ཆག་གྲུམ།

གཟབ་ཉན་པ།        2021-11-05

མི་ཚེ་འདིར།

སེམས་ཀྱི་ཟངས་ཐོམ་དུ་བཅུས་པ་མཐའ་དག

གང་ཞིག་ཏུ་བླུགས་ཏེ།

གང་ཞིག་ཏུ་སྦས་ནས།

དུས་ཚོད་རྙིང་བ་འདིའི་ནང་དུ།

ངས་ཡོད་ཚད་མཇུག་རྫོགས་ན་བསམ།

སེམས་པ་གཉིས་འདྲིས་པའི་ཀློང་དུ།

གྱེས་བྲལ་གྱི་རླུང་གཡུགས་པ་ནི།

དོ་དམ་དུ།

གཅིག་ཁོ་ན་སྟེ།

ཤོར་ཟིན་པའི་བརྩེ་དུང་གི་བསགས་རྡུལ་རེ་རེ།

ཕན་ཚུན་གྱི་ནམ་མཁར་དྭངས་ཐབས་མི་འདུག།

དགའ་སྡུག་གི་ངོ་མདོག་ཅིག་འགྱུར་བ།

ཐ་སྙད་ཙམ་སྟེ།

དེ་ཡི་ཕྱིར་ན།

ཁྱོད་ཀྱིས་འཛུམ་མདངས་ཁོ་ནས་ཀྱང་།

ང་ཡི་འཇིག་རྟེན་ཇེ་གསལ་དུ་བཏང་ཡོང་།


  • ལེ་ཚན་སྔོན་མ།:​ལས་ཀྱི་སྐྱོར་མ།
  • ལེ་ཚན་རྗེས་མ།:ནགས་ཀྱི་སྒེག་མོར་ཕུལ་བའི་མགུར་ཐུང་།