གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས་གཏང་པར་བྱ།།

བློ་བཟང་རྒྱ་མཚོ།        2021-06-03

གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས་གཏང་པར་བྱ།།

     ཉེ་ཆར། ཏང་གི་ལོ་རྒྱུས་དང་ཏང་གི་སྲོལ་བཟང་རྒྱུད་འཛིན་བྱས་ཆེད། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་མགོ་འཛིན་ལིའུ་ཁང་ཧྥེ་དང་ལས་སྒྲུབ་པ་སྐོར་ཞིག་རོང་བྲག་རྫོང་གནས་མགོ་གཡུང་དྲུང་རྫོགས་ཆེན་གླིང་དུ་བརྟག་དཔྱད་སློབ་སྦྱོང་དུ་སོང་ནས། སྔོན་རྗེས་སུ་གནས་མགོ་དགོན་དམར་དམག་རིག་དངོས་བཤམས་སྟོན་ཁང་དང་མའོ་ཙེ་ཏུང་དྲན་རྟེན་ཁང་ལ་ལྟ་སྐོར་དུ་ཕྱིན། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་འགྲེལ་བཤད་བརྒྱུད་ནས་དགོན་འདིའི་དམར་དམག་དང་འབྲེལ་ཡོད་རིག་དངོས་གྱི་ལོ་རྒྱུས་ཆ་ཚང་ལ་རྒྱུས་ལོན་བྱུང་། དེ་དང་ཆབས་ཅིག་ཏུ་གསར་བརྗེ་སྔོན་གཤེགས་དཔའ་བོ་རྣམས་དམག་འཁྲུག་ལ་ཞུགས་པའི་ལོ་རྒྱུས་བརྒྱུད་རིམ་དང་སྔོན་གཤེགས་དཔའ་བོ་རྣམས་ལ་རྗེས་དྲན་ཡང་ཡང་བྱས་ཏེ་གསར་བརྗེ་སློབ་གསོ་ཐོབ་བྱུང་།

གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས་གཏང་པར་བྱ།།

གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས་གཏང་པར་བྱ།།

     གནས་མགོ་དགོན་གཡུང་དྲུང་རྫོགས་ཆེན་གླིང་ནི་རོང་བྲག་རྫོང་སྟོང་དགུ་ཡུལ་ཤོག་སྟོང་དམག་གྲོང་དུ་གནས། མཚོ་འཕགས་སྨི3000ཡོད་ལ། ལོ་ངོ2800ལྷག་གི་ལོ་རྒྱུས་ལྡན་པར་གྲགས། དེང་སང་སི་ཁྲོན་ཞིང་ཆེན་རྒྱལ་གཅེས་ཆོས་གཅེས་དང་ཞིང་ཆེན་རིག་དངོས་སྲུང་སྐྱོབ་ཀྱི་སྡེ་ཚན་གཙོ་བོ་ཡིན། ཁྱོན་སྤྲུལ་སྐུ་སྐུ་ཕྲེང་སོ་དགུའི་རིང་ལ་རྒྱུད་འཛིན་བྱས་པའི་བོན་གྱི་དགོན་པ་གྲགས་ཅན་ཞིག་ཡིན། དམར་དམག་རྒྱང་བསྐྱོད་སྐབས་སུ། དམར་དམག་འབུམ་སྡེ་ལྔ་པའི་མདའ་ཤོག་སོ་བདུན་གནས་འདིར་བསྡད་མྱོང་པ་དང་དགོན་པའི་སྤྲུལ་སྐུའི་སྐུ་ཕྲེང་སོ་བརྒྱད་པ་གཡུང་དྲུང་རྒྱལ་མཚན་གྱི་རྒྱབ་སྐྱོར་དང་རོགས་རམ་ཐོབ་སྟེ། དམར་དམག་དང་དགོན་འདིའི་བར་ལ་དམིགས་བསལ་གྱི་མཛའ་མཐུན་འབྲེལ་བ་ཆགས། མདའ་དཔོན་ཝུའུ་ཁུ་ཧྭས་དགོན་འདིའི་རྒྱ་ཡིག་གི་མིང林谷贡དེ顶果ལ་སྒྱུར་ཞིང་རྒྱལ་ཁའི་འབྲས་བུ་མཆོད་པར་འབུལ་པའི་དོན་ལ་གོ།

གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས་གཏང་པར་བྱ།།

     སྤྱི་ལོ1937ལོར། དམར་དམག་རྒྱང་སྐྱོད་སྐབས། སྤྲུལ་སྐུ་སྐུ་ཕྲེང་སོ་བརྒྱད་པ་གཡུང་དྲུང་རྒྱལ་མཚན་གྱིས་སྤྲོ་སེམས་འཁོལ་བའི་ངང་མདའ་དཔོན་ཝུའུ་ཁུ་ཧྭ་ལ་བསུ་མར་བྱས་ནས་དགོན་པའི་ནང་གདན་འདྲེན་བྱས་པ་དང་དམག་མི་རྣམས་གྲྭ་ཤག་ཏུ་འདུག་རུ་བཅུག། དགོང་མོར། སྤྲུལ་སྐུ་རང་གིས་སྤྱོད་བཞིན་པའི་རྒྱུན་སྤྱོད་ཅ་ལག་སྤུས་དག་རྣམས་དམག་དཔོན་ལ་སྤྱོད་དུ་བཅུག་ནས་མཚན་གང་པོར་ཁ་ཏ་ལྷུག་པོར་གནང་། མདའ་དཔོན་གྱིས་དམག་འཁྲུག་གི་དཀའ་ངལ་དང་དམག་མི་རྣམས་སྤྱི་ཚོགས་ཞི་བདེ་ཡོང་ཆེད་དམག་འཁྲུག་ལ་ཞུགས་པའི་གནས་ཚུལ་གླེང་སྐབས། སྤྲུལ་སྐུ་མིག་ཆུ་རང་དབང་མེད་པར་ཤོར་ནས་སེམས་སུ་ངས་ཀྱང་གསར་བརྗེའི་བྱ་བཞག་ལ་བྱས་རྗེས་འཇོག་དགོས་སྙམ་ནས་མ་བསྐུལ་དང་བླངས་ཀྱིས་འབངས་མི་སེར་སློབ་གསོ་བཏང་སྟེ་དམག་མི་རྣམས་ལ་གསོལ་ཟས་དང་སྒོར་མོའི་ཞལ་འདེགས་ཕུལ་ནས་དམར་དམག་གི་ལས་དོན་ལ་རྒྱབ་སྐྱོར་ཚད་མེད་གནང་། ད་རུང་ས་གནས་ཀྱི་མི་སེར་དང་གྲྭ་པ་རྣམས་དམག་མི་ལ་ཞུགས་པར་ཡང་སྐུལ་མ་གནང་། གནས་མགོ་དམག་འཁྲུག་གི་རྒྱལ་ཁ་བླངས་པར་བྱས་རྗེས་ཕུལ་དུ་བྱུང་བ་བཞག་ཡོད། དེ་ནས་བཟུང་། དམར་དམག་དང་གནས་མགོ་གཡུང་དྲུང་རྫོགས་ཆེན་དགོན་པའི་བར་མཛའ་མཐུན་གྱི་འབྲེལ་བ་ཟབ་མོ་འཛུགས་ནས་ད་ལྟའི་བར་དུ་རྒྱུན་སྐྱོང་སྟེ་ས་གནས་དེ་གའི་མང་ཚོགས་ཁྲོད་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།

གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས་གཏང་པར་བྱ།།

     དམག་འཁྲུག་མཇུག་རྫོགས་ནས་ལོ་བརྒྱ་ཉེ་བར་འཁོར་ཡང་དེང་སང་གི་གནས་མགོ་དགོན་ལ་ད་དུང་སྔོན་གྱི་དམག་འཁྲུག་གི་རྗེས་ཤུལ་ལྷག་ཡོད། ལོ་རྒྱུས་ཀྱི་རྐྱེན་པས། དམག་འཁྲུག་སྐབས་ལྷག་པའི་ཅ་ལག་མང་པོ་ཞིག་མང་ཚོགས་ཁྲོད་ཁྱབ་པ། 1989ལོར་གནས་མགོ་དགོན་གྱི་སྤྲུལ་སྐུ་སྐུ་ཕྲེང་སོ་དགུ་པ་སྟེ། གཡུང་དྲུང་རྒྱལ་མཚན་གྱི་ཡང་སྤྲུལ་སྤྲུལ་སྐུ་ངག་དབང་བསྟན་པའི་རྒྱལ་མཚན་བཙལ་ཏེ་དགོན་པར་གདན་འདྲེ་བྱས་ནས་དགོན་བདག་ཏུ་བསྐོས། སྤྲུལ་སྐུ་ངག་དབང་བསྟན་པའི་རྒྱལ་མཚན་དགོན་པར་ཕེབས་རྗེས་ཀྱི་ལས་ཀ་དང་པོ་ནི་མང་ཚོགས་ནས་དམར་དམག་གིས་སྤྱོད་མྱོང་པའི་ཅ་ལག་འཚོལ་བསྡུ་བྱེད་རྒྱུ་དེ་རེད། ཁོང་གིས་རང་ཉིད་ཀྱིས་འཚོལ་བསྡུ་དང་ཉོས་པ་བརྒྱུད་ནས་སྔོན་དམར་དམག་གིས་སྤྱོད་མྱོང་པའི་ཅ་ལག་སྟོང་ཁ་ཤས་ཉར་ཚགས་བྱས། དེ་དང་ཆབས་ཅིག་ཏུ། སྤྲུལ་སྐུ་ཁོང་གིས་དེང་སང་གི་ཚན་རིག་ལག་རྩལ་དང་སྔོན་གྱི་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་བྱས་ཏེ། གནས་མགོ་ཡུལ་སྐོར་མཛེས་ལྗོངས་ཁུལ་བཙུགས་པ་དེས། སྐྱེ་ཁམས་དང་རིག་གནས། སྤྱི་ཚོགས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གསར་པ་བསྐྲུན། འདི་ནི་དུས་རབས་གསར་པའི་ཆོས་ལུགས་ལས་དོན་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན། ཆོས་ལུགས་ཞི་འཇགས། དཔལ་འབྱོར་ཡར་རྒྱས། སྤྱི་ཚོགས་བདེ་འཇགས། མེས་རྒྱལ་གཅིག་གྱུར་ཡོང་པར་དོན་སྙིང་གལ་ཆེ་ལྡན་ཡོད།

གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས་གཏང་པར་བྱ།།

  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་རོང་པ་ཚའི་སློབ་ཆུང་ཁག་གི༦.༡བྱིས་པའི་དུས་ཆེན།
  • ལེ་ཚན་རྗེས་མ།:༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
  • དོ་སྣང་ཆེ་བའི་རྩོམ།