གསེར་ཐར་རྫོང་གིས་མཐོ་སྒང་གནག་ཕྱུགས་གསོ་ཚགས་བྱེད་སྟངས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-10-25

ཉེ་བའི་ལོ་ཤས་རིང་།གསེར་ཐར་རྫོང་གིས་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་ཇེ་མགྱོགས་སུ་ལེགས་སྒྱུར་བྱས་ནས་མཐོ་སྒང་གི་གནག་ཕྱུགས་གསོ་ཚགས་བྱེད་སྟངས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་།ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། དེང་རབས་འབྲོག་ལས་འཕེལ་རྒྱས་ཀྱི་ཞན་ཆ་ཁ་གསབ་རྒྱག་རྒྱུར་འབད་བརྩོན་བྱས་ནས་སྲོལ་རྒྱུན་འབྲོག་ལས་དེ་འབྱུང་འཕྲོད་འཕེལ་རྒྱས་སུ་འགྲོ་བའི་ལམ་བུ་གསར་པའི་ཐོག་བསྐྱོད་པ་རེད།

མ་དངུལ་གྱིས་སྐུལ་སློང་བྱས། ཕྱུགས་རིགས་བཤས་གཏོང་དང་ཕྱིར་ཚོང་དོ་དམ་གྱི་བྱེད་ཐབས་བཏོན་ནས་འབྲོག་ཁུལ་གྱི་ཡུལ་ཤོག་དང་གྲོང་རྡལ12ཀྱི་བཤས་གཏོང་ཚད་མདུན་གྲལ་གྱི་ཡུལ་ཤོག(གྲོང་རྡལ)གསུམ་ལ་ཁག་བགོས་ནས་བྱ་དགའ་སྒོར་ཁྲི3དང་།སྒོར་ཁྲི2 སྒོར་ཁྲི1སྤྲད་པ་དང་། ཞིང་མ་འབྲོག་གི་བཤས་གཏོང་ཚད་མདུན་གྲལ་གྱི་ཡུལ་ཤོག(གྲོང་རྡལ)གསུམ་ལ་ཁག་བགོས་ནས་སྒོར་ཁྲི2དང་།སྒོར་ཁྲི1 སྒོར་ཁྲི0.5ཡི་དགའ་སྤྲད་པ་རེད།

ཚོགས་པའི་ནང་དུ་ཞུགས་པར་སྐུལ་སློང་བྱས། “1+N”ཚོགས་པའི་འཕེལ་རྒྱས་ཀྱི་ལམ་སྲོལ་བཙུགས་ནས། ཁེར་རྐྱང་གསོ་ཚགས་ཀྱི་ཉེན་ཁ་ཆུང་དུ་བཏང་བ། མ་དངུལ་སྒོར་དུང་ཕྱུར1.47བཏང་ནས་མུའུ་ཁྲི3.15ལ་ཟིན་པའི་ཕྱུགས་རིགས་ཐོན་ལས་གླིང་ཁུལ་གྱི་ཐེངས་དང་པོའི་ལས་གྲྭ་བསྐྲུན་ནས་སྣེ་འདྲེན་ཁེ་ལས4གླིང་ཁུལ་དུ་ནང་འདྲེན་བྱས་ཏེ་འབྲོག་པའི་དུད་ཚང9537ཚོགས་པའི་ནང་ཞུགས་བྱེད་དུ་བཅུག་པ་རེད།

ཚབ་གཉེར་གཉེར་སྐྱོང་བྱེད་པར་སྐུལ་སློང་བྱས། གསེར་ཐར་རྫོང་དྲྭ་ཐོག་འབྲོག་ལས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་བཙུགས་ནས་ཚབ་གཉེར་གཉེར་སྐྱོང་བྱས་ཏེ་དེང་རབས་ཀྱི་གསོ་ཚགས་ལག་རྩལ་ལག་ལེན་བསྟར། ཐོབ་པའི་ཁེ་སྤོགས་ཀྱི་བརྒྱ་ཆ49ཡུལ་ཤོག་དང་གྲོང་རྡལ་གྱི་མ་རྐང་བཟུང་བའི་བསྡུར་གྲངས་ལྟར་ཁེ་སྤོགས་བགོ་བ་དང་། ཐོབ་པའི་ཁེ་སྤོགས་ཀྱི་བརྒྱ་ཆ51དེ་ཚབ་གཉེར་གཉེར་སྐྱོང་སྤྱི་གཉེར་ཁང་གི་འགྲོ་གྲོན་ཁག་ལ་སྤྱད། འབྲོག་པའི་དུད་ཚང་རེ་རེར་ལོ་རེའི་ཆ་སྙོམས་འབབ་སྒོར1037 འཕར་ཡོད་པ་རེད།

ཉེན་འགོག་སྲུང་སྐྱེལ་བྱེད་པར་ངར་ཤུགས་སྣོན། སྲིད་ཇུས་རང་བཞིན་གྱི་ཕྱུགས་རིགས་གསོ་ཚགས་ཉེན་ཁའི་འགན་སྲུང་སྤེལ་ནས་། ཉེན་འགོག་འགན་སྲུང་གྲོན་དངུལ་ཕྱུགས་ཟོག་རེ་ལ་ལོ་རེར་སྒོར130ཡིན་པ་དང་། བརྒྱ་ཆ40དང་།བརྒྱ་ཆ33 བརྒྱ་ཆ2 བརྒྱ་ཆ5 བརྒྱ་ཆ20 ཀྱི་བསྡུར་གྲངས་ལྟར་བྱས་ནས་ཀྲུང་དབྱང་དང་།ཞིང་ཆེན།ཁུལ།རྫོང་བཅས་རིམ་པ་བཞིའི་ནོར་སྲིད་ཁ་གསབ་དང་འབྲོག་པའི་དུད་ཚང་གི་ཐུན་མོང་ཐོག་འགན་འཁུར་དགོས། ཧེ་བག་ཅན་གྱི་བྱེད་ཐབས་ལྟར་སྐྱིན་ཚབ་འཇལ་བའི་དངུལ་ཆེས་མང་བ་ཕྱུགས་ཟོག་རེར་སྒོར་2000སྤྲོད་རྒྱུ་དང་། མིག་སྔར་འགན་བཅོལ་ནང་ཞུགས་པའི་ཕྱུགས་ཟོག་ཁྲི2.9ལ་ཟིན་པ་དང་། ཉེན་འགན་གུན་གསབ་སྒོར་ཁྲི་1600སྤྲད་ཟིན་པ་དང་། དུད་ཚང1685ལ་ཕན་པ་ཐོབ་པ་རེད།།



  • ལེ་ཚན་སྔོན་མ།:མ་རྨོས་ལོ་ཏོག་ལ་ལོ་ལེགས་བྱུང་བའི་དུས་སྐབས་བསྐྱར་དུ་སླེབས།
  • ལེ་ཚན་རྗེས་མ།:རོང་བྲག་མཛེས་མའི་ལུང་པ་རུ། ལུག་མིག་དྲི་ཞིམ་ཕྱོགས་བཅུར་ཁྱབ།
  • དོ་སྣང་ཆེ་བའི་རྩོམ།