ཐོབ་ཐང་ཆ་འཕྲིན་ངོ་མ་མ་སྤྱད་ན་དྲ་རྒྱ་སྤྱོད་མི་ཐུབ་པར་འགྱུར་སྲིད།

    མི་དམངས་དྲ་བ།    2021-10-28

 དྲ་སྦྲེལ་སྤྱོད་མཁན་གྱི་རྩིས་ཨང་གི་མིང་དང་ཆ་འཕྲིན་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། ཚེས་26ཉིན་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས《དྲ་སྦྲེལ་སྤྱོད་མཁན་གྱི་རྩིས་ཨང་གི་མིང་དང་ཆ་འཕྲིན་དོ་དམ་གཏན་འབེབས(བསམ་འཆར་བསྡུ་ལེན་མ་ཟིན)》ཁྱབ་བསྒྲགས་བྱས་པ་མ་ཟད། སྤྱི་ཚོགས་ཐོག་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་རེད། བསམ་འཆར་བསྡུ་ལེན་མ་ཟིན་གཞིར་བཟུང་། དྲ་རྒྱ་བེད་སྤྱོད་མཁན་གྱི་རྩིས་ཨང་སྤྱོད་མཁན་གྱིས་རྩིས་ཨང་ཐོ་འགོད་བྱེད་སྐབས། དྲ་རྒྱ་བེད་སྤྱོད་མཁན་གྱི་རྩིས་ཨང་ཞབས་ཞུའི་ལས་སྟེགས་དང་གྲོས་མཐུན་བཞག་ནས་ཐོབ་ཐང་ཆ་འཕྲིན་ངོ་མ་མཁོ་འདོན་བྱེད་དགོས།
   བསམ་འཆར་བསྡུ་ལེན་མ་ཟིན་ནང་། དྲ་རྒྱ་བེད་སྤྱོད་མཁན་གྱི་རྩིས་ཨང་སྤྱོད་མཁན་གྱིས་ཐོ་འགོད་དང་བེད་སྤྱོད་བྱས་པའི་རྩིས་ཨང་གི་མིང་དང་ཆ་འཕྲིན་ནང་ཏང་སྲིད་དམག་གསུམ་གྱི་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ། མི་དམངས་ཚོགས་པ་སོགས་རྩ་འཛུགས་སྒྲིག་གཞིའི་མིང་དང་མཚོན་རྟགས་རྫུན་མ་དང་། འདྲ་བཟོ། རྫུན་བཟོ་བྱས་པ་ཡོད་མི་ཆོག་པ་དང་། གསར་འགྱུར་སྨྱན་སྦྱོར་གྱི་མིང་དང་མཚོན་རྟགས་རྫུན་མ་དང་། འདྲ་བཟོ། རྫུན་བཟོ་བྱས་པ་ཡོད་མི་ཆོག ཡང་ན་རང་བགར་གསར་འགྱུར་དང་། གནས་འཕྲིན། ཚགས་པར་དུས་དེབ་སོགས་གསར་འགྱུར་གྱི་ངོ་བོ་ལྡན་པའི་མིང་དང་ཆ་འཕྲིན་སོགས་བེད་སྤྱོད་བྱེད་མི་ཆོག
   བསམ་འཆར་བསྡུ་ལེན་མ་ཟིན་ནང་། དྲ་རྒྱ་བེད་སྤྱོད་མཁན་གྱི་རྩིས་ཨང་ཞབས་ཞུའི་ལས་སྟེགས་ཀྱིས“རྒྱབ་སྟེགས་སུ་དངོས་མིང་དང་ལས་སྟེགས་སུ་རང་མོས”ཀྱི་རྩ་དོན་ལ་གཞིགས་ནས། དྲ་རྒྱ་བེད་སྤྱོད་མཁན་གྱི་རྩིས་ཨང་སྤྱོད་མཁན་གྱིས་ཐོ་འགོད་བྱེད་སྐབས་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་ངོ་མ་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དྲ་རྒྱ་བེད་སྤྱོད་མཁན་གྱི་རྩིས་ཨང་སྤྱོད་མཁན་གྱིས་ཐོབ་ཐང་ཆ་འཕྲིན་ངོ་མ་མཁོ་འདོན་མི་བྱེད་པའམ། ཡང་ན་རྩ་འཛུགས་སྒྲིག་གཞི་དང་མི་གཞན་གྱི་ཐོབ་ཐང་ངོ་མ་སྤྱད་དེ་ཐོ་འགོད་རྫུས་མ་བྱས་ཚེ། དྲ་རྒྱ་བེད་སྤྱོད་མཁན་གྱི་རྩིས་ཁྲ་ཞབས་ཞུའི་ལས་སྟེགས་ཀྱིས་དེར་ཞབས་ཞུ་མཁོ་འདོན་བྱེད་མི་ཆོག
   གཞན་ཡང་། དྲ་རྒྱ་བེད་སྤྱོད་མཁན་གྱི་རྩིས་ཨང་ཞབས་ཞུའི་ལས་སྟེགས་ཀྱིས་སྐྱེ་བོ་ལོ་ན་མ་སོན་པའི་མིར་རྩིས་ཐོ་འགོད་པའི་ཞབས་ཞུ་མཁོ་འདོན་བྱེད་པར། དེའི་ལྟ་སྐྱོང་བྱེད་མཁན་གྱི་མོས་མཐུན་ཐོབ་དགོས་པ་མ་ཟད། སྐྱེ་བོ་ལོ་ན་མ་སོན་པའི་མིའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་ལ་གཞིགས་ནས་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་ངོ་མ་ཡིན་མིན་ལ་ཞིབ་དཔྱད་བྱེད་དགོས་པ་དང་། ལྟ་སྐྱོང་བྱེད་མཁན་གྱི་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་འང་ཞིབ་དཔྱད་བྱེད་དགོས།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་སྒྲིག་ཆས་ལས་དོན་ཚོགས་འདུ་ལ་མཛུབ་སྟོན་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10