ཞིང་ལས་དང་ཞིང་སྡེ་པུའུ་སོགས་སྡེ་ཚན་དྲུག་གིས《ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རྒྱལ་ཡོངས་ཀྱི་ཞིང་ལས་འབྱུང་འཕྲོད་འཕེལ་རྒྱས་འཆར་འགོད》 མཉམ་འབྲེལ་ཐོག་པར་འགྲེམས་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2021-09-14

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ9པའི་ཚེས8ཉིན་གློག་འཕྲིན་འབྱོར་གསལ།ཉེ་ཆར། ཞིང་ལས་ཞིང་སྡེ་པུའུ་དང་རྒྱལ་ཁབ་འཕེལ་བཅོས་བསྒྱུར་ཨུ་ལྷན།ཚན་རྩལ་པུའུ།རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་བཅས་ཀྱིས《“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རྒྱལ་ཡོངས་ཀྱི་ཞིང་ལས་འབྱུང་འཕྲོད་འཕེལ་རྒྱས་གྱི་འཆར་འགོད》མཉམ་འབྲེལ་ཐོག་པར་འགྲེམས་བྱས་པ་རེད། དེ་ནི་རང་རྒྱལ་གྱི་ཞིང་ལས་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ཆེད་དོན་འཆར་འགོད་ཐོག་མ་དེ་ཡིན་པས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཞིང་ལས་འབྱུང་འཕྲོད་འཕེལ་རྒྱས་ལས་དོན་ལ་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་དང་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།

ཚེས8ཉིན་གསར་འགོད་པས་ཞིང་ལས་ཞིང་སྡེ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཞིང་ལས་ཞིང་སྡེ་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འབྱུང་འཕྲོད་འཕེལ་རྒྱས་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བར་ཁྲིད་སྟོན་བྱེད་ཡས་གལ་ཆེན་དུ་བརྩིས་ནས་ལས་ཀའི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་དང་ཞིང་ལས་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་བཏང་བས་ཞིང་ལས་འབྱུང་འཕྲོད་འཕེལ་རྒྱས་ཀྱི་འཕེལ་རིམ་མངོན་གསལ་དོད་པོ་ཡོད་པ་རེད། འོན་ཀྱང་སྤྱིའི་ཆ་ནས་བལྟས་ན། ཞིང་ལས་འབྱུང་འཕྲོད་འཕེལ་རྒྱས་དེ་སྔར་བཞིན་མགོ་ཚུགས་པའི་དུས་རིམ་དུ་གནས་པས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཞིང་ལས་འཕེལ་རྒྱས་ཁྱོན་ཡོངས་ནས་འབྱུང་འཕྲོད་ཅན་སྒྱུར་བར་སྐུལ་འདེད་གཏང་དགོས།

འཆར་འགོད་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏང་རྒྱུ་ཡིས་བརྗོད་དོན་གཙོ་བོར་བྱེད་པ་དང་། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བཅོས་སྒྱུར་གཏིང་ཟབ་ཏུ་གཏང་རྒྱུ་ཡིས་གཙོ་རྐང་བྱེད་པ། འབྱུང་འཕྲོད་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་ཞིང་ལས་ཐོན་ལས་མ་ལག་འཛུགས་རྒྱུ་གཙོ་གནད་དུ་བྱེད་པ་བཅས་བྱས་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ཞིང་ལས་འབྱུང་འཕྲོད་འཕེལ་རྒྱས་ལ་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་རེད། 2025ལོར་སླེབས་སྐབས་ཞིང་ལས་ཐོན་ཁུངས་བེད་སྤྱོད་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་དང་། ཐོན་ཡུལ་གྱི་ཁོར་ཡུག་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ།ཞིང་ལས་སྐྱེ་ཁམས་མ་ལག་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ། འབྱུང་འཕྲོད་ཐོན་རྫས་མཁོ་སྤྲོད་བྱེད་ཚད་མངོན་གསལ་དོད་པོས་མང་དུ་འགྲོ་བ། བཙོག་འབུད་ཉུང་གཏོང་དང་ཐཱན་བརྟན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བཅས་བྱ་དགོས།

འཆར་འགོད་ནང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་འགག་རྩའི་ཁྱབ་ཁོངས་དང་ཉམས་ཞན་གྱི་གནད་འགག་ཐུག་སར་དམིགས་ཏེ་ཞིང་ལས་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་ཀྱི་ངེས་མེད་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་ལ་ཤུགས་སྣོན་རྒྱག་པ། འབྱུང་འཕྲོད་ཐཱན་ཉུང་ཞིང་ལས་ཐོན་ལས་ཀྱི་སྦྲེལ་ཐག་གཏོད་པ་སོགས་གཙོ་གནད་ལས་འགན་བཏོན་ཡོད། དུས་མཚུངས་སུ་ཚན་རྩལ་གྱི་འགུལ་ནུས་དང་ལམ་ལུགས་ཀྱི་འགུལ་ནུས་ཆེ་རུ་གཏང་དགོས་ཚུལ་བཏོན་ཡོད། ཕྱོགས་གཅིག་ནས་འབྱུང་འཕྲོད་ལག་རྩལ་གསར་གཏོད་མ་ལག་འཐུས་ཚང་དུ་བཏང་ནས་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ཚན་རྩལ་སྒུལ་ནུས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཞན་ཞིག་ནས་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཞིང་ལས་འབྱུང་འཕྲོད་འཕེལ་རྒྱས་ལམ་ལུགས་ཀྱི་འགུལ་ནུས་ཆེ་རུ་གཏང་དགོས། །



  • ལེ་ཚན་སྔོན་མ།:སློབ་གསོ་པུའུ་ཡིས་སློབ་གསོའི་སྐོར་གྱི་སྲིད་ཇུས་འདི་འདྲ་བསྒྲགས།
  • ལེ་ཚན་རྗེས་མ།:དགེ་རྒན་གྱི་གླ་ཕོགས་གཞུང་ཞབས་པའི་གླ་ཕོགས་དང་འདྲ་བར་གྱུར།
  • དོ་སྣང་ཆེ་བའི་རྩོམ།