ལི་ཐང་རྫོང་གིས་དཔེ་དེབ་འགྲེམས་སྟོན་བྱས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-10-27

ལི་ཐང་རྫོང་གིས་དཔེ་དེབ་འགྲེམས་སྟོན་བྱས།

      ཁྱིམ་བདག་གིས་བྱིས་པ་ཁྲིད་ནས་དཔེ་དེབ་འགྲེམས་སྟོན་ལ་ལྟ་བཞིན་པ། ཉེ་ཆར།ལི་ཐང་རྫོང་གིས་ལི་ཐང་གནའ་གྲོང་དུད་ཚང་སྟོང་གི་བོད་སྡེ་རུ“དཔེ་ཀློག་ལ་དགའ་ཞིང་འཚོ་བ་རོལ་བར་དུང་།ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་གུས་འདུད་ཞུ་བ་དང་ཕུགས་འདུན་གྱི་ལམ་བུར་ཞུགས་པའི་ལི་ཐང”གིས་བརྗོད་དོན་གཙོ་བོར་བྱས་པའི་དཔེ་དེབ་འགྲེམས་སྟོན་བྱས་ནས་ངོ་མཚར་འབུམ་གྱིས་ཕྱུག་པའི་བྱེད་སྒོ་རུ་མང་ཚོགས་མང་པོ་ཞུགས་ཡོད་པ་རེད། འགྲེམས་སྟོན་བྱེད་ཡུལ་དུ་ལི་ཐང་རྫོང་ཞིན་ཧྭ་དཔེ་ཚོང་ཁང་དང་དེ་བཞིན་དངོས་གཞིའི་དཔེ་ཚོང་ཁང་གཞན་དག་གིས་རྩེ་གྲྭའི་དཔེ་དེབ500ལྷག་འགྲེམས་ཚོང་བྱས་པ་དང་། ལི་ཐང་གི་མཁས་པས་བརྩམས་པའི《བོད་ཡིག་གི་གསར་གཏོད་ཅན་གྱི་ཡིག་གཟུགས་ཕྱོགས་བསྒྲིགས》དང《ལོ་རབས50པའི་རྒན་རབས་པ་དང་ཁོ་ཚོའི་བུ་རྒྱུད་ཚོའི་ལི་ཐང་གི་འདས་དོན》དང《ལི་ཐང་གི་དམངས་ཁྲོད་རིག་གནས་དཔེ་ཚོགས》སོགས་ཀྱང་ད་ཐེངས་ཀྱི་འགྲེམས་ཚོགས་ཐོག་ཏུ་འགྲེམས་སྟོན་བྱས་པ་རེད། རྫོང་ཞིན་ཧྭ་དཔེ་ཚོང་ཁང་གི་འགན་འཁུར་བ་ལུའོ་ཙེ་ཡིས“འགྲེམས་སྟོན་དེ་རིགས་ཀྱིས་དཔེ་ཚོང་ཁང་དང་ཀློག་པ་པོའི་བར་དེ་བས་ཉེ་བཅར་ཐུབ་ཅིང་། དེ་རིང་འདིར་དཔེ་ཀློག་བྱེད་མཁན་དང་དཔེ་དེབ་ཉོ་མཁན་ཧ་ཅང་མང་པོ་འདུག ང་ཚོའི་ཚོང་ཁང་གིས་ཀྱང་རིན་གཅོག་བྱས་ནས་དཔེ་དེབ་ཚང་མའི་རིན་གོང་མར་ཕབ་ཡོད”ཅེས་བཤད། གཞན་ཡང་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀློག་པ་པོ་ཆུང་ཆུང་ཚོར་རིགས་མི་འདྲ་བའི་དཔེ་དེབ200གྲ་སྒྲིག་བྱས་པ་དང་། གྲོགས་པོ་ཆུང་ཆུང་ཚོས“དཔེ་ཀློག་གི་སྙིང་གཏམ” སྟེ་མྱོང་ཚོར་ཐུང་ངུ་ཞིག་ནག་པང་ཐོག་ཏུ་བྲིས་ན་དཔེ་དེབ་རེ་སྟེར་བཞིན་འདུག། ལོགས་སུ་ཡོད་པའི“དཔེ་དེབ་འཕྱོ་གཡེང་ས་ཚུགས”སུ་ཞུགས་མཁན་གྱིས་རང་ཉིད་ཀྱི་བལྟས་ཚར་བའི་དཔེ་དེབ་མཉམ་སྤྱོད་བྱས་ནས་མི་གཞན་དང་དཔེ་དེབ་འདེམས་བརྗེ་བྱེད་ཆོག། རྫོང་དཔེ་མཛོད་ཁང་གིས་སྐོར་སྐྱོད་དཔེ་དེབ་གཡར་ཀློག་ས་ཚུགས་བཙུགས་ནས་ཀློག་པ་པོར་སྟབས་བདེའི་དཔེ་དེབ་གཡར་བའི་ཞབས་ཞུ་བསྒྲུབས་པ་རེད། འགྲེམས་ཚོགས་ཐོག་རྫོང་ཡིག་གཟུགས་མཐུན་ཚོགས་དང་བརྩམས་ཆོས་མཐུན་ཚོགས་ཀྱིས་ཆེད་དུ་བོད་ཡིག་ཡིག་གཟུགས་དང་བོད་ཀྱི་སྲོལ་རྒྱུན་ཤིང་བརྐོས་པར་འདེབས་ལག་རྩལ་འགྲེམས་སྟོན་བྱས་ནས། ཐད་ཀར་མི་ཚང་མར་བོད་ཡིག་གི་སྨྱུག་གཟུགས་འབྲི་སྟངས་དང་སྲོལ་རྒྱུན་ཤིང་བརྐོས་པར་འདེབས་གྱི་ལག་རྩལ་འགྲེམས་སྟོན་བྱས་པ་དང་ད་དུང་ལྟད་མོ་བ་རྣམས་ཉམས་ལེན་དངོས་ནང་ཞུགས་པ་རེད།། 

  • ལེ་ཚན་སྔོན་མ།: དཀར་མཛེས་རྫོང་གིས་མུའུ་རེའི་ཞོག་ཁོག་ཐོན་ཚད་ཀྱི་ཟིན་ཐོ་གསར་པ།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་གིས་ཞིང་སྡེའི་གློག་རྡུལ་ཚོང་དོན་གྱི་སྤུས་ཀ་དང་ལས་ཆོད་མཐོ་རུ་གཏོང་རོགས་བྱས།
  • དོ་སྣང་ཆེ་བའི་རྩོམ།