ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་འཚོགས།

ཡེ་མགོན་གྱིས་བསྒྱུར།        2021-11-04

ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ཀྲུང་དབྱང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས། 


   སྤྱི་ཟླ11པའི་ཚེས2ཉིན། ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཤེས་ཡོན་མི་སྣའི་ལས་དོན་གྲོས་ཚོགས་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་གི་ཚོགས་འདུ་ཐེངས་སོ་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རང་ཁུལ་གྱིས་ལག་ལེན་དོན་འཁྱོལ་བྱེད་སྟངས་ཀྱི་བསམ་འཆར་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུ་ཧྲུའུ་ཅི་ཧྲེང་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བས་མ་ཚད་གསུང་བཤད་གནང་བ་རེད། 

   གྲོས་ཚོགས་ཐོག་བསྟན་དོན། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་དུས་རབས་གསར་པའི་ཤེས་ཡོན་མི་སྣའི་ལས་དོན་གྱི་འདུ་ཤེས་གསར་པ་དང་འགྲན་སློང་གསར་པ། བྱེད་ཐབས་གསར་པ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། "རྒྱུན་འཁྱོངས་བྱ་དགོས་པ་བརྒྱད"ཀྱི་ཕུན་སུམ་ཚོགས་པའི་ནང་འདུས་གོ་དོན་དང་ལག་ལེན་གྱི་བླང་བྱ་ལ་བློ་གདེང་འཕྱུགས་མེད་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱ་རྒྱུའི་འབད་འཐབ་དམིགས་ཡུལ་གྱི་ཐོག་ནུས་ཤུགས་གཅིག་བསྡུས་བྱས་ནས་རང་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པར་ཤེས་ཡོན་མི་སྣ་འཕེལ་རྒྱས་གཏང་རྒྱུའི་འཆར་འགོད་ལེགས་སྒྱུར་དང་འཐུས་སྒོ་ཚང་དུ་བཏང་ནས། ཤེས་ཡོན་མི་ནང་འདྲེན་བྱེད་དཀའ་བ་དང་ཉར་བཞག་བྱེད་མི་ཐུབ་པའི་གནད་དོན་མེད་པ་བཟོ་གང་ཐུབ་བྱས་པར་བརྟེན། སྒྲིག་གཞི་ཚུལ་མཐུན་དང་བྱང་ཚད་ཕུལ་བྱུང་གི་ཤེས་ཡོན་མི་སྣའི་དཔུང་སྡེ་ཇེ་མགྱོགས་སུ་འཛུགས་སྐྱོང་བྱ་དགོས།

   གྲོས་ཚོགས་ཐོག་བསྟན་དོན། རྩ་འཛུགས་དང་མགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་སོ་སོའི་འཇོན་ནུས་སྙོམས་སྒྲིག་བྱེད་པ་དང་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲངས་གཞིའི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱ་རྒྱུ་དེ་ཕྱིན་ཆད་ལོ་ལྔའི་གཙོ་གནད་ལས་དོན་ལ་བཞག་ནས་ཏང་སྲིད་ལས་ཁུངས་ཁྱོན་ཡོངས་རིག་སྟོབས་བཅོས་སྐྱོང་དང་གྲངས་གཞིའི་སྲིད་གཞུང་། གྲང་གཞིའི་དཔལ་འབྱོར། གྲངས་གཞིའི་སྤྱི་ཚོགས་བཅས་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུད་ཚད་ཚད་མཐོན་པོས་འཕེལ་རྒྱས་གཏོང་བར་རིག་སྟོབས་ཀྱི་འཇོན་ནུས་བསྣན་དགོས། 

   གྲོས་ཚོགས་ཐོག་བསྟན་དོན། ཞིང་ཆེན་ཏང་ཨུས་བཏོན་པའི་ཡུག་སྦྲེལ་གྱིས་སྡེ་ཚན་བྱས་པའི་ཡུལ་སྡེའི་རྒྱལ་ས་བར་འཁྱམས་ཀྱི་འཆར་འགོད་བཟོས་ནས་གཞིར་བཟུང་སའི་རིགས་པའི་གཞུང་ལུགས་དང་སྲིད་ཇུས། ལག་ལེན་གྱི་རྨང་གཞི་གང་ལེགས་འཛོམས་པ་བྱས་ཏེ་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་དང་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གསར་གཏོད་བྱེད་པར་སྐུལ་འདེད་གཏང་དགོས། 

   གྲོས་ཚོགས་ཐོག་ད་དུང་སྤྱི་ཟླ11པའི་ནང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་འགོག། བརྟན་བརླིང་སྲུང་སྐྱོང་། རིམས་ནད་འགོག་ཟོན། ཉེན་མེད་ཐོན་སྐྱེད་སོགས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད། །



  • ལེ་ཚན་སྔོན་མ།:རྟའུ་རྫོང་གིས་ཞིང་པ་གླ་པའི་ ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས།
  • ལེ་ཚན་རྗེས་མ།:2023ལོར་མྱུར་ལམ་དེ་གཉིས་ལ་རླངས་འཁོར་ཤར་གཏོང་ཐུབ་རེ་ཡོད།
  • དོ་སྣང་ཆེ་བའི་རྩོམ།