གཞས་ཚིག་ཐོག་ནས་འབའ་ཐང་རྫོང་མཁར་གྱི་མཛེས་ལྗོངས་བརྒྱད་ལ་བསྟོད་པ།

    《འབའ་བའི་གཞས་ཚིག་གཅེས་བསྡུས།》ལས་དྲངས།    2020-08-31

གཞས་ཚིག་ཐོག་ནས་འབའ་ཐང་རྫོང་མཁར་གྱི་མཛེས་ལྗོངས་བརྒྱད་ལ་བསྟོད་པ།
གངས་དཀར་ཤེལ་གྱི་རི་ལ།།

དགེ་བསྙེན་བླ་མ་རྡོ་རྗེ།།

ནད་མེད་འཁྲུག་རྩོད་མེད་པར།།

ཡུལ་ཁམས་མགོན་སྐྱབས་གནང་རོགས།།

གཞས་ཚིག་ཐོག་ནས་འབའ་ཐང་རྫོང་མཁར་གྱི་མཛེས་ལྗོངས་བརྒྱད་ལ་བསྟོད་པ།
ཁམ་ཕུང་ལྡུམ་རའི་གྲོང་ལ།།

མེ་ཏོག་ཁྲ་ཆིལ་བཀྲ་བྱུང་།།

རང་ཚོ་བུ་ཚ་བུ་མོ།།

དེ་ལ་སྤྲོ་སྐྱིད་གཏོང་འགྲོ།།

གཞས་ཚིག་ཐོག་ནས་འབའ་ཐང་རྫོང་མཁར་གྱི་མཛེས་ལྗོངས་བརྒྱད་ལ་བསྟོད་པ།
འབའ་བ་སྐྱིད་པོའི་ཐོག་ལ།།

བྲག་ཅིག་འོ་སེ་ཕུང་པོ།།

ཡུལ་ཁམས་འདི་ཡི་ཕྱོགས་ཀྱི།།

ནོར་བུ་མིན་ན་གང་ཡིན།།

གཞས་ཚིག་ཐོག་ནས་འབའ་ཐང་རྫོང་མཁར་གྱི་མཛེས་ལྗོངས་བརྒྱད་ལ་བསྟོད་པ།
འབའ་ཆུའི་རྒྱུད་ལ་ཡོད་པའི།།

ལྕང་བསིལ་ར་བའི་ཚུར་ཁ།།

རང་བྱུང་ཚ་ཆུའི་ཆུ་མིག།

དབྱར་དགུན་མེད་པར་འཁྲུ་ཆོག།

གཞས་ཚིག་ཐོག་ནས་འབའ་ཐང་རྫོང་མཁར་གྱི་མཛེས་ལྗོངས་བརྒྱད་ལ་བསྟོད་པ།
སྐྱ་ཟམ་ཟམ་པའི་ཐོག་ལ།།

ཉ་པ་འཚང་ཁ་ཤིག་ཤིག།

ཉ་འཛིན་ལྕགས་ཀྱུ་ཞགས་པས།།

ཆུ་ནང་དྲ་རྒྱ་སླས་འདུག

གཞས་ཚིག་ཐོག་ནས་འབའ་ཐང་རྫོང་མཁར་གྱི་མཛེས་ལྗོངས་བརྒྱད་ལ་བསྟོད་པ།
ལྕང་དཀར་ལྕང་ནག་གཉིས་པོ།།

ཆུང་ནས་མཉམ་སྐྱེ་མཉམ་གཤིབ།།

ལོ་ན་དར་ལ་བབ་དུས།།

ལྕང་མས་ལྕང་ནག་འཁྱུད་སོང་།། 

གཞས་ཚིག་ཐོག་ནས་འབའ་ཐང་རྫོང་མཁར་གྱི་མཛེས་ལྗོངས་བརྒྱད་ལ་བསྟོད་པ།
འབའ་ཞིང་ཐང་གི་དཀྱིལ་ལ།།

བྲག་ཅིག་རྡོ་གསེར་ཕོ་བོང་།།

དབྱར་དགུན་ཉི་དྲོད་འཁོར་ས།།

ཉི་ཟེར་གསེར་འོད་འཁྱུག་བྱུང་།།

 གཞས་ཚིག་ཐོག་ནས་འབའ་ཐང་རྫོང་མཁར་གྱི་མཛེས་ལྗོངས་བརྒྱད་ལ་བསྟོད་པ།
ན་ཆུང་ལྕང་གླིང་ར་བ།།

རྟ་རྒྱུགས་མདའ་རྩལ་འགྲན་ས།།

རྩལ་རྒྱུགས་ཕུལ་བྱུང་ཅན་ལ།།

བྱ་དགའ་བདག་ཅན་ཡོད་སོང་།།

  • ལེ་ཚན་སྔོན་མ།:གས་ཆག་ཤོག་བའི་མེ་ལོང་།
  • ལེ་ཚན་རྗེས་མ།:ལྷ་སར་འཕུར་བའི་གསེར་བྱ་ངང་པ།