འབའ་ཐང་རྫོང་གིས་ཞིང་སྡེའི་གློག་རྡུལ་ཚོང་དོན་གྱི་སྤུས་ཀ་དང་ལས་ཆོད་མཐོ་རུ་གཏོང་རོགས་བྱས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-10-27

ད་ལོ་ནས་བཟུང་འབའ་ཐང་རྫོང་གིས་ཞིང་སྡེའི་གློག་རྡུལ་ཚོང་དོན་གྱི་སྤུས་ཀ་དང་ལས་ཆོད་མཐོ་རུ་གཏོང་བའི་དམངས་འཚོའི་ལས་གཞི་ལག་བསྟར་ཧུར་ཐག་བྱས་ནས། ཞིང་སྡེའི་གློག་རྡལ་ཚོང་དོན་སྤྱི་པའི་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱས་ནས་ཞིང་སྡེའི་གློག་རྡལ་ཚོང་དོན་གྱི་སྤུས་རྟགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན། ནུས་ཤུགས་ཡོད་རྒུས་གློག་རྡུལ་ཚོང་དོན་གྱི་ཁེ་ལས་འཕེལ་རྒྱས་རོགས་སྐྱོར་བྱས་ནས། ཡུལ་སྡེ་དར་རྒྱས་གཏོང་བའི་ཁྲོད་གློག་རྡལ་ཚོང་དོན་གྱི་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད།

“གཞི་གཅིག་ཅན”གྱི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱས། རྫོང་དང་ཡུལ་ཤོག(གྲོང་རྡལ)གྲོང་སྡེ་བཅས་རིམ་པ་གསུམ་གྱི་གློག་རྡུལ་ཚོང་དོན་ཞབས་ཞུའི་མ་ལག་ལེགས་སྒྱུར་བྱས་ཤིང་། མིག་སྔའི་བར་རྫོང་རིམ་པའི་སྤྱི་པའི་ཞབས་ཞུའི་ལྟེ་གནས1དང་།ཡུལ་ཤོག(གྲོང་རྡལ)གི་ཞབས་ཞུའི་ལྟེ་གནས19 གྲོང་སྡེ་རིམ་པའི་ཞབས་ཞུའི་ས་ཚུགས58བཅས་འཛུགས་སྐྱོང་བྱས་ནས་རྫོང་ཡོངས་ཀྱི་གློག་རྡུལ་ཚོང་དོན་སྡེབ་སྐྱེལ་ས་ཚུགས་ཁྱབ་ཚད་བརྒྱ་ཆ100ལ་ཟིན་པ་དང་། སྐྱེད་སྲིང་ཁེ་ལས7དང་བྱ་གཞག་གསར་གཏོད་མཁན་མི་སྣ30ལྷག་ཙམ་གསོ་སྐྱོང་བྱས་པ། ས་གནས་དེ་གའི་གློག་རྡུལ་ཚོང་ཁང(ཚོང་ཁང་ཆུང་གྲས)600ལྷག་ཙམ་གསོ་སྐྱོང་བྱས་ཡོད་པ་རེད།

“གློག་རྡུལ་ཚོང་ལས་ཅན”གྱི་གཉེར་སྐྱོང་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱས། “གྲོང་སྡེ་རེར་ཚོང་ཁང་རེ་དང་དུད་ཚང་རེར་ཨང་རྟགས་རེའི”གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་བྱེད་སྟངས་གསར་གཏོད་བྱས་ནས། ས་ཚུགས་མགོ་འཛིན77ལ་ཚོང་ཁང་ཆུང་ངུ་བཙུགས་ཏེ་ཡུལ་ཤོག་དང་ཞིང་སྡེའི་དབུལ་ཐར་དུད་ཚང་གི་དམའ་རིམ་ཞིང་ལས་ཐོན་རྫས་དྲྭ་ཐོག་ཏུ་བཞག་པ་དང་དབུལ་ཐར་དུད་ཚང་གི་ཆེད་སྤྱོད་རྩ་གཉིས་ཨང་རྟགས་བཟོས་ནས།དུད་ཚང་རེར་ཚོང་ཁང་རེ་དང་ཨང་རྟགས་དང་དབུལ་ཐར་དུད་ཚང་མཉམ་འབྲེལ་གྱི་ཕྱིར་ཚོང་རྣམ་པ་མངོན་གྱུར་བྱུང་ཡོད་པ་རེད། མིག་སྔའི་བར་གྲོང་སྡེ་རེར་ཚོང་ཁང་རེ་རེའི་ཚོང་ཁང60བཙུགས་ཡོད་པ་དེ་དག་ཡུལ་ཤོག་དང་གྲོང་རྡལ17གྱི་དབུལ་ཐར་དུད་ཚང401ལ་ཁྱབ་པ་དང་ཞིང་ལས་ཐོན་རྫས་རིགས13ཡོད་པ་རེད།

“ཚད་གཞི་ཅན”གྱི་དྲྭ་ཐོག་ཟོག་འདྲེན་མ་ལག་འཛུགས་སྐྱོང་བྱས། གཞི་གྲངས་ཅན་ལ་བརྟེན་ནས་ལས་ཕྱོད་ཆེ་རུ་གཏོང་བ་དང་།“དྲྭ་ཐོག་ཐད་གཏོང”དང“དྲྭ་ཐོག་ཚོང་ཁང”བརྒྱུད་ནས་ཞབས་ཞུ་བྱེད་སྟངས་བྱས་པ་དང་།“2021ལོའི་དཀར་མཛེས་ཁུལ་གྱི་དྲྭ་ཐོག་ལོ་གསར་དུས་ཆེན་གྱི་མཁོ་ཆས་ཐད་གཏོང་དང་། འཛད་སྤྱོད་དབུལ་སྐྱོར་ཟླ་འཁོར་གྱི་དཀར་མཛེས་ཁུལ་གྱི་དངོས་ཟོག་ཉོ་སྒྲུབ་དུས་སྟོན། ཀོང་ཏུང་ཀྲུང་ཧྲན་གྱི་ཁ་གཏད་རོགས་སྐྱོར་དངོས་ཟོག་ཐད་གཏོང”སོགས་ཀྱི་རྣམ་པར་བརྒྱུད་ནས་ཐད་གཏོང་དངོས་ཟོག་སྣ་ཚོགས་ཐེངས20ལྷག་ཙམ་འཁྱེར་བ་དང་། ཁྱད་ཆོས་ཞིང་ལས་ཐོན་རྫས་རིགས20ལྷག་ཙམ་ཁྱབ་གདལ་བཏང་བ་བཅས་བྱས་པས་ཐད་ཀའི་དཔལ་འབྱོར་ཕན་འབྲས་སྒོར་ཁྲི100ལྷག་ཙམ་ཐོབ་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་དཔེ་དེབ་འགྲེམས་སྟོན་བྱས།
  • ལེ་ཚན་རྗེས་མ།:ལྕགས་ཟམ་རྫོང་ཁྲིམས་ཁང་གིས་ལང་ཚོ་དང་བཅའ་ཁྲིམས་མཉམ་སྐྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།