གཉིས་པ་བཅས་ཡིན་པའི་ཆ་ནས་ས་ཁོངས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་མངོན་གསལ་ཇེ་དོད་དུ་འགྲོ་བཞིན་ཡོད་དོ།།

  • ལེ་ཚན་སྔོན་མ།:པར་རིས་གསར་འགྱུར།
  • ལེ་ཚན་རྗེས་མ།:སྡེ་རོང་རྫོང་གིས་ཐབས་མང་མཉམ་དུ་བཀོལ་ནས་ནགས་སྲུང་མེ་ཟོན་གྱི་བདེ་འཇགས་མཚམས་ཐིག་སྲ་བརྟན་དུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།