ཟླ་བ་དང་པོ་ནས་བཞི་པའི་བར་རང་ཁུལ་གྱི་གཙོ་གནད་ལས་གཞིར་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར70.07གྲུབ།

བདེ་སྐྱིད་ཀྱིས་བྲིས།        2021-05-31

2021ལོར་རང་ཁུལ་གྱི་གཙོ་གནད་ལས་གཞི240ལ་ལོ་འཁོར་གྱི་འཆར་གཞིར་ནང་མ་དངུལ་སྒོར་དུང་ཕྱུར310.81གཏོང་འཇོག་བྱ་རྒྱུ་ཡིན་པ་ལས་ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར70.07ལེགས་འགྲུབ་བྱུང་ནས། ལོ་འཁོར་གྱི་འཆར་གཞིའི་བརྒྱ་ཆ22.54གྲུབ་ཡོད་པ་རེད།

མུ་མཐུད་ནས་བསྐྲུན་རྒྱུའི་ལས་གཞིའི་ཐད་མ་དངུལ་སྒོར་དུང་ཕྱུར60.18ལེགས་འགྲུབ་བྱུང་ནས་ལོ་འཁོར་འཆར་གཞི་ལས་བརྒྱ་ཆ24.45གྲུབ་ཡོད་པ་དང་།གསར་དུ་ལས་མགོ་ཚུགས་པའི་ལས་གཞིའི་ཐད་མ་དངུལ་སྒོར་དུང་ཕྱུར9.89ལེགས་འགྲུབ་བྱུང་ནས་ལོ་འཁོར་འཆར་གཞིའི་ལས་བརྒྱ་ཆ13.3གྲུབ་ཡོད། ལས་མཇུག་བསྒྲིལ་བའི་ལས་གཞིའི་ཐད་མ་དངུལ་སྒོར་དུང་ཕྱུར13.98ལེགས་འགྲུབ་བྱུང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ18.86གྲུབ་ཡོད་པ་རེད། གལ་ཆེ་བའི་རྨང་གཞིའི་སྒྲིག་བཀོད་ལས་གཞིར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར22.43ལེགས་འགྲུབ་བྱུང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ15.9གྲུབ་ཡོད།དེའི་ནང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཞིར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར20.09ལེགས་འགྲུབ་བྱུང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ15.62གྲུབ་ཡོད་པ་དང་།ཆུ་བེད་རྨང་གཞིའི་སྒྲིག་བཀོད་ལས་གཞིར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར0.59ལེགས་འགྲུབ་བྱུང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ20.7གྲུབ་ཡོད།གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཞིར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར1.75ལེགས་འགྲུབ་བྱུང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ18.32གྲུབ་ཡོད་པ་རེད།

གལ་ཆེ་བའི་ཐོན་ལས་ལས་གཞིར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར41.5ལེགས་འགྲུབ་བྱུང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ30.4གྲུབ་ཡོད་པ།དེའི་ནང་སྐྱེ་ཁམས་ནུས་ཁུངས་ལས་རིགས་ཀྱི་ལས་གཞིར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར36.87ལེགས་འགྲུབ་བྱུང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ32.34གྲུབ་ཡོད་པ་རེད།སྐྱེ་ཁམས་ཡུལ་སྐོར་ལས་རིགས་ཀྱི་ལས་གཞིར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར2.62ལེགས་འགྲུབ་བྱུང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ17.59གྲུབ་ཡོད་པ།ལེགས་ལྡན་གཏེར་ཁའི་ཐོན་ལས་ལས་རིགས་ཀྱི་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར0.46ལེགས་འགྲུབ་བྱུང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ46.43གྲུབ་ཡོད་པ།ཁྱད་ལྡན་ཞིང་འབྲོག་ལས་རིགས་ཀྱི་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར1.29ལེགས་འགྲུབ་བྱུང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ29.66གྲུབ་ཡོད།འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར0.27ལེགས་འགྲུབ་བྱུང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ9.18གྲུབ་ཡོད་པ་རེད།

དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་བྱ་གཞག་ལས་གཞིར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར4.35ལེགས་འགྲུབ་བྱུང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ18.56གྲུབ་ཡོད། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྱོང་བྱ་རྒྱུའི་ལས་གཞིར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར1.79ལེགས་འགྲུབ་བྱུང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ21.84གྲུབ་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:ལས་གཞི240ལ་ལོ་འཁོར་གྱི་འཆར་གཞི་མ་དངུལ་སྒོར་དུང་ཕྱུར311འཇོག་རྒྱུ།
  • ལེ་ཚན་རྗེས་མ།:བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཆེད་དོན་འགྲེམས་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།