དབྱངས་ཀྱི་ཆོ་འཕྲུལ།

དབུ་འཇིགས་མེད།        2021-09-14

ཟླ་དཀར་ཞིག་མཁའ་ནས་འཛུམ་པ།།

སེམས་པ་ཞིག་དེ་ལ་ཕྱོགས་ནས།།

མགུར་མ་ཞིག་སེམས་ལ་སྦྱར་ནས།།

བརྩེ་བ་ཞིག་རྒྱ་མཚོ་འཁྱིལ་བཞིན།།

ཉི་ཟེར་ཞིག་དལ་གྱིས་འཕྲོས་པ།།

ལྷ་མོ་ཞིག་སེམས་སུ་འཕྲོས་པའི།།

དྲན་ཚིག་ཅིག་ཉི་ཟེར་བརྒྱུད་ནས།།

ལྷ་མཛེས་དེའི་སྙིང་ལ་འཐིམ་ཡོད།།

ཁ་བ་ཞིག་འབབ་ཕྱོགས་ཤིག་གིས།།

གངས་དཀར་ཞིག་ལྷ་རུ་སྒོམ་ཡོད།།

བརྩེ་བ་ཞིག་སེམས་ལ་སྦྱར་ནས།།

ལྷ་མོ་ཞིག་སྙིང་དབུས་འཐིམ་ཡོད།།

མེ་ཏོག་ཅིག་འཛུམ་གྱིས་འཚོལ་བ།།

དཀར་མོ་དེ་ཡིན་པར་མཚོན་ཡོད།།

དུངས་བ་ཞིག་སྤྲིན་པ་སྤྲུལ་བཞིན།།

སྨིན་དྲུག་དེའི་སེམས་སུ་སྦྱར་ཡོད།།

ལྷ་དཀར་ཞིག་དད་ཕྱག་འཚལ་ནས།།

སེམས་པ་ཞིག་སེམས་ལ་སྦྱར་ནས།།

ལས་དབང་ཞིག་ལྷ་ལ་འཆོལ་བཞིན།།

གཡུ་ཆུང་ཞིག་སེམས་སུ་ཆགས་ཡོད།།

དྲན་པ་ཞིག་རླུང་བུ་འགུལ་འགུལ།།

ཟླ་བ་དེའི་ཕྱོགས་སུ་འགུལ་ཡོད།།

ཚིག་མགུར་ཞིག་ངག་ལ་སྦྱར་ནས།།

དྲན་པ་ཞིག་སླར་ཡང་དྲན་འོང་།།



  • ལེ་ཚན་སྔོན་མ།:གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།