ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་སྙིང་དོན་གསལ་བཀྲོལ་མ།

སྐལ་ཐུབ་ཀྱིས་བསྡུས་ཞུས་བྱས།        2021-10-19

ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་སྙིང་དོན་གསལ་བཀྲོལ་མ།

གཅིག།  ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དེ་དུས་ནམ་ཙམ་ལ་ས་ཆ་གང་ཞིག་ཏུ་འཚོགས་པ་རེད་ཟེར་ན། 

 ལན། 2021ལོའི་སྤྱི་ཟླ8པའི་ཚེས27ཉིན་ནས28ཉིན་བར་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དེ་པེ་ཅིང་དུ་འཚོགས་པ་རེད།

གཉིས། ཚོགས་འདུའི་ཐོག་ཏུ་ཞི་ཅིན་ཕིང་གིས་མདོར་བསྟན་གྱི་ནན་གསུང་གང་ཞིག་གནང་བ་རེད་ཟེར་ན། 

  ལན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པས་མ་ཚད་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས་མི་རིགས་ལས་དོན་ལ་ཤུགས་བརྒྱག་རྒྱུ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་རང་རེའི་ཏང་གི་བསམ་བློ་གལ་ཆེན་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ་དང་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏང་རྒྱུ་དེས་གཙོ་རྐང་དུ་བྱེད་པ་དང་། མི་རིགས་ཀྱི་གནད་དོན་ཀྲུང་གོའི་ཁྱད་ཆོས་ལ་བརྟེན་ནས་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པ་དང་། མི་རིགས་སོ་སོའི་བར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་བ། མི་རིགས་ས་ཁུལ་དེང་རབས་ཅན་ལ་བསྐྲུན་པའི་གོམ་སྟབས་མགྱོགས་སུ་གཏང་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་འགོག་སེལ་བྱེད་པ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྐུལ་སློང་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས་པའི་ནན་གསུང་གནང་བ་རེད།

གསུམ། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ་ཏང་གི་མི་རིགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཆེ་ཤོས་དེ་གང་ཡིན་པ་བསྟན་འདུག་ཟེར་ན། 

ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་མིག་ལྟ་སྐབས། ཏང་གི་མི་རིགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཆེ་ཤོས་ནི་མི་རིགས་ཀྱི་གནད་དོན་དེ་ཀྲུང་གོའི་ཁྱད་ཆོས་ལ་བརྟེན་ནས་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཅིག་བཏོད་པ་དེ་རེད་ཅེས་བསྟན་ཡོད།

བཞི། མི་རིགས་ཀྱི་ལས་དོན་ལ་ཤུགས་རྒྱག་རྒྱུ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་ཏང་གི་བསམ་བློ་གལ་ཆེན་བཅུ་གཉིས་གྲུབ་ཡོད་པ་ལས་དང་པོ་དེ་གང་རེད་ཟེར་ན། 

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། བཅོས་བསྒྱུར་སྒོ་འབྱེད་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་སོགས་ཀྱི་ལྟ་བ་ནན་བཤད་བྱས་པ་དེ་དག་ནི་གཅིག་རྒྱུན་གཅིག་འཛིན་དང་དུས་བསྟུན་འཕེལ་རྒྱས་ཀྱི་སྒོ་ནས་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་ཀྱི་སྲིད་ཇུས་ལག་ལེན་བསྟར་བ་དང་། མི་རིགས་ཀྱི་གནད་དོན་ཁོང་དུ་ཆུད་པ་དང་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཉམས་མྱོང་རྩ་ཆེན་བསགས་ཡོད་ཅིང་། མི་རིགས་ཀྱི་ལས་དོན་ལ་ཤུགས་རྒྱག་རྒྱུ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་ཏང་གི་བསམ་བློ་གལ་ཆེན་དུ་གྲུབ་ཅིང་། མདོར་བསྡུས་ནས་བཤད་ན་གཤམ་གསལ་གྱི་ཕྱོགས་འགའ་ཡོད་དེ།  དང་པོ་ནི་ངེས་པར་དུ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་སྟངས་འཛིན་བྱ་དགོས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་མགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤྱི་འདོམས་འཆར་འགོད་དང་སྐུལ་འདེད་གཏང་དགོས་ཞེས་བསྟན་ཡོད།  

ལྔ། མི་རིགས་ཀྱི་ལས་དོན་ལ་ཤུགས་རྒྱག་རྒྱུ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་ཏང་གི་བསམ་བློ་གལ་ཆེན་བཅུ་གཉིས་གྲུབ་ཡོད་པ་ལས་གཉིས་པ་དེ་གང་རེད་ཟེར་ན།

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། གཉིས་པ་ནི་ནས་ངེས་པར་དུ་མི་རིགས་ཁག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཕྱིར་ཐུན་མོང་ཐོག་འབད་འཐབ་བྱེད་པར་སྐུལ་འདེད་གཏང་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། མི་རིགས་ཁག་གིས་དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་བསྙེགས་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏང་དགོས། ཞེས་བསྟན་ཡོད། 

དྲུག། མི་རིགས་ཀྱི་ལས་དོན་ལ་ཤུགས་རྒྱག་རྒྱུ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་ཏང་གི་བསམ་བློ་གལ་ཆེན་བཅུ་གཉིས་གྲུབ་ཡོད་པ་ལས་གསུམ་པ་དེ་གང་རེད་ཟེར་ན།

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། གསུམ་པ་ནི་ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏང་རྒྱུ་དེས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བྱས་ཏེ། མི་རིགས་ཁག་གིས་མེས་རྒྱལ་རླབས་པོ་ཆེ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་ཚད་མཐོན་པོ་བརྟན་པོ་འཆང་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་རྒྱུན་མི་ཆད་པར་གཏང་དགོས། ཞེས་བསྟན་ཡོད། 

བདུན། མི་རིགས་ཀྱི་ལས་དོན་ལ་ཤུགས་རྒྱག་རྒྱུ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་ཏང་གི་བསམ་བློ་གལ་ཆེན་བཅུ་གཉིས་གྲུབ་ཡོད་པ་ལས་བཞི་པ་དེ་གང་རེད་ཟེར་ན།

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། བཞི་པ་ནི་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཡང་དག་པ་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ལ་འཛིན་པའི་མོས་སེམས་དང་སྤོབས་སེམས་ཆེ་རུ་གཏང་དགོས་ཞེས་བསྟན་ཡོད། 

བརྒྱད། མི་རིགས་ཀྱི་ལས་དོན་ལ་ཤུགས་རྒྱག་རྒྱུ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་ཏང་གི་བསམ་བློ་གལ་ཆེན་བཅུ་གཉིས་གྲུབ་ཡོད་པ་ལས་ལྔ་པ་དེ་གང་རེད་ཟེར་ན།

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། ལྔ་པ་ནི་ངེས་པར་དུ་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཁག་ཐུན་མོང་ཐོག་རང་ཁྱིམ་རང་བདག་དང་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་ནང་ཞུགས་པར་འགན་ལེན་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་དགོས་ཞེས་བསྟན་ཡོད།

དགུ། མི་རིགས་ཀྱི་ལས་དོན་ལ་ཤུགས་རྒྱག་རྒྱུ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་ཏང་གི་བསམ་བློ་གལ་ཆེན་བཅུ་གཉིས་གྲུབ་ཡོད་པ་ལས་དྲུག་པ་དེ་གང་རེད་ཟེར་ན

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། དྲུག་པ་ནི་ངེས་པར་དུ་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོའི་དར་ཆ་མཐོན་པོར་བསྒྲེངས་ནས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ཁྲོད་དུ་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་གཏང་དགོས་ཞེས་བསྟན་ཡོད།  

བཅུ། མི་རིགས་ཀྱི་ལས་དོན་ལ་ཤུགས་རྒྱག་རྒྱུ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་ཏང་གི་བསམ་བློ་གལ་ཆེན་བཅུ་གཉིས་གྲུབ་ཡོད་པ་ལས་བདུན་པ་དེ་གང་རེད་ཟེར་ན།

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། བདུན་པ་ནི་ངེས་པར་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་བའི་འགན་ལེན་ཐུབ་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ཐུབ་པའི་འགན་ལེན་ཐུབ་ཅིང་། མི་རིགས་ཁག་གི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་རྒྱབ་སྐྱོར་བཅས་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་བྱ་དགོས་ཞེས་བསྟན་ཡོད། 

བཅུ་གཅིག། མི་རིགས་ཀྱི་ལས་དོན་ལ་ཤུགས་རྒྱག་རྒྱུ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་ཏང་གི་བསམ་བློ་གལ་ཆེན་བཅུ་གཉིས་གྲུབ་ཡོད་པ་ལས་བརྒྱད་པ་དེ་གང་རེད་ཟེར་ན།

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། བརྒྱད་པ་ནི་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་མི་རིགས་ཁག་གི་མི་སེམས་གཅིག་ཏུ་སྒྲིལ་བ་དང་བསམ་པ་གཏད་རེས་ཡོང་བར་བྱས་ཏེ། མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་འབྲེལ་ཐག་བརྟན་པོ་ཞིག་ཆགས་པར་བྱ་དགོས་ཞེས་བསྟན་ཡོད། 

བཅུ་གཉིས། མི་རིགས་ཀྱི་ལས་དོན་ལ་ཤུགས་རྒྱག་རྒྱུ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་ཏང་གི་བསམ་བློ་གལ་ཆེན་བཅུ་གཉིས་གྲུབ་ཡོད་པ་ལས་དགུ་པ་དེ་གང་རེད་ཟེར་ན།

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། དགུ་པ་ནི་ངེས་པར་དུ་མི་རིགས་ཁག་བར་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕུགས་བསམ་དང་། དད་སེམས། བརྩེ་དུང་། རིག་གནས་བཅས་ཀྱི་ཐད་མི་རིགས་ཁག་མཐུན་སྒྲིལ་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་སྟེ། ཕན་ཚུན་ལྟ་སྐྱོང་དང་སྤུན་ཟླའི་བརྩེ་སེམས་ཟབ་ཏུ་གཏང་དགོས་ཞེས་བསྟན་ཡོད། 

བཅུ་གསུམ། མི་རིགས་ཀྱི་ལས་དོན་ལ་ཤུགས་རྒྱག་རྒྱུ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་ཏང་གི་བསམ་བློ་གལ་ཆེན་བཅུ་གཉིས་གྲུབ་ཡོད་པ་ལས་བཅུ་པ་དེ་གང་རེད་ཟེར་ན།

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། བཅུ་པ་ནི་ངེས་པར་དུ་མི་རིགས་ལས་དོན་བཅོས་སྐྱོང་ཁྲིམས་ལྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏང་དགོས་ཞེས་བསྟན་ཡོད། 

བཅུ་བཞི། མི་རིགས་ཀྱི་ལས་དོན་ལ་ཤུགས་རྒྱག་རྒྱུ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་ཏང་གི་བསམ་བློ་གལ་ཆེན་བཅུ་གཉིས་གྲུབ་ཡོད་པ་ལས་བཅུ་གཅིག་པ་དེ་གང་རེད་ཟེར་ན།

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། བཅུ་གཅིག་པ་ནི་ངེས་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། མི་རིགས་ཁག་ལ་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མེས་རྒྱལ་གཅིག་གྱུར་དང་། རྒྱལ་ཁབ་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་བཅས་རང་རྟོགས་ངང་སྲུང་སྐྱོང་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱ་དགོས་ཞེས་བསྟན་ཡོད།

བཅོ་ལྔ། མི་རིགས་ཀྱི་ལས་དོན་ལ་ཤུགས་རྒྱག་རྒྱུ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་ཏང་གི་བསམ་བློ་གལ་ཆེན་བཅུ་གཉིས་གྲུབ་ཡོད་པ་ལས་བཅུ་གཉིས་པ་དེ་གང་རེད་ཟེར་ན།

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། བཅུ་གཉིས་པ་ནི་ངེས་པར་དུ་ཏང་གིས་མི་རིགས་ལས་དོན་ལ་མགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཀྱི་གནད་དོན་ཐག་གཅོད་དང་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏང་དགོས་ཞེས་བསྟན་ཡོད།

བཅུ་དྲུག། མི་རིགས་ཀྱི་ལས་དོན་ལ་ཤུགས་རྒྱག་རྒྱུ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་ཏང་གི་དགོངས་པ་གལ་ཆེན་ལག་ལེན་ཅི་འདྲ་གཏང་དགོས་པ་རེད་ཟེར་ན།

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། མི་རིགས་ལས་དོན་ལ་ཤུགས་རྒྱག་རྒྱུ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་རང་རེའི་ཏང་གི་བསམ་བློ་གལ་ཆེན་ནི་ཏང་གི་མི་རིགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་བློ་གྲོས་ཀྱི་ཉིང་བཅུད་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྩ་བའི་གཞི་འཛིན་ས་ཡིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཁོང་དུ་ཆུད་པ་དང་ལག་ལེན་བསྟར་དགོས་ཞེས་བསྟན་ཡོད། 

བཅུ་བདུན། ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏང་དགོས་ཞེས་པའི་གོ་དོན་ཐད་ཅི་འདྲ་གསུངས་ཡོད་རེད་ཟེར་ན། 

 ལན། ཞི་ཅིན་ཕིང་གི་གསུང་བཤད་ནང་དུ།  དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏང་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བྱ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏང་དགོས་ཞེས་པ་ནི་མི་རིགས་ཁག་གི་མི་དམངས་ལ་བདེ་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་ཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་སྦྲེལ་བཅས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེ་བརྟན་དུ་གཏང་རྒྱུའི་ཁྲིད་སྟོན་བྱ་དགོས་པ་དེ་རེད་ཅེས་བསྟན་ཡོད། 

བཅོ་བརྒྱད། ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏང་བའི་དགོས་པ་སྐོར་གླེང་བའི་ཚེ། ལྡོག་མེད་ཀྱི་བླང་བྱ་བཞི་བཏོན་གནང་བ་ལས་དང་པོ་དེ་གང་རེད་ཅེ་ན།    

 ལན། ཞི་ཅིན་ཕིང་གི་གསུང་བཤད་ནང་དུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་ནི་མི་རིགས་ཁག་གི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བསམ་བློའི་ལྕགས་རི་རིང་པོ་སྐྲུན་པ། མི་རིགས་ཁག་གིས་ཐུན་མོང་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བཅས་བྱས་ཚེ་གཞི་ནས་ཐལ་སྐྱོད་དང་ཁ་ཕྲལ་གྱི་བསམ་བློ་སྣ་ཚོགས་ཀྱི་སིམ་འཛུལ་དང་རྩ་སློག་བཀག་འགོག་ནུས་ལྡན་ཐུབ་པ་དང་།གཞི་ནས་མི་རིགས་ཁག་གི་མི་དམངས་ཀྱིས་འཚོ་བ་བདེ་སྐྱིད་ལྡན་པར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་ཐུབ་ཅིང་། གཞི་ནས་མི་རིགས་ཁག་གི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་ཐུབ་ཅེས་བསྟན་ཡོད། 

བཅུ་དགུ།ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏང་བའི་དགོས་པ་སྐོར་གླེང་བའི་ཚེ། ལྡོག་མེད་ཀྱི་བླང་བྱ་བཞི་བཏོན་གནང་བ་ལས་གཉིས་པ་དེ་གང་རེད་ཅེ་ན།  

 ལན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏང་རྒྱུ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏང་བ་ཡིན་ན། གཞི་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བརྒྱུད་རིམ་ཁྲོད་མི་རིགས་ཁྱབ་ཁོངས་སུ་ཐོན་སྲིད་པའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་གཅོག་ཐུབ་པ་དང་། གཞི་ནས་ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་བསམ་བློའི་འགན་ལེན་གལ་ཆེན་མཁོ་འདོན་བྱེད་ཐུབ། ཅེས་བསྟན་ཡོད།

ཉི་ཤུ། ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏང་བའི་དགོས་པ་སྐོར་གླེང་བའི་ཚེ། ལྡོག་མེད་ཀྱི་བླང་བྱ་བཞི་བཏོན་གནང་བ་ལས་གསུམ་པ་དེ་གང་རེད་ཅེ་ན།  

 ལན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏང་རྒྱུ་ནི་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏང་བ་ཡིན་ན། གཞི་ནས་མི་རིགས་ཁག་གིས་ཀྲུང་ཧྭ་མི་རིགས་ལ་རང་རྟོགས་ངང་མོས་སེམས་འཆང་ཤུགས་ཆེ་རུ་འགྲོ་ཐུབ་པ་དང་། རང་རྒྱལ་གྱི་མི་རིགས་འབྲེལ་བ་འཕེལ་རྒྱས་གཏོང་བའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་ཐུབ་ལ། ཀྲུང་ཧྭ་མི་རིགས་འདི་ཉིད་མོས་སེམས་དེ་བས་འཆང་ཤུགས་ཆེ་བ་དང་གོང་བུ་འགྲིལ་ཤུགས་དེ་བས་ཆེ་བའི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཐུབ། ཅེས་བསྟན་ཡོད།

ཉེར་གཅིག། ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏང་བའི་དགོས་པ་སྐོར་གླེང་བའི་ཚེ། ལྡོག་མེད་ཀྱི་བླང་བྱ་བཞི་བཏོན་གནང་བ་ལས་བཞི་པ་དེ་གང་རེད་ཅེ་ན།  

 ལན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏང་རྒྱུ་ནི་ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། དུས་རབས་ཀྱི་འགྱུར་ལྡོག་ལ་བསྟུན་པ་དང་གཅིག་མཐུན་རང་བཞིན་ཟབ་ཏུ་གཏོང་བའི་ཁ་ཕྱོགས་ལྟར་མི་རིགས་ལས་དོན་ལེགས་སུ་བཏང་ནས། གཅིག་མཐུན་རང་བཞིན་དང་ཁྱད་པར་རང་བཞིན་བར་རྩོད་སྒྲུབ་གཅིག་གྱུར་ཡོང་བ་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་དམ་ཟབ་ཡོང་བ་བྱས་པ་ཡིན་ན། གཞི་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་དང་། ཞིབ་ཚགས། ཏན་ཏིག་བཅས་ཀྱི་སྒོ་ནས་སྒྲུབ་ཐུབ་ཅེས་གསུངས་ཡོད། 

ཉེར་གཉིས། ཞི་ཅིན་ཕིང་གིས་ཏང་གི་མི་རིགས་ལས་དོན་གསར་གཏོད་འཕེལ་རྒྱས་གཏང་དགོས་ཞེས་པ་ལ་འགྲེལ་བཤད་ཇི་ལྟར་གནང་ཡོད་པ་རེད་ཟེར་ན།

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། ཏང་གི་མི་རིགས་ལས་དོན་གསར་གཏོད་འཕེལ་རྒྱས་གཏང་དགོས་ཞེས་པ་ནི་ཡང་དག་པའི་རིགས་མཐའ་འཁྱོངས་དང་དུས་བབ་དང་མི་འཚམ་པའི་རིགས་ལེགས་སྒྱུར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱེད་དགོས་པ་དེ་རེད། ཅེས་བསྟན་ཡོད།

ཉེར་གསུམ། ཞི་ཅིན་ཕིང་གིས་ཏང་གི་མི་རིགས་ལས་དོན་གསར་གཏོད་འཕེལ་རྒྱས་གཏང་བར་འབྲེལ་བ་བཞི་ལ་སྟངས་འཛིན་ཡང་དག་པ་བྱ་དགོས་ཞེས་གསུངས་པ་ལས་དང་པོ་དེ་གང་རེད་ཅེ་ན། 

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། གཅིག་མཐུན་རང་བཞིན་དང་ཁྱད་པར་རང་བཞིན་གྱི་འབྲེལ་བར་སྟངས་འཛིན་ཡང་དག་པ་བྱས་ནས་གཅིག་མཐུན་རང་བཞིན་ཆེ་རུ་གཏང་རྒྱུ་དང་། ཁྱད་པར་རང་བཞིན་ལ་བརྩི་འཇོག་དང་བསྟུན་མཁས་བྱ་རྒྱུ་ནི་མི་རིགས་ལས་དོན་གྱི་རྩ་དོན་གལ་ཆེན་ཞིག་རེད་ཅེས་བསྟན་ཡོད། 

ཉེར་བཞི། ཞི་ཅིན་ཕིང་གིས་ཏང་གི་མི་རིགས་ལས་དོན་གསར་གཏོད་འཕེལ་རྒྱས་གཏང་བར་འབྲེལ་བ་བཞི་ལ་སྟངས་འཛིན་ཡང་དག་པ་བྱ་དགོས་ཞེས་གསུངས་པ་ལས་གཉིས་པ་དེ་གང་རེད་ཅེ་ན། 

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་མི་རིགས་ཁག་གི་འདུ་ཤེས་བར་གྱི་འབྲེལ་བར་སྟངས་འཛིན་ཡང་དག་པ་བྱས་ཏེ། མི་རིགས་ཁག་ལ་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ་དང་།མི་རིགས་རང་གི་འདུ་ཤེས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་བརྩི་བཀུར་དང་ཞབས་འདེགས་ཞུ་བ། དུས་མཉམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་མངོན་འགྱུར་ཡག་པོ་བྱེད་པའི་འཕེལ་རིམ་ཁྲོད་མི་རིགས་ཁག་གི་ཁེ་ཕན་ཞིབ་ཕྲ་ཡང་མངོན་འགྱུར་ཡག་པོ་བྱེད་པ་དང་། རྒྱ་རིགས་ཆེན་པོའི་རིང་ལུགས་དང་ས་གནས་ཀྱི་མི་རིགས་རིང་ལུགས་གཉིས་ཀ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་ཕན་པ་མེད་པ་བཅས་ཀྱི་ཁྲིད་སྟོན་བྱ་དགོས་ཞེས་གསུངས་ཡོད། 

ཉེར་ལྔ། ཞི་ཅིན་ཕིང་གིས་ཏང་གི་མི་རིགས་ལས་དོན་གསར་གཏོད་འཕེལ་རྒྱས་གཏང་བར་འབྲེལ་བ་བཞི་ལ་སྟངས་འཛིན་ཡང་དག་པ་བྱ་དགོས་ཞེས་གསུངས་པ་ལས་གསུམ་པ་དེ་གང་རེད་ཅེ་ན། 

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། ཀྲུང་ཧྭའི་རིག་གནས་དང་མི་རིགས་ཁག་གི་རིག་གནས་བར་གྱི་འབྲེལ་བར་སྟངས་འཛིན་ཡང་དག་པ་བྱས་ཏེ། མི་རིགས་ཁག་གི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་ཚང་མ་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་ནི་སྡོང་པོ་ལྟ་བུ་དང་མི་རིགས་ཁག་གི་རིག་གནས་ནི་ཡལ་འདབ་ལྟ་བུ་ཡིན་པས། རྩ་བ་ཟབ་ཅིང་སྡོང་པོ་རྒྱས་ཚེ་གཞི་ནས་ཡལ་འདབ་རྒྱས་ཐུབ་ཅེས་གསུངས་ཡོད། 

ཉེར་དྲུག། ཞི་ཅིན་ཕིང་གིས་ཏང་གི་མི་རིགས་ལས་དོན་གསར་གཏོད་འཕེལ་རྒྱས་གཏང་བར་འབྲེལ་བ་བཞི་ལ་སྟངས་འཛིན་ཡང་དག་པ་བྱ་དགོས་པ་གསུངས་པ་ལས་བཞི་པ་དེ་གང་རེད་ཅེ་ན། 

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། དངོས་པོ་དང་བསམ་པའི་འབྲེལ་བར་སྟངས་འཛིན་ཡང་དག་པ་བྱས་ཏེ་བཅོས་བསྒྱུར་དང་འཕེལ་རྒྱས་ཡོད་ཚད་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མངོན་པའི་དོན་སྙིང་དང་། གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་བའི་དོན་སྙིང་བཅས་ལྡན་པར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་སྲ་བརྟན་འགྱུར་མེད་ཡོང་བར་བྱ་དགོས་ཞེས་བསྟན་ཡོད། 

ཉེར་བདུན། ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྩ་འཛིན་ཞིག་ཡིན་པས། ལས་དོན་ཚང་མ་དེར་དམིགས་དགོས་པའི་སྐོར་ཅི་འདྲ་གསུངས་ཡོད་རེད་ཟེར་ན། 

ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྩ་འཛིན་ཞིག་ཡིན་པས། ལས་དོན་ཚང་མ་དེར་དམིགས་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས་པ་སྟེ། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་དང་སློབ་གསོའི་ཁྲོད། རང་རེའི་ཏང་གི་ལོ་ངོ་བརྒྱའི་མི་རིགས་ལས་དོན་གྱི་ལམ་ལྷོང་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་བྱེད་པ་དང་། མི་རིགས་ལས་དོན་ལ་ཤུགས་རྒྱག་པ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་རང་རེའི་ཏང་གི་བསམ་བློ་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་བ། དེང་རབས་ཤེས་དཔལ་སློབ་གསོར་ཤུགས་རྒྱག་པ། ཤེས་དཔལ་གསར་འཛུགས་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་། དུས་རབས་ཀྱི་མི་གསར་སྐྱོང་བ་སོགས་ཀྱི་ལས་ཇུས་ལག་ལེན་གཏིང་ཟབ་བསྟར་ཏེ། མི་རིགས་ཁག་གི་མང་ཚོགས་ལ་བསམ་བློའི་འདུ་ཤེས་དང་། བསམ་པའི་དགའ་ཕྱོགས། འཚོ་བ་སྐྱེལ་སྟངས་བཅས་དེང་རབས་ཅན་གྱི་རྗེས་སུ་སྙེག་ཐུབ་པའི་ཁྲིད་སྟོན་བྱ་དགོས། རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་གདལ་དང་། མི་རིགས་ཁག་གི་སྐད་ཡིག་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་ལ་བརྩི་འཇོག་དང་འགན་སྲུང་བཅས་བྱ་དགོས་ཞེས་བསྟན་ཡོད། 

ཉེར་བརྒྱད། ཞི་ཅིན་ཕིང་གིས་མི་རིགས་ཁག་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏང་དགོས་པའི་སྐོར་ཅི་འདྲ་གསུངས་ཡོད་རེད་ཟེར་ན། 

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། མི་རིགས་ཁག་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏང་དགོས་པའི་སྐོར་ཕྱོགས་བཞི་ནས་གསུངས་ཡོད་དེ། དང་པོ་ནི་ཁྱད་པར་ཡོད་པའི་སྒོ་ནས་ས་ཁོངས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་མི་རིགས་ས་ཁུལ་གྱིས་བཅོས་བསྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏང་རྒྱུར་རྒྱབ་སྐྱོར་བྱས་ཏེ། རང་ངོས་ཀྱི་འཕེལ་རྒྱས་ནུས་པ་ཆེ་རུ་གཏང་དགོས། མི་རིགས་ས་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་། འཕེལ་རྒྱས་ཀྱི་ཆ་རྐྱེན།བསྡུར་གཞི་ཡོད་པའི་ལེགས་ཆ་སོགས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་གནས་བབ་གསར་པའི་ནང་མཉམ་འདྲེས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་འཇུག་གཞི་དང་ཤུགས་རྒྱག་ས་ཡང་དག་འཚོལ་དགོས། གཉིས་པ་ནི་མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྤྱིའི་བཀོད་པ་ལེགས་སུ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏང་དགོས། གསུམ་པ་ནི་མི་རིགས་ས་ཁུལ་དུ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཡུལ་སྡེ་དར་རྒྱས་བར་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་རྒྱབ་སྐྱོར་བྱས་ནས་ཞིང་འབྲོག་ལས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ་དང་། ཞིང་སྡེ་སྡོད་མལ་ལ་འཚམ་པ་དང་བྱ་གཞག་གཉེར་རྒྱུར་འཚམ་པ། ཞིང་འབྲོག་པ་འབྱོར་ཕྱུག་ལྡན་པ་བཅས་ཡོང་རྒྱུར་སྐུལ་འདེད་གཏང་དགོས། བཞི་པ་ནི་མཐའ་མཚམས་ས་ཁུལ་གསར་སྤེལ་དང་སྒོ་འབྱེད་ཀྱི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏང་དགོས་ཞེས་བསྟན་ཡོད་པ་རེད། 

ཉེར་དགུ། ཞི་ཅིན་ཕིང་གིས་མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏང་དགོས་པའི་སྐོར་ཅི་འདྲ་གསུངས་ཡོད་རེད་ཟེར་ན། 

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏང་དགོས། མི་རིགས་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་དོན་དངོས་ལ་བསམ་གཞིག་གང་ལེགས་བྱས་ཏེ། གྲོང་ཡུལ་འཛུགས་སྐྲུན་གྱི་བཀོད་ཇུས་འཆར་འགོད་དང་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་ལ་སྤྱི་འདོམས་བྱེད་པ་དང་། སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ཁོར་ཡུག་དང་རྣམ་པ་བསྐྲུན་པ་བཅས་བྱས་ནས། བར་ཁོངས་དང་རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཕྱོགས་གང་ཅིར་མི་རིགས་ཁག་རིམ་བཞིན་ཞུགས་ཐུབ་པར་བྱ་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་གཏིང་ཟབ་བྱས་ནས་ནང་དོན་གཏིང་ཟབ་ཏུ་གཏོང་བ་དང་། རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བྱེད་ཐབས་གསར་དུ་གཏོད་པ་བཅས་ལ་ཤུགས་བརྒྱག་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་དྲིལ་བསྒྲགས་སློབ་གསོའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་བཙུགས་ཏེ། དེ་ལས་བྱེད་པར་སློབ་གསོ་དང་ཏང་མི་ལ་སློབ་གསོ། རྒྱལ་དམངས་ལ་སློབ་གསོ་བཅས་ཀྱི་མ་ལག་ནང་བཅུག་ནས་སྤྱི་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོ་ཡག་པོ་བརྒྱག་དགོས། ཞེས་གསུངས་ཡོད།

སུམ་ཅུ། ཞི་ཅིན་ཕིང་གིས་མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏང་དགོས་པའི་སྐོར་ཅི་འདྲ་གསུངས་ཡོད་རེད་ཟེར་ན། 

  ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏང་དགོས། ས་ཁུལ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་དོན་དངོས་ལ་གཞིགས་ནས་དྲང་གཞག་དྲང་བདེན་རྩ་དོན་དུ་བྱས་ཏེ་ས་ཁོངས་ཅན་དང་གནད་སྨིན་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། དམིགས་བསལ་ས་ཁུལ། དམིགས་བསལ་གནད་དོན། དམིགས་བསལ་དོན་དག་བཅས་དེ་བས་མང་པོར་དམིགས་ནས་ཁྱད་པར་ཡོད་པའི་སྒོ་ནས་ས་ཁོངས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཟོ་བ་དང་ལག་བསྟར་བྱ་དགོས། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱེད་པ་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་གྱོད་གཞི་དང་དོན་རྐྱེན་ཁྲིམས་ལྟར་ཐག་གཅོད་བྱེད་མཁས་པོ་བྱེད་པ། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡོང་བར་བྱ་དགོས། ཞེས་བསྟན་ཡོད། 

སོ་གཅིག། ཞི་ཅིན་ཕིང་གིས་མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚབས་ཆེན་འགོག་ཟོན་མཐའ་གཅིག་ཏུ་བྱ་དགོས་པའི་སྐོར་ཅི་འདྲ་གསུངས་ཡོད་རེད་ཟེར་ན། 

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚབས་ཆེན་འགོག་ཟོན་མཐའ་གཅིག་ཏུ་བྱ་དགོས། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་བརྟན་པོར་བསྲུངས་ཏེ། མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་འདུ་ཤེས་འཛིན་སྟངས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས། མི་རིགས་ཁ་ཕྲལ་གཏོང་བ་དང་ཆོས་ལུགས་ཐལ་སྐྱོད་ཀྱི་བསམ་བློའི་དུག་རྒྱུན་མུ་མཐུད་དེ་གཙང་སེལ་བྱ་དགོས། རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་གནད་རྒྱལ་ཁབ་དང་ས་ཁུལ་དང་། རྒྱལ་སྤྱིའི་རྩ་འཛུགས། ཕྱི་རྒྱལ་དུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་སྤྱི་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས། ཞེས་བསྟན་ཡོད། 

སོ་གཉིས། ཞི་ཅིན་ཕིང་གིས་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཡིན་པའི་སྐོར་ཅི་འདྲ་གསུངས་ཡོད་རེད་ཟེར་ན། 

 ལན། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དུ། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཞིག་རེད། རིམ་ཁག་ཏང་ཨུས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ། “རྒྱལ་ཇུས་དང་རྒྱལ་དོན་ཆེན་མོ”བློ་ལ་བརྟན་པོར་ངེས་པ། བྱེད་པོའི་འགན་འཁྲི་ནན་ཏན་འཁུར་བ། མི་རིགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཏང་གི་མགོ་ཁྲིད་ཀྱིས་ཁྱབ་པ་བཅས་བྱས་ཏེ། ཏང་ཨུས་གཅིག་གྱུར་མགོ་ཁྲིད་དང་། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ། འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་སྣེ་ཁྲིད་མཐུན་སྦྱོར། མི་རིགས་ལས་དོན་སྡེ་ཚན་གྱིས་རང་འགན་གཙང་སྒྲུབ། སྡེ་ཚན་ཁག་གིས་ཕྱར་བ་གྲུ་འདེགས། སྤྱི་ཚོགས་ཡོངས་ཞུགས་པ་བཅས་ཀྱི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་ཆགས་པར་བྱ་དགོས། གཞི་རིམ་གྱི་མི་རིགས་ལས་དོན་གྱི་སྒྲིག་གཞི་འཛུགས་སྐྲུན་དང་མི་རིགས་ལས་དོན་གྱི་སྟོབས་ཤུགས་ཇ་ཆེར་བཏང་ནས་གཞི་རིམ་གྱི་མི་རིགས་ལས་དོན་ནུས་ལྡན་ངང་སྒྲུབ་ཐུབ་པར་འགན་ལེན་བྱ་དགོས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་མཐའ་འཁྱོངས་བྱས་ཏེ། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཧ་ཅང་བརྟན་པོ་དང་། ཡིན་མིན་ཆེན་པོ་གསལ་འབྱེད་བྱེད་པའི་ལངས་ཕྱོགས་ཧ་ཅང་གསལ་པོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་བྱ་སྤྱོད་ཧ་ཅང་བརྟན་པོ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ཧ་ཅང་ཟོལ་མེད་བཅས་ཡིན་པའི་མི་རིགས་ས་ཁུལ་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱས་ནས། རིམ་པ་ཁག་གི་མགོ་ཁྲིད་དབང་ཆ་དེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་ལག་ཏུ་འཛིན་ཐུབ་པའི་འགན་ལེན་བྱ་དགོས། ཆ་རྐྱེན་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་ལས་ཀ་བྱེད་མཁན་འཐབ་ཕྱོགས་དང་པོའི་ལས་བྱེད་པར་སྔར་བས་མཐོང་ཆེན་དང་། དོ་ཁུར། གཅེས་སྐྱོང་བཅས་བྱས་ཏེ། ཕུལ་བྱུང་གི་ཤེས་ལྡན་མི་སྣ་དེ་བས་མང་པོའི་ཡིད་དབང་འགུག་དགོས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་བེད་སྤྱོད་ཡག་པོ་བྱ་རྒྱུར་མཐོང་ཆེན་བྱས་ཏེ། ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་འགན་འཁུར་ཕོད་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཕུལ་བྱུང་ལ་ཡིད་ཆེས་གང་ལེགས་དང་ལས་འགན་གལ་ཆེན་འཁུར་དུ་འཇུག་དགོས། མི་རིགས་ས་ཁུལ་གྱི་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཤུགས་བརྒྱབ་སྟེ། གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་ཀྱི་སྲིད་ཇུས་གཞི་རིམ་དུ་ཤེས་མཁན་ཡོད་པ་དང་མི་རིགས་ཀྱི་ལས་དོན་གཞི་རིམ་དུ་དམ་འཛིན་བྱེད་མཁན་ཡོད་པའི་འགན་ལེན་བྱ་དགོས། ཞེས་བསྟན་ཡོད།། 


  • ལེ་ཚན་སྔོན་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས《ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ》ཅེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་བཀྲམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།