དཀར་མཛེས་ཁུལ་གྱི་ཁྱད་འཕགས་ལས་གཞི་དང་ཞིང་ལས་དང་ཡུལ་སྐོར་གྱི་ཁྱད་ཆོས་ཀྱི་ཐོན་རྫས་འོས་སྦྱོར་འདུས་ཚོགས་ཧང་ཀྲོའུ་རུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2021-11-01

སྤྱི་ཟླ10པའི་ཚེས27ཉིན།དཀར་མཛེས་ཁུལ་གྱི་ལེགས་ཆ་ལས་གཞི་དང་ཞིང་ལས་དང་ཡུལ་སྐོར་གྱི་ཁྱད་ཆོས་ཀྱི་ཐོན་རྫས་འོས་སྦྱོར་འདུས་ཚོགས་ཧང་ཀྲོའུ་རུ་ལེགས་འགྲུབ་ངང་འཛུགས་གཉེར་བྱས་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཉེ་ཞིན་དང་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་ཝང་ཧུང་གིས་ཤིས་ཚིག་ཕུལ་བ་རེད།

ཉེ་ཞིན་གྱིས་ཤིས་ཚིག་ནང་རང་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོར་ཁུངས་དང་ཐོན་ལས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་། མ་དངུལ་འཇོག་པའི་སྲིད་ཇུས་གོ་སྐབས་དམ་འཛིན་བྱ་རྒྱུའི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་ཤིང་། ཁོང་གིས་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་རེས་གསར་པའི་ཤར་ནུབ་རྒྱུད་བར་གྱི་མཉམ་ལས་དང་། ཁ་གཏད་རོགས་སྐྱོར་གྱི་ལེའུ་གསར་པ་བཀོད་སྒྲིག་བྱེད་མགོ་བཙུགས་ཡོད། ཐེངས་འདིའི་འོས་སྦྱོར་འདུས་ཚོགས་གཉེར་པར་བརྒྱུད་དཀར་མཛེས་ཀྱི་ཁྱད་འཕགས་ཐོན་ཁུངས་སྔར་བས་དྲིལ་བསྒྲགས་བྱས་ནས་ཀྲེ་ཅང་དང་དཀར་མཛེས་ཁུལ་བར་གྱི་མ་དངུལ་མཉམ་འཇོག་གཏིང་ཟབ་དུ་གཏོང་བ་དང་། ས་གནས་གཉིས་པོའི་ཞིང་ལས་དང་ཡུལ་སྐོར་ཐོན་རྫས་ཉོ་འཚོང་འབྲེལ་མཐུད་བྱེད་པའི་ལས་སྟེགས་གཏོད་པ། གཉིས་ཁེ་གཉིས་ཕན་དང་མཉམ་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཝང་ཧུང་གིས་ཧང་ཀྲོའུ་ཡི་རིག་གནས་དང་གྲངས་གཞི་དཔལ་འབྱོར། སྐྱེ་ཁམས་དཔལ་ཡོན་སོགས་ཀྱི་འཕེལ་རྒྱས་ཀྱི་ཁྱད་འཕགས་ངོ་སྤྲོད་བྱས་ཤིང་། ཁོང་གིས་ཧང་ཀྲོའུ་ཡིས་གྲངས་གཞི་དཔལ་འབྱོར་གྱི་ཁྱད་འཕགས་དང་ཚོང་རའི་ཁྱད་འཕགས་འདོན་སྤེལ་གང་ལེགས་བྱས་ནས། ཐོན་ལས་མཉམ་ལས་ཟབ་སྤེལ་དང་ཡུལ་སྡེ་དར་རྒྱས་གཏོང་བའི་འབྲེལ་མཐུད་ལ་སྐུལ་འདེད། དམངས་འཚོའི་མཉམ་ལས་དང་སྐྱེ་ཁམས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་ཐད་ནས་བསམ་འཆར་སྤེལ་རེས་དང་མཉམ་ལས་ཟབ་སྤེལ་བྱས་ཏེ། ཁྱད་འཕགས་གསབ་རེས་དང་མཉམ་རྒྱལ་འཕེལ་རྒྱས་ཡོང་བ་བྱ་དགོས་ཞེས་གསུངས་པ་རེད།

ཤེས་རྟོགས་བྱུང་བ་གཞིགས་ན། ཐེངས་འདིའི་བྱེད་སྒོ་དེ་ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། དཀར་མཛེས་ཁུལ་ཚོང་དོན་དཔལ་འབྱོར་མཉམ་ལས་ཅུས་དང་ཧང་ཀྲོའུ་གྲོང་ཁྱེར་ཚོང་དོན་དཔལ་འབྱོར་མཉམ་ལས་ཅུས་སོགས་ཀྱི་སྡེ་ཁག་གིས་སྒྲུབ་འགན་འཁུར་བ། དམིགས་ཡུལ་ནི་ཀྲེ་ཅང་དང་དཀར་མཛེས་ཁུལ་ས་གནས་གཉིས་ཀྱི་ཞིང་ལས་དང་ཡུལ་སྐོར་སྤེལ་རེས་མཉམ་ལས་དང་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱ་ཆེད་ཡིན་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་དང་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གཉིས་ཀྱིས་མཉམ་དུ་བོད་འབྲེལ་རིག་མཛོད་གསར་འཛུགས་བྱེད།
  • ལེ་ཚན་རྗེས་མ།:སོན་བཟང་ནང་འདྲེན་བྱས་ནས་ལོ་ཏོག་གི་ཐོན་ཚད་མཐོ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།