རིམས་ནད་སྔོན་འགོག་དང་འབྲེལ་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་བཅོ་ལྔ།
གཅིག། ཉིང་སྐྱུར་དཔྱད་ཞིབ་བྱེད་དགོས་པའི་མི་རྣམས་གཅིག་གྱུར་རྩ་འཛུགས་ཀྱི་ཉིང་སྐྱུར་དཔྱད་ཞིབ་ནང་མ་ཞུགས་ཚེ་མཇུག་འབྲས་ག་འདྲ་ཞིག་ཡོད་དམ།ཁ་དན་ཚིག་ལ་མ་གནས་པར་བརྩིས་ནས་སྤྱི་པའི་ཡིད་རྟོན་ཆ་འཕྲིན་གཅིག་སྡུད་དང་ཞབས་ཞུའི་ལས་སྟེགས་སུ་བཞག་སྟེ། མ་འོངས་པར་མི་སྒེར་གྱི་ཡིད་རྟོན་དངུལ་བུན་དང་འཛད་སྤྱོད། ལས་ཞུགས།ལས་གནས་བཅས་ལ་ཤུགས་རྐྱེན་ཐེབས་སྲིད། གཞན་ཡང་སྐབས་བབ་ཀྱི་གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་གཅོད་པ། བཀག་ཉར་བྱེད་པ་སོགས་ཀྱི་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་རྒྱུ་དང་། རིམས་ནད་འགོག་བཅོས་ལ་བཀག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ། གཉིས། གཞིས་ཁུལ་དང་སྒོ་རྩིས་ཚོང་ཁང་། སྔོ་ཚལ་ཚོང་ཁང་སོགས་ལ་འགྲོ་དུས་བདེ་ཐང་ཆ་འཕྲིན་ཞིབ་བཤེར་ལ་གཞོགས་འདེགས་མི་བྱེད་པ་དང་ཐོབ་ཐང་ཐོ་འགོད་ཀྱི་གཏན་འབེབས་ལ་གཞོགས་འདེགས་མ་བྱས་ཚེ་མཇུག་འབྲས་ག་འདྲ་ཞིག་ཡོད་དམ།སྐབས་བབ་ཀྱི་གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་བའི་རིགས་བཀག་ཉར་བྱས་ཀྱང་ཆོག པྲོག་གསར་གློ་ཚད་རིམས་ནད་འགོ་བའམ་ཡང་ན་འགོ་བའི་ཉེན་ཁ་ཚབས་ཆེ་བའི་རིགས་ལ་རིམས་ནད་འགོག་བཅོས་ལ་བཀག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ། གསུམ། ཕྱི་ལ་འགྲོ་དུས་ཁ་ཐུམ་མ་བརྒྱབ་ན་ཁྲིམས་ལུགས་ཀྱི་འགན་འཁུར་དགོས་སམ། སྡོད་དམངས་རྣམས་སྤྱི་བའི་འགྲིམ་འགྲུལ་ཡོ་བྱད་དུ་འདུག་པ་དང་སྡོད་ཁུལ་སོགས་སྤྱི་པའི་འདུ་གནས་སུ་བསྐྱོད་སྐབས་དོ་དམ་མི་སྣའི་ཁ་ཏ་སློབ་གསོ་དང་ལེན་མི་བྱེད་པ་དང་། ཡང་ན་ཉེན་ཁ་ཆེ་བའི་ས་ཁུལ་གྱི་སྡོད་དམངས་ཕྱི་རུ་འགྲོ་དུས་ཁ་ཐུམ་མི་རྒྱག་ན་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་བའི་རིགས་བཀག་ཉར་བྱས་ཀྱང་ཆོག པྲོག་གསར་གློ་ཚད་རིམས་ནད་འགོ་བའམ་ཡང་ན་འགོ་བའི་ཉེན་ཁ་ཚབས་ཆེ་བའི་རིགས་ལ་རིམས་ནད་འགོག་བཅོས་ལ་བཀག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ།བཞི། བཀག་སྡོམ་དང་བཀག་འགོག་བྱས་པའི་སྡོད་ཁུལ་གྱི་སྡོད་དམངས་རྣམས་བདེ་ཐང་དོ་དམ་བྱ་བའི་མཛུབ་སྟོན་གྱི་གཏན་འབེབས་ལས་འགལ་ཏེ། རང་དགར་ཕྱི་རུ་བསྐྱོད་པ་དང་འདུ་འཛོམས་བྱས་ཚེ་མཇུག་འབྲས་ག་འདྲ་ཞིག་ཡོད་དམ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་བཅོས་སྐྱོང་དོ་དམ་སྐོར་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་བའི་གཏན་འབེབས་ལྟར། གནས་ཚུལ་ཚབས་ཆེ་བའི་རིགས་བཀག་ཉར་བྱས་ཆོག་པར་མ་ཟད། དངུལ་ཆད་བཅད་ཆོག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། པྲོག་གསར་གློ་ཚད་རིམས་ནད་འགོ་བའམ་ཡང་ན་འགོ་བའི་ཉེན་ཁ་ཚབས་ཆེ་བའི་རིགས་ལ་རིམས་ནད་འགོག་བཅོས་ལ་བཀག་རྐྱེན་བཟོས་པའི་ནག་ཉེས་ལྟར་ཉེས་ཆད་གཅོད་རྒྱུ་དང་། ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་དང་ནད་གཞི་ཡོད་མཁན་གྱིས་ནད་གཞི་སྦ་གསང་བྱེད་པ་དང་ལམ་ཐིག་ཆ་འཕྲིན་སྦ་གསང་བྱས་ནས་མི་མང་འདུ་འཛོམས་བྱ་ཡུལ་ལམ་ཡང་ན་སྤྱི་བའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་དེ་པྲོག་གསར་གློ་ཚད་འགོས་པ་ཡིན་ན། ཉེན་ཁ་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་སྤྱི་བའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་གྲུབ་སྲིད།ལྔ། བདེ་ཐང་བཤེར་རིས་མདོག་སེར་པོ་དང་དམར་པོ་ཅན་གྱི་མི་སྣས་སྒྲིག་སྲོལ་ལྟར་ལོགས་བཀར་བྱས་ཏེ་སྨན་བཅོས་ལྟ་ཞིབ་དང་ཁྱིམ་དུ་བསྡད་ནས་བདེ་ཐང་ལྟ་ཞིབ་མ་བྱས་ཚེ་མཇུག་འབྲས་ག་འདྲ་ཞིག་ཡོད་དམ།སྐབས་བབ་ཀྱི་གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག་ལ། གནས་ཚུལ་ཚབས་ཆེ་བའི་རིགས་བཀག་ཉར་བྱས་ཀྱང་ཆོག པྲོག་གསར་གློ་ཚད་རིམས་ནད་འགོ་བའམ་ཡང་ན་འགོ་བའི་ཉེན་ཁ་ཚབས་ཆེ་བའི་རིགས་ལ་རིམས་ནད་འགོག་བཅོས་ལ་བཀག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ།དྲུག། རིམས་ནད་སྔོན་འགོག་སྐབས་སུ་སྡོད་དམངས་རྣམས་སྒྲིག་སྲོལ་དང་འགལ་ནས་ཕྱི་རུ་སོང་ནས་རྩེད་ཤོག་རྩེ་བ་དང་གསོལ་སྟོན་བཤམས་པ། རོལ་རྩེད་ལ་རོལ་བ་སོགས་འདུ་འཛོམས་ཀྱི་བྱ་འགུལ་སྤེལ་ཚེ་འགན་འཁྲི་ཅི་ཞིག་འཁུར་དགོས་སམ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་བཅོས་སྐྱོང་དོ་དམ་ཐད་ཀྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་བའི་གཏན་འབེབས་ལྟར། གནས་ཚུལ་ཚབས་ཆེ་བའི་རིགས་བཀག་ཉར་བྱས་ཆོག་པར་མ་ཟད། དངུལ་ཆད་བཅད་ཆོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། པྲོག་གསར་གློ་ཚད་རིམས་ནད་འགོ་བའམ་ཡང་ན་འགོ་བའི་ཉེན་ཁ་ཚབས་ཆེ་བའི་རིགས་ལ་རིམས་ནད་འགོག་བཅོས་ལ་བཀག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ། ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་དང་ནད་གཞི་ཡོད་མཁན་གྱིས་ནད་གཞི་སྦ་གསང་བྱེད་པ་དང་ལམ་ཐིག་ཆ་འཕྲིན་སྦ་གསང་བྱས་ནས་མི་མང་འདུ་འཛོམས་བྱ་ཡུལ་ལམ་ཡང་ན་སྤྱི་བའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་དེ་པྲོག་གསར་གློ་ཚད་འགོས་པ་ཡིན་ན། ཉེན་ཁ་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་སྤྱི་བའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་གྲུབ་སྲིད།བདུན། སྲིད་གཞུང་གི་རིམས་ནད་ཚོད་འཛིན་དོ་དམ་གྱི་གཏན་འབེབས་དང་འགལ་ཏེ། ཁྱིམ་ཚང་དུ་གསབ་ཁྲིད་འཛིན་གྲྭ་བསྡུ་བ་དང་རོལ་རྩེད་ལ་རོལ་བ། སྒྲིག་འགལ་གྱིས་ཆམ་པ་དང་ཚ་འཇོམས་སྨན་རྫས་ཕྱིར་འཚོང་བྱས་ཚེ། མཇུག་འབྲས་ག་འདྲ་ཞིག་ཡོད་དམ།སྐབས་བབ་ཀྱི་གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག་ལ། གནས་ཚུལ་ཚབས་ཆེ་བའི་རིགས་བཀག་ཉར་བྱས་ཀྱང་ཆོག པྲོག་གསར་གློ་ཚད་རིམས་ནད་འགོ་བའམ་ཡང་ན་འགོ་བའི་ཉེན་ཁ་ཚབས་ཆེ་བའི་རིགས་ལ་རིམས་ནད་འགོག་བཅོས་ལ་བཀག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ།བརྒྱད། གཅིག་སྡུད་ལོགས་བཀར་མཇུག་སྒྲིལ་རྗེས། གཏན་འབེབས་ལྟར་བདེ་ཐང་ལྟ་བཤེར་དང་དོ་དམ་དང་ལེན་མ་བྱས་ཚེ་མཇུག་འབྲས་ག་འདྲ་ཞིག་ཡོད་དམ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་བཅོས་སྐྱོང་དོ་དམ་སྐོར་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་བའི་གཏན་འབེབས་ལྟར། ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་བའི་རིགས་བཀག་ཉར་བྱས་ཆོག་པར་མ་ཟད། དངུལ་ཆད་བཅད་ཆོག།དགུ། ནད་གཞི་སྦ་གསང་བྱེད་པ་དང་ལམ་ཐིག་ཆ་འཕྲིན་སྦ་གསང་བྱེད་པ། ནད་རྟགས་གཏན་འཁེལ་བྱས་ཟིན་པའི་ནད་པ་དང་དོགས་གཞི་ཅན་གྱི་མི་སྣར་འབྲེལ་འདྲིས་དམ་ཟབ་བྱས་པའི་གནས་ཚུལ་སྦ་གསང་བྱེད་པ། བསམ་བཞིན་དུ་གཞན་གྱི་འགྲུལ་བཞུད་བརྒྱུད་རིམ་སྦ་གསང་བྱེད་པའམ་རྫུན་བཟོ་བྱེད་པ། ཉིང་སྐྱུར་དཔྱད་ཞིབ་མཇུག་འབྲས་ཉོ་བའམ་བཙོང་བ་སོགས་ཀྱི་གནས་ཚུལ་སྦ་གསང་བྱེད་པ། རྫུན་བཤད་པ་སོགས་བྱས་ན་མཇུག་འབྲས་ག་འདྲ་ཞིག་ཡོད་དམ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། པྲོག་གསར་གློ་ཚད་རིམས་ནད་འགོ་བའམ་ཡང་ན་འགོ་བའི་ཉེན་ཁ་ཚབས་ཆེ་བའི་རིགས་ལ་རིམས་ནད་འགོག་བཅོས་ལ་བཀག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ། ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་དང་ནད་གཞི་ཡོད་མཁན་གྱིས་ནད་གཞི་སྦ་གསང་བྱེད་པ་དང་ལམ་ཐིག་ཆ་འཕྲིན་སྦ་གསང་བྱས་ནས་མི་མང་འདུ་འཛོམས་བྱ་ཡུལ་ལམ་ཡང་ན་སྤྱི་བའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་དེ་པྲོག་གསར་གློ་ཚད་འགོས་པ་ཡིན་ན། ཉེན་ཁ་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་སྤྱི་བའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་གྲུབ་སྲིད།བཅུ། སྡོད་དམངས་དང་ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་དུག་སེལ་ལས་དོན་སྤེལ་བར་གཞོགས་འདེགས་མ་བྱས་ན། འགན་འཁྲི་ཅི་ཞིག་འཁུར་དགོས་སམ།སྐབས་བབ་ཀྱི་གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་བའི་རིགས་བཀག་ཉར་བྱས་ཀྱང་ཆོག པྲོག་གསར་གློ་ཚད་རིམས་ནད་འགོ་བའམ་ཡང་ན་འགོ་བའི་ཉེན་ཁ་ཚབས་ཆེ་བའི་རིགས་ལ་རིམས་ནད་འགོག་བཅོས་ལ་བཀག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ། དྲག་ཤུགས་དང་འཇིགས་སྐུལ་ལ་བརྟེན་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པའི (རྒྱལ་ཁབ་ལས་ཁུངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཞུང་དོན་སྒྲུབ་མཁན་དག་ཚུད་ཡོད) རིམས་ནད་བརྟག་དཔྱད་བྱ་བ་སྤེལ་བར་བཀག་འགོག་བྱས་ན། སྤྱི་བའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ།བཅུ་གཅིག ཚ་རྒྱག་པ་དང་གློ་ལུ་བྱེད་པ། ལུས་ཤུགས་ཉམས་པ། དྲི་མ་མི་ཚོར་བ། སྣ་འཚུབ་པ། སྣ་ཆུ་བཞུར་བ། མིད་ཐག་ན་བ། ཤ་གནད་ན་བ་དང་ཁོག་པ་བཤལ་བ་སོགས་ཀྱི་སྣང་ཚུལ་ཡོད་བཞིན་དུ་རིམས་ནད་སྔོན་འགོག་གི་བླང་བྱ་ལ་མི་ཉན་པར་སྒོ་བསྟེན་སྨན་ཁང་དུ་སོང་ནས་བརྟག་དཔྱད་མ་བྱས་ན་མཇུག་འབྲས་ག་འདྲ་ཞིག་ཡོད་དམ། སྐབས་བབ་ཀྱི་གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག་ལ། གནས་ཚུལ་ཚབས་ཆེ་བའི་རིགས་བཀག་ཉར་བྱས་ཀྱང་ཆོག པྲོག་གསར་གློ་ཚད་རིམས་ནད་འགོ་བའམ་ཡང་ན་འགོ་བའི་ཉེན་ཁ་ཚབས་ཆེ་བའི་རིགས་ལ་རིམས་ནད་འགོག་བཅོས་ལ་བཀག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ།བཅུ་གཉིས། རིམས་ནད་ཚོད་འཛིན་དང་སྤྱི་བདེ་ལས་ཁུངས་ཀྱི་འགོས་ཁྱབ་རང་བཞིན་གྱི་ནད་རྟགས་ཞིབ་བཤེར་བྱ་བར་རྒྱབ་སྐྱོར་མ་བྱས་ན། འགན་འཁྲི་ཅི་ཞིག་འཁུར་དགོས་སམ།སྐབས་བབ་ཀྱི་གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་བའི་རིགས་བཀག་ཉར་བྱས་ཀྱང་ཆོག པྲོག་གསར་གློ་ཚད་རིམས་ནད་འགོ་བའམ་ཡང་ན་འགོ་བའི་ཉེན་ཁ་ཚབས་ཆེ་བའི་རིགས་ལ་རིམས་ནད་འགོག་བཅོས་ལ་བཀག་རྐྱེན་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ།བཅུ་གསུམ། ཐལ་དྲགས་པའི་ཀུ་རེ་དང་ཚོང་ལས་ཀྱི་དམིགས་ཡུལ་སོགས་ཀྱི་ཆེད་དུ་རིམས་ནད་སྐོར་གྱི་ཆ་འཕྲིན་རྫུན་མ་བཟོས་ནས་དྲ་བ་སོགས་སྤྱི་དམངས་ཀྱི་ཚོགས་རར་ཁྱབ་སྤེལ་བྱེད་པའམ་ཡང་ན་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་ཁྱབ་སྤེལ་བྱས་ན། བཅའ་ཁྲིམས་ཀྱི་འགན་ཅི་ཞིག་འཁུར་དགོས་སམ།《གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཁ་གཏད་འཇལ་བའི་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་རེ་ལྔ་བའི་གཏན་འབེབས་ལྟར། ཡོ་བསྲང་བྱེད་དུ་འཇུག་པ་དང་ཐ་ཚིག་སྒྲོག་རྒྱུ། མཇུག་འབྲས་ཚབས་ཆེན་བཟོས་པའི་རིགས་ལ་བཅའ་ཁྲིམས་ལྟར་ལས་སྒོ་སྤེལ་མཚམས་འཇོག་པའམ་ཡང་ན་ལས་གཉེར་ཆོག་མཆན་དཔང་ཡིག་ཕྱིར་བསྡུ་བྱ་རྒྱུ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་བཅོས་སྐྱོང་དོ་དམ་སྐོར་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་ལྔ་བའི་གཏན་འབེབས་ལྟར། བཀག་ཉར་བྱས་ཆོག་པར་མ་ཟད། དངུལ་ཆད་བཅད་ཆོག བཅུ་བཞི། རིམས་འགོག་སྐབས་སུ། དངོས་ཟོག་གི་རིན་གོང་ཇེ་མཐོར་གཏོང་བ་དང་ཚུལ་མིན་གྱི་ཁེ་སྤོགས་ཆེན་པོ་ལེན་པའི་སྐོར་ལ་ཉེས་ཆད་ཇི་ལྟར་གཅོད་དགོས།བདེ་འཇགས་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་ལས་གཞན། ད་དུང་ཁྲིམས་འགལ་གྱི་ཐོབ་ཆའི་གྲངས་འབོར་ཅུང་ཆེ་བའམ་ཡང་ན་ཚབས་ཆེ་བའི་གནས་ཚུལ་གཞན་ཡོད་པའི་རིགས་དང་། ཁྲོམ་རའི་སྒྲིག་སྲོལ་ལ་གཏོར་བརླག་ཚབས་ཆེན་བཟོས་པའི་རིགས་ལ་ཁྲིམས་འགལ་གྱི་ཚོང་གཉེར་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ།བཅོ་ལྔ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་དང་འགལ་ཏེ། ཁ་ཐུམ་དང་འགོག་སྲུང་གྱོན་ཆས་སོགས་སྨན་བཅོས་འགོག་སྲུང་མཁོ་ཆས་གང་བྱུང་དུ་གཡུགས་ན་བཅའ་ཁྲིམས་ཀྱི་འགན་འཁུར་དགོས་སམ།གལ་ཏེ་གང་བྱུང་དུ་གཡུགས་པའི་ཁ་ཐུམ་དང་འགོག་སྲུང་གྱོན་ཆས་སོགས་སྨན་བཅོས་འགོག་སྲུང་མཁོ་ཆས་ནི་རིམས་ནད་ཀྱི་ནད་སློང་དུག་གཞི་ཚུད་པའི་སྙིགས་རོ་དང་། དུག་ལྡན་དངོས་པོའམ་ཡང་ན་གནོད་ལྡན་དངོས་པོ་ཡིན་པ་ཤེས་བཞིན་དུ་ཁོར་ཡུག་ལ་འབག་བཙོག་ཚབས་ཆེན་བཟོས་ཚེ་ཁོར་ཡུག་ལ་འབག་བཙོག་བཟོས་པའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ། བསམ་བཞིན་དུ་པྲོག་གསར་གློ་ཚད་རིམས་ནད་འགོ་བ་དང་སྤྱི་བའི་བདེ་འཇགས་ལ་གནོད་འཚེ་བཏང་བ་ཡིན་ན། ཉེན་ཁ་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་སྤྱི་བའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་བཅོས་སྐྱོང་དོ་དམ་སྐོར་གྱི་ཆད་གཅོད་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཁ་གཏད་འཇལ་བའི་སྐོར་གྱི་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་བཅའ་ཁྲིམས》བཅས་ཀྱི་གཏན་འབེབས་དང་།《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་ཡིད་རྟོན་མེད་པའི་ཚོད་འཛིན་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཡིན་རྟོན་རུང་བའི་ཕུགས་ཕན་ལམ་ལུགས་འཛུགས་གྲུབ་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར(རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན2020ལོའི་ཡིག་ཨང49བ)གཞིར་བཟུང་སྟེ། གོང་གསལ་གྱི་དོན་ཚན་ཚང་མ་རང་རྒྱལ་གྱི་ད་ལྟ་ལག་བསྟར་བྱེད་བཞིན་པའི་འབྲེལ་ཡོད་བཅའ་ཁྲིམས་དང་མཐུན་ཞིང་། ཁྲིམས་སྲོལ་གྱི་སྲིད་ཇུས་ལྟར་གཏན་ལ་ཕབ་པ་ཡིན།