བོད་བྱང་ཐང་མཐོ་སྒང་དུ་སྟོན་བསྡུ་ལས་ལ་བྲེལ།

ཡེ་ཤེས་ཀྱིས་བསྒྱུར།        2021-11-02

བོད་བྱང་ཐང་མཐོ་སྒང་དུ་སྟོན་བསྡུ་ལས་ལ་བྲེལ།
བོད་བྱང་ཐང་མཐོ་སྒང་དུ་སྟོན་བསྡུ་ལས་ལ་བྲེལ།
བོད་བྱང་ཐང་མཐོ་སྒང་དུ་སྟོན་བསྡུ་ལས་ལ་བྲེལ།
བོད་བྱང་ཐང་མཐོ་སྒང་དུ་སྟོན་བསྡུ་ལས་ལ་བྲེལ།
བོད་བྱང་ཐང་མཐོ་སྒང་དུ་སྟོན་བསྡུ་ལས་ལ་བྲེལ།
བོད་བྱང་ཐང་མཐོ་སྒང་དུ་སྟོན་བསྡུ་ལས་ལ་བྲེལ།

ཉེ་ཆར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འོམ་བུ་ཡུལ་ཤོག་འོམ་བུ་ལྷོ་གྲོང་སྡེའི་གྲོང་མི་ཚོས་སྟོན་ཐོག་བརྔ་བསྡུ་བྱེད་མགོ་ཚུགས་བཞིན་ཡོད་པ་རེད།

འོམ་བུ་ཡུལ་ཤོག་འོམ་བུ་ལྷོ་གྲོང་སྡེ་ནི་མཚོ་འཕགས་སྨི4645ཡོད་པའི་དྭངས་ར་གཡུ་མཚོའི་ངོགས་སུ་ཆགས་ཡོད་ཅིང་། ས་གནས་དེ་གའི་གྲོང་མི་ཚོས་གཙོ་བོ་ཞིང་འབྲོག་གཉིས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པས་བོད་བྱང་ཐང་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་ཅིང་། འོམ་བུ་ཡུལ་ཤོག་ནི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་ཅིག་དང་། འབྲོག་སྡེ་ཡིས་གཙོ་བོར་བྱེད་པའི་བོད་བྱང་ཐང་དུ་མཐོང་དཀོན་པའི་ས་ཞིང་འདི་འདེབས་སྲོལ་ཆགས་པ་རེད།

འོམ་བུ་ཡུལ་ཤོག་ལ་ཞིང་འབྲོག་མང་ཚོགས་ཁྱོན་བསྡོམས་མི2109ཡོད་ཅིང་། མངའ་ཁོངས་སུ་ཡོད་པའི་གྲོང་སྡེ་གཉིས་ནི་ཞིང་མ་འབྲོག་གི་གྲོང་སྡེ་ཡིན་པ་རེད། ཡུལ་ཤོག་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་མུའུ666.9དང་རྩྭ་ར་རྒྱ་ཁྱོན་མུའུ་ཁྲི43.16ལ་ཟིན་པ་དང་། ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར9853ལ་ཟིན་ཡོད་པར་བརྟེན། 2014ལོར་འོམ་བུ་གྲོང་སྡེ་ཉིད་ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་སྡེ་ལ་བདམས་པ་རེད། 

  • ལེ་ཚན་སྔོན་མ།:བྲག་མགོ་རྫོང་ཁྲིམས་ཁང་གིས་མངོན་གསལ་དུ་གྱོད་དཔེ་ལ་གཞིགས་ནས་ཁྲིམས་ལུགས་བསྒྲགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།