ནུབ་ལ་འཕུར་བའི་བྱ་ཁྱུ།

ནམ་ཤེས།        2021-09-14

ནུབ་ལ་འཕུར་བའི་བྱ་ཁྱུ།།

ཞེ་འཁྲེང་སྤྲིན་པ་མ་ཁུར།།

ཞེན་ཆགས་རླུང་བུར་མ་ཞོན།།

ཕྱིར་མིག་ལན་གསུམ་གྱིས་དང་།།

ཉི་མའི་འོད་ཟེར་འཕོས་པའི།།

མཛེས་པའི་བཞིན་རས་སྣོམ་པའི།།

ལྷིང་འཇགས་ཏིང་འཛིན་ཆུད་པའི།

ཕ་ཡུལ་གཡུ་ཡི་ར་བར།།

མེ་ཏོག་ཚོགས་ཀྱིས་སྤྲས་ཡོད།

ཉི་ཟླའི་མདངས་ཀྱིས་འཚོས་ཡོད།།

འཇའ་ཚོན་དར་དགུ་འཐེན་ཡོད།།

བཀྲ་ཤིས་རྟགས་བརྒྱད་བསྒྲིགས་ཡོད།།



  • ལེ་ཚན་སྔོན་མ།:དབྱངས་འབུམ་ཕྲག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།