གསར་བརྗེའི་གླུ་དབྱངས་བླངས་ནས་ཏང་གི་དྲིན་གཟོ་ཚོར།

ཡེ་ཤེས་ཀྱིས་བསྒྱུར།        2021-05-31

གླུ་ཡི་མིང་།

《གླུ་ཞིག་བླངས་ནས་ཏང་ལ་ཕུལ།》

གླུ་ཚིག།

གླུ་ཞིག་བླངས་ནས་ཏང་ལ་ཕུལ།

ངས་ཏང་འདི་མ་ཡུམ་དུ་བརྩི།

ཨ་མས་ང་ལ་ལུས་ཕུང་སྦྱིན།

ཏང་གི་གཟི་འོད་ངའི་སེམས་སུ་གསལ།

སྤྱི་ཚོགས་རྙིང་པར་ལྕག་ཚན་ལུས་ལ་གཞུ།

ཨ་མ་མིག་ཆུ་ལོང་ལོང་།

གུང་ཁྲན་ཏང་གིས་ང་གསར་བརྗེར་

ཞུགས་པར་སྐུལ་མ་གནང་།

ལྕག་ཚན་འཕྲོག་ནས་དགྲ་བོར་གཞུ།

གུང་ཁྲན་ཏང་གིས་ང་གསར་བརྗེར་

ཞུགས་ཞེས་སྐུལ་མ་གནང་།

ལྕག་ཚན་འཕྲོག

ལྕག་ཚན་འཕྲོག་ནས་དགྲ་བོར་གཞུ།

གླུ་ཞིག་བླངས་ནས་ཏང་ལ་ཕུལ།

ངས་ཏང་འདི་མ་ཡུམ་དུ་བརྩི།

ཨ་མས་ང་ལ་ལུས་ཕུང་སྦྱིན།

ཏང་གི་གཟི་འོད་ངའི་སེམས་སུ་གསལ།

གླུ་ཚིག་བརྩམས་པའི་ལོ་རྒྱུས།

《གླུ་ཞིག་བླངས་ནས་ཏང་ལ་ཕུལ》ཞེས་པ་ནི་མ་གཞི་ཡའོ་ཞའོ་ཀྲུའོ་ཡིས་བྲིས་པའི་སྙན་ངག་གཅིག་ཡིན་པ་རེད། 1933ལོའི་སྤྱི་ཟླ3པའི་ནང་ཡའོ་ཞའོ་ཀྲུའོ་ཅང་ཞི་ཞིང་ཆེན་ཆོན་ཧྲན་རྫོང་ཧྲི་ཐང་གྲོང་རྡལ་དུ་སྐྱེས།1949ལོའི་སྤྱི་ཟླ4པའི་ཟླ་མཇུག་ཏུ་ལོ་ན16མ་གཏོགས་སོན་མེད་ཅིང་། ཆོན་ཧྲན་སློབ་འབྲིང་དུ་སློབ་སྦྱོང་བྱེད་བཞིན་པའི་ཡའོ་ཞའོ་ཀྲུའོ་སློབ་གྲོགས་བཅུ་ཕྲག་ཁ་ཤས་དང་མཉམ་དུ་མྱུ་གུ་དབྱུག་ནས་དམག་ལ་ཞུགས་མཐར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རི་འཐབ་དམག་དཔུང་གཉིས་པའི་དམག་སྲིད་སློབ་ཆེན་ཡན་ལག་སློབ་གྲྭ་ལྔ་པའི་ནང་རྒྱུགས་འཕྲོད་པ་རེད།སློབ་མཐར་ཕྱིན་རྗེས་རི་འཐབ་དམག་དཔུང་གཉིས་པའི་སྒར་ཤོག་བཅུ་བདུན་པའི་ཁྲི་ཤོག་ང་གཅིག་པའི་ཆབ་སྲིད་པུའུ་རུ་ལས་བགོས་བྱས། 1951ལོའི་དགུན་ཁར་ཡང་དུ་དམག་དཔུང་དང་ལྷན་དུ་སྐད་གསང་མཐོན་པོས་དང་བླངས་དམག་གི་གླུ་ལེན་ནས་ཡཱ་ལུའུ་གཙང་པོ་བརྒལ་ཞིང་། དམག་འཁྲུག་མཚམས་འཇོག་རྗེས་རྒྱལ་ནང་དུ་ཚུར་ལོག་པ་རེད། ཡུན་མི་རིང་བར།ཡའོ་ཞའོ་ཀྲུའོ་ཧྲན་ཞི་ཞིང་ཆེན་དུ་ལས་སྤོས་བྱས་ཡོད། ཁོ་སྔོན་རྗེས་སུ་ཧྲང་ལུའོ་རྡོ་རྒྱུས་གཏེར་ཁ། ཐུང་ཁྲོན་གཏེར་དོན་ཅུས་ཅའོ་ཕིང་རྡོ་སོལ་གཏེར་ཁའི་ནང་གཏེར་འདོན་ལག་རྩལ་པ་ཞིག་བྱས་པ་རེད། 1957ལོའི་ལོ་སར་སྐབས་སུ་རྡོ་སོལ་གཏེར་ཁའི་ནང་སོལ་རླངས་འབར་གས་ཀྱི་དོན་རྐྱེན་བྱུང་ནས་གཏེར་ཁའི་བཟོ་པ14རྐྱེན་ལམ་དུ་ཤོར་བ་རེད།

ཡའོ་ཞའོ་ཀྲུའོ་དེའི་སྐབས་སུ་ཡུལ་དངོས་སུ་ཡོད་ཟིན་མ་རེད་མོད། འོན་ཀྱང་ལག་རྩལ་པ་ཞིག་ཡིན་ཕྱིར། གནས་དབྱུང་བྱས་པས་མ་ཚད་གཏེར་ཁའི་ནང་གཏེར་འདོན་བྱེད་སར་མངགས་པའི་ཆད་གཅོད་བྱས་ཡོད།1958ལོའི་མཚན་མོ་ཞིག་ལ། ཡའོ་ཞའོ་ཀྲུའོ་ཡིས་གཏེར་ཁ་བཟོ་པའི་སྙན་ངག་གསུམ་བྲིས་ཡོད་པའི་ནང་གཅིག་ནི《གླུ་ཞིག་བླངས་ནས་ཏང་ལ་ཕུལ》ཞེས་པ་འདི་རེད།

རྩོམ་པ་པོ་དང་གླུ་འདི་ཐོག་མར་ལེན་མཁན་གྱི་ལོ་རྒྱུས་མདོར་བསྡུ།

ཡའོ་ཞའོ་ཀྲུའོ་ཡིས《གླུ་ཞིག་བླངས་ནས་ཏང་ལ་ཕུལ》ཞེས་པ་འདིའི་གླུ་ཚིག་བྲིས་པ་དང་ཀྲུའོ་ཅན་ཨར་གྱིས་དབྱངས་བརྩམས་པའི་གླུ་གཞས་ཤིག་ཡིན་ཞིང་། གླུ་གཞས་འདི1963ལོར་རེན་ཀུའེ་ཀྲན་གྱིས་ཐོག་མར་ལེན་པ་རེད། རྗེས་སུ་གཏམ་རྒྱུད་གློག་བརྙན《ལུའེ་ཧྥེང》ཞེས་དབྱངས་འདིའི་བར་བཅུག་རོལ་བྱས་ནས་ཧུའུ་སུང་ཧྭ་ཡིས་ལེན་ཡོད། བོད་རིགས་གླུ་མ་ཚེ་བརྟན་སྒྲོལ་མས་ཞབས་བྲོའི་སྙན་ངག་རྟོགས་བརྗོད《ཤར་ཕྱོགས་དམར》ཞེས་པའི་ནང་རྒྱས་པ་བཀྲོལ་རྗེས་ཡོངས་ཁྱབ་ཏུ་སྙན་གྲགས་ཆོད་པ་རེད།

ཡའོ་ཞའོ་ཀྲུའོ། ཧྲན་ཞི་ཐོང་ཁྲོན་གཏེར་དོན་ཅུས་ཀྱི་ཅའོ་ཕིང་རྡོ་སོལ་གཏེར་ཁའི་ལག་རྩལ་པ་ཡིན་ཞིང་། 《གླུ་ཞིག་བླངས་ནས་ཏང་ལ་ཕུལ》ཞེས་པའི་གླུ་གཞས་འདི1965ལོར་རིག་གནས་པུའུ་ཡིས“རྒྱལ་ཡོངས་རིག་གནས་མང་ཚོགས་ཀྱི་ཕུལ་བྱུང་གླུ་དབྱངས”ལ་ཞིབ་འདེམས་བྱས་ཡོད། 《སྐར་མ་ཨ་སྐར་མ》ཞེས་པ་འདིར་ཧྲན་ཞི(山西)ཞིང་ཆེན་གྱི“སོལ་གཏེར་གྱི་དཔྱིད་དཔལ”གྱི་ཕུལ་བྱུང་གླུ་དབྱངས་ཀྱི་བྱ་དགའ་ཐོབ་པས་མ་ཚད། བརྙན་འཕྲིན་སྒྱུ་རྩལ《རྡོ་སོལ་མེ་ཏོག》ཅེས་པའི་བར་བཅུག་རོལ་དབྱངས་གྲས་སུ་བདམས་ནས་ད་ལྟ་ད་དུང་མི་ཚོས་གཏེར་ཁ་བཟོ་པའི་རྩོམ་པ་པོ་ཞེས་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་རེད།

རེན་ཀུའེ་ཀྲན། སྙན་པའི་གྲགས་པ་ཁྱབ་པའི་གླུ་གར་འཁྲབ་སྟོན་སྒྱུ་རྩལ་པ་ཡིན་ཞིང་། མི་ཚེ་ཧྲིལ་པོར་གླུ་གར་སྒྱུ་རྩལ་གྱི་ཕྱག་ལས་མཛད་ནས《གནམ་སྒོའི་གླིང་ཕྲན》 《བྱུ་རུ་དམར་པོ》《ལིའུ་ལྕམ་གསུམ་པ》《ཧུའུ་མཚེའུའི་དམར་སྲུང་རུ་ཁག》《ཨ་ཅེ་ཅང》ལ་སོགས་པའི་གླུ་གར་ཁྲོད་དུ་བུད་མེད་ཀྱི་འཁྲབ་མཁན་གཙོ་བོ་བྱས་ནས་གཤིས་ཀ་མི་འདྲ་བ་དང་ས་ཁོངས་མི་འདྲ་བ།མཐོ་གོ་གནས་མི་འདྲ་བའི་བུད་མེད་མང་པོའི་གཟུགས་བརྙན་གསོན་ཉམས་དོད་པོ་བཏོད་ཡོད་པ་རེད།

ཚེ་བརྟན་སྒྲོལ་མ། ཀྲུང་གོ་གསར་པའི་བོད་རིགས་ཀྱི་གླུ་མ་དང་པོ་དེ་ཡིན་པ་རེད། 1959ལོར《ཡར་ལངས་ཞིང་བྲན་གྱིས་བསྟོད་གླུ་བླངས》ཞེས་པ་འདི་བླངས་ནས་སྙན་གྲགས་ཆོད་པ་རེད། ཁོང་མོས་བླངས་པའི་གླུ་དབྱངས་སྒྲ་ཕབ་བྱས་ནས་གླུ་སྡེར་དང་སྒྲ་ཕབ་སྤྱིན་ཤོག་བཟོ་ཡོད་ཅིང་། ཐེངས་མང་པོར་མི་སྒེར་གྱི་འཁྲབ་སྟོན་རོལ་ཚོགས་གཉེར་བ་དང་མའོ་ཙེ་ཏུང་དང་ཀྲུའོ་ཨེ་ལའི་ལ་སོགས་པའི་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣས་མཇལ་འཕྲད་གནང་མྱོང་བ་རེད།།

གསར་བརྗེའི་གླུ་དབྱངས་བླངས་ནས་ཏང་གི་དྲིན་གཟོ་ཚོར།

ཀ། གསར་བརྗེ་གྲོང་སྡེའི་ངེས་བཟུང་གི་རྗེས་དྲན།

ལི་ཐའོ་ཧྭས་གསར་འགོད་པ་ཁྲིད་ནས་ཁྱིམ་དུ་ལོག་དུས་གསར་འགོད་པས་མིག་ལམ་དུ་མཐོང་བ་ནི་ཨར་འདམ་གྱི་ལམ་སྒོ་འགྲམ་བར་བསྐྲུན་པའི་རྣམ་པ་དེ་ཡིན་ཞིང་།ལི་ཐའོ་ཧྭ་ཡི་ཁང་པ་ནི་དཔེ་སྟོན་ལ་གྱུར་པའི་བྲག་མགོའི་བང་ཁང་ཞིག་ཡིན་པ་དང་།སྒོ་རའི་ནང་ལ་པད་ཚལ་དང་ཨོ་སུན་གྱིས་ཁེངས་ཡོད།

ཁོང་གིས་ཚེ་འདས་ཨ་ཕའི་འདྲ་པར་ཞིག་ཁྱེར་ཏེ་ངའི་ཨ་ཕ་དགུང་གྲངས་བརྒྱ་ལ་ཉེ་བར་བཞུགས་ཡོད། སྐབས་དེར་ཁོང་ནི་དཀར་མཛེས་ཁུལ་གྱི་དམར་དམག་རྒན་གྲས་ཁོ་ན་དེ་ཡིན་ཞིང་།ཨ་ཕས་ང་ལ་ཤུལ་བཞག་དངོས་རྫས་གང་ཡང་བཞག་མ་བྱུང་།ཡིན་ནའང་ཁོང་གིས་ང་ལ་བཤད་པའི་གཏམ་རྒྱུད་མང་པོ་ཡོད་ཅེས་བཤད།

ལི་ཐའོ་ཧྭས་གསར་འགོད་པར་ང་ཨ་ཕའི་ཕ་ཡུལ་ནི་ཚང་ཆིས་རྫོང་ལང་ཀྲུང་པའོ་ཉིང་ཧྥུ་ནས་ཡིན་ཞིང་།དེའི་དུས་སྤོ་བོ་ནི་གྲུ་པ་ཞིག་ཡིན་པ་དང་རྨོ་བོས་བསིལ་ཕྱེ་འཚོང་མཁན་ཡིན་པས་ཡོང་འབབ་དེས་འཚོ་བ་སྲུང་འཛིན་བྱས་ཐུབ་ཙམ་ཡིན་པ་རེད། 1931ལོར།གོ་མིང་ཏང་གི་དམག་མིས་བཙན་ཤེད་ཀྱིས་ངའི་སྤོ་བོ་དང་ཁོའི་གཅེན་པོ་དམག་མིར་ཞུགས་སུ་བཅུག སྤོ་བོ་ལགས་ཀྱིས་གོ་མིང་ཏང་གི་རེ་འདུན་དང་ལེན་མ་བྱས་པས་ཁོང་ལ་དྲག་རྡུང་བྱས་ཏེ་ཤི་མིན་གསོན་མིན་བྱས་པར་མ་ཟད། སྤོ་བོའི་གཅེན་པོར་གྲུ་དེ་པའོ་ཉིང་ཧྥུ་ལ་གཏོང་དུ་བཅུག ཟླ་བ་གཉིས་ཀྱི་རྗེས་སུ།སྤོ་བོའི་གཅེན་པོས་ལྐོག་ཏུ་པའོ་ཉིང་ཧྥུ་ནས་ཚང་ཆིས་ལ་ཕྱིར་བྲོས་བྱས་པ་དང་། གྲུ་གཟིངས་སྲུང་སྐྱོང་བྱ་ཆེད།(འདི་ནི་གྲུ་བཟོའི་ཁྱིམ་ཚང་གི་ཁ་གསོ་ཐུབ་པའི་ལག་ཆ་ཡིན)ནང་མི་ཚང་མ་ཚང་ཆིས་ནས་པའོ་ཉིང་ཧྥུ་ལ་ཡོང་། 1933ལོར་དམར་དམག་གིས་པའོ་ཉིང་ཧྥུ་བཅིངས་འགྲོལ་བཏང་མོད།འོན་ཀྱང་ཕམ་ཁ་འཁེལ་ཉེ་ཡོད་པའི་གོ་མིང་ཏང་གིས་གྲུ་ཡིས་བཟོས་པའི་ཟམ་པ་བཅད།སྐབས་དེར་དམར་དམག་གཙང་པོ་བརྒལ་མི་ཐུབ་པས་གྲོང་མིར་ཟམ་པ་བསྐྲུན་རོགས་ཞེས་རེ་བ་བཏོན།སྤོ་བོ་དང་གྲོང་མི་ཚོས་རེ་བ་དང་ལེན་བྱས་ནས་ཟམ་པ་བསྐྲུན་རོགས་བྱས་པའི་ཉིན་གཉིས་པར། དམར་དམག་གིས་རྔ་དང་འཁར་རྔ་བརྡུངས་ནས་ཨ་ཕའི་ཁྱིམ་གྱི་གྲུ་ཐོག་ཏུ་བསྐྱོད། ཁོ་ཚོའི་ཁྱིམ་མི་ཡོངས་ལ་མེ་ཏོག་དམར་པོ་བཏགས་པར་མ་ཟད།དངུལ་བཏང་ནས་སྤོ་བོ་ལགས་ལ་རྨས་མ་སྐྱེལ་འདྲེན་བྱེད་དུ་བཅུག སྐབས་དེར་དམར་དམག་ལ་གྲུ་བཟོ་མི་རྙེད་པས་སྤོ་བོ་ལགས་དམར་དམག་ལ་ཞུགས་པར་གདན་འདྲེན་ཞུས།སྤོ་བོས་ཁྱིམ་མི་དང་གྲོས་བྱས་རྗེས་དམར་དམག་ལ་ཞུགས་ཡོད་ཅེས་བཤད།

དུས་དེ་ནས་བཟུང་ཕའི་ཁྱིམ་ཚང་གང་བོ་དམར་དམག་དང་འགྲོགས་ཏེ་གོ་མིང་ཏང་ལ་འཇབ་རྒོལ་བྱས།1936ལོའི་སྤྱི་ཟླ3པར།ཀྲུའུ་ཏེ་དང་ལི་ཞན་ཉན་སོགས་ཀྱིས་སྣེ་ཁྲིད་པའི་དམར་དམག་དཔུང་ཕྱོགས་བཞི་པ་ལེ་དབར་སྟོང་ལ་བསྐྱོད་ནས་བྲག་མགོ་རྫོང་དུ་སླེབས།སྔོན་རྗེས་སུ་དམར་དམག་ཁྲི4ལྷག་གིས་ལོ་ཕྱེད་ཀའི་རིང་ལ་ངལ་གསོ་དང་སྦྱོང་སྒྲིག་བྱས།སྐབས་དེར་བྲག་མགོ་རྫོང་ཡོངས་སུ་མི་ཁྲི2ལས་མེད། དམར་དམག་བཅའ་སྡོད་བྱེད་རིང་འཚོ་བའི་ཡོང་ཁུངས་གཙོ་བོ་ས་གནས་དེ་གའི་མི་ཚོས་མཁོ་འདོན་བྱས་ཡོད།མང་ཚོགས་ཁྲི2ཀྱིས་དམར་དམག་ཁྲི4ཡི་འཚོ་བའི་ཁ་གསབ་འགན་ལེན་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་ལེའུ་ཞིག་བརྩམས།སྐབས་དེའི་དུས་ཀྱི་གསར་བརྗེའི་ཚལ་རིགས“ལ་ཕུག་རྨོ་བ”དེ་ད་བར་རྒྱུན་འཛིན་ཐུབ་ནས་བྲག་མགོ་རྫོང་གི་མཚོན་རྟགས་ཚལ་རིགས་ཤིག་ཏུ་གྱུར།ཤྭ་རྭ་ཐང་གྲོང་སྡེ་ཡིས་ཀྱང་སྐབས་དེའི་དུས་རྨས་སྐྱོན་དམར་དམག་བསྡུ་ཉར་དང་བཀོད་སྒྲིག་བྱས་པའི་གྲོང་སྡེ་ཞིག་ཡིན་ཏེ།དམར་དམག་གིས་ངལ་གསོ་དང་སྦྱོང་སྒྲིག་བྱེད་པའི་བརྒྱུད་རིམ་ནང་ཤྭ་རྭ་ཐང་གྲོང་སྡེར་དམར་དམག་སློབ་ཆེན་བཙུགས་པ་དང་།དམག་དམངས་ལུས་རྩལ་འགྲན་ཚོགས་སྤེལ་ནས་དམག་དམངས་བར་དུ་བརྩེ་དུང་ཟབ་མོ་ཆགས་ཡོད།

ལོ་ཕྱེད་ལྷག་གི་རིང་ལ་བྲག་མགོ་མང་ཚོགས་ཀྱིས་དམར་དམག་ལ་འབྲུ་རིགས་སྤྱི་རྒྱ་ཁྲི40ལྷག་དང་ཕྱུགས་རིགས་མགོ་གྲངས་ཁྲི4ལྷག་གྲབས་གསོག་བྱས་པས་མ་ཟད།ཚྭ་དང་གྱོན་གོས།གུར་སོགས་འཚོ་བའི་མཁོ་ཆས་ཀྱང་གྲ་སྒྲིག་བྱས་ཡོད། ལོ་དེར་གཟུགས་པོ་རྨས་སྐྱོན་བྱུང་བ་སོགས་ཀྱིས་རྐྱེན་པས་བྲག་མགོ་རྫོང་དུ་དམར་དམག་འཐབ་འཛིང་པ1100ལྷག་ཡོད། ཤུལ་དུ་ལུས་པའི་དམར་དམག་རྣམས་ལ་ལ་དགོན་སྡེའི་ཉར་དགོས་པ་དང་འགའ་ཞིག་ཁྱིམ་རྒྱུད་ཆེན་པོས་ལྟ་རྟོག་བྱ་དགོས་ཤིང་།ཕ་ཡུལ་ལ་ལོག་འདོད་ཡོད་པའི་དམར་དམག་ཚོར་དངུལ་སྤྲད་དེ་ཁོང་ཚོ་ཁྱིམ་དུ་བསྐྱལ།བྲག་མགོ་རྫོང་དུ་ལུས་པའི་དམར་དམག་ལ་གཞི་རྩའི་ཐོག་ལྟ་སྐྱོང་ཧ་ཅང་ཡག་པོ་བྱུང་ཡོད། 1951ལོའི་བར་བྲག་མགོ་རྫོང་དུ་ལུས་པའི་དམར་དམག་ད་དུང་མི123ཡོད་པ་རེད།

ལོ་ཕྱེད་རིང་ངལ་གསོ་ལེགས་སྒྲིག་བྱས་རྗེས།དམར་དམག་ཚོ་ཤྭ་རྭ་ཐང་གྲོང་སྡེ་ནས་ཁ་བྲལ་དགོས་བྱུང་ཞིང་།སྐབས་དེར་སྤོ་བོ་ལགས་ལ་རྨས་སྐྱོན་ཚབས་ཆེན་ཐེབས་པ་དང་ངལ་རྩོལ་ནུས་ཤུགས་མེད་པར་གྱུར་པས།དམར་དམག་གི་གཙོ་འཛིན་གྱིས་སྤོ་བོ་ལགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་སྐབས།སྤོ་བོ་ལགས་ཀྱིས་ནང་མི་ཚང་མ་ཤྭ་རྭ་ཐང་དུ་སྡོད་རྒྱུའི་རེ་བ་ཞུས་མཐར་དམར་དམག་གི་མགོ་ཁྲིད་པས་ཨ་མྱེས་ཀྱི་རེ་འདུན་ལ་བརྩི་འཇོག་བྱས། དེ་ནས་ཨ་ཕས་ལོ80བར་དུ་བསྡད་ཡོད། ལོ80ལྷག་གི་རིང་རང་གི་ཕ་ཡུལ་བཏང་ནས་ཤྭ་རྭ་ཐང་གྲོང་སྡེ་དེ་རང་གི་ཕ་ཡུལ་དག་མ་ལྟ་བུར་བརྩིས་ནས་མི་ཚེ་རོལ་ཡོད། ཤྭ་རྭ་ཐང་གྲོང་སྡེར་གཞིས་ཆགས་རྗེས་ཁོང་ལ་བུ་མོ་ཡོད་པར་མ་ཟད་ཚ་བོ་ཚ་མོ་ཡང་མང་པོ་ཡོད།

ལི་ཐའོ་ཧྭས་དྲན་གསོ་བྱེད་བཞིན་དུ་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེས་སྣེ་ཁྲིད་པའི་དམར་དམག་ཤྭ་རྭ་ཐང་ནས་བྲལ་སྐབས་ང་ཚོའི་ཁྱིམ་ལ་གྲུ་གཟིངས་ཤིག་བཞག་པར་མ་ཟད།མཛོ་གཅིག་དང་རྟ་གཅིག་བཞག་ཡོད།ཕྱིས་སུ་རྟ་དེ་གཞན་གྱིས་འཕྲོག་པར་མ་ཟད།མཛོ་ཡང་གཏའ་མར་བཞག་ནས་ཁང་གླར་བཏང་བས།ཁྱིམ་ཚང་གང་བོར་སློང་མོ་བྱས་ནས་འཚོ་བ་རོལ་རྒྱུ་ལས་མ་འདས།

དམར་དམག་དང་ཁ་བྲལ་རྗེས།གོ་མིང་ཏང་དང་ལོག་སྤྱོད་ས་བདག་གིས་སྨྱོ་ཧམ་ཆེན་པོས་ཤུལ་དུ་ལུས་པའི་དམར་དམག་ལ་གནོད་འཚེ་བཏང་ཡོད།ཁོ་ཚོས་གྱོན་པའི་ལྭ་བ་ནི་གུར་དྲས་པའི་རས་ཀྱིས་བཟོས་པ་ཡིན་པས།ལོག་སྤྱོད་རྒྱལ་པོས་གུར་རྒྱ་ཞེས་མིང་བཏགས་མྱོང་བ་རེད་ཅེས་བཤད།

ལི་ཐའོ་ཧྭས་སྤོ་བོ་དང་ཨ་ཕ་དམར་དམག་ཡིན་པས་ང་ནི་དམར་དམག་གི་གཏམ་རྒྱུད་ལ་ཉན་ནས་ནར་སོན་པ་ཡིན།བར་སྐབས་ཤིག་ལ་ང་ཚོས་དཀའ་སྡུག་ཆེན་པོ་མྱོང་ཡོད་ཀྱང་ཕྱིས་སུ་དམར་དམག་སླར་ཡང་སླེབས་བྱུང་།མིང་བཅིངས་འགྲོལ་དམག་ཅེས་པར་བསྒྱུར་ནས་ང་ཚོར་བཅིངས་འགྲོལ་བཏང་བྱུང་།གཞུང་ལམ་ལྷ་སར་བསྐྲུན་སོང་ཞེས་བཤད་པ་རེད།།

གསར་བརྗེའི་གླུ་དབྱངས་བླངས་ནས་ཏང་གི་དྲིན་གཟོ་ཚོར།

ཁ གཤིས་ཆུའི་འགྲམ་གྱི་ཁམས་ཀྱི་གྲོང་སྡེ་དང་པོ།

“ས་འགུལ་བྱུང་རྗེས་བཅིངས་འགྲོལ་དམག་གིས་ང་ཚོར་རོགས་བྱས་པས་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན”ཞེས་ལི་ཐའོ་ཧྭ་སེམས་འགུལ་ཐེབས་པའི་ངང་ནས་དེ་ལྟར་བཤད།“སྐབས་དེའི་དུས་ཅི་ཡིན་མ་ཤེས་པར་གནམ་ས་ཐམས་ཅད་འཁོར་བ་ལྟ་བུར་གྱུར་བ་དང་། ཨ་ཕས་ས་འགུལ་བྱུང་འདུག་ཅེས་སྐད་ཅོར་བརྒྱབ་ཅིང་། དེ་མ་ཐག་ང་ཚོའི་ལག་པར་འཇུས་ཏེ་ཕྱི་ལ་བྲོས།གྲོང་སྡེའི་ནང་གི་ཁང་པ་ཚང་མ་བརྡིབས་པ་དང་། མི་དང་ནོར་ལུག་མང་པོ་ཞིག་ས་འོག་ཏུ་སྦས་ནས་གང་ཡང་མེད།རླུང་སྒྲ་དང་ངུ་སྒྲ།འབོད་སྒྲས་ལུང་པ་བཀང”ཞེས་བཤད། གང་བྱུང་དུ་བྱེད། ཨ་ཕས་ཁྱིམ་དུ་སྦས་པའི་ནོར་ལུག་རྣམས་ལ་ལྟ་རྟོག་བྱེད་ཁོམ་མེད་པར་མགྱོགས་པར་ས་འོག་ཏུ་སྦས་པའི་ཡུལ་མི་རྣམས་སློག་ཏུ་སོང་།ས་འགུལ་གྱི་ལམ་ཆད་ནས་ཕྱི་རོལ་གྱི་དངོས་ཟོག་ནང་འདྲེན་བྱེད་ཐབས་བྲལ་བ་དང་།ཟ་རྒྱུ་མེད་ལ་སྡོད་སའང་མེད་པས།སྐབས་དེའི་དུས་ཀྱི་ཡ་ང་བའི་གནས་ཚུལ་ངས་མི་ཚེ་གཅིག་ལའང་བརྗེད་མི་སྲིད”ཅེས་བཤད།

ས་འགུལ་དེ1973ལོའི་སྤྱི་ཟླ2པའི་ཚེས6ཉིན་གྱི་ཆུ་ཚོད18དང་སྐར་མ37དང་སྐར་ཆ5ཡི་ཐོག་ཡོང་བ་དང་།ས་འགུལ་རིམ་ཚད7.9ཡིན་ཞིང་།རྫོང་ཡོངས་སུ་མི2204རྐྱེན་ལམ་དུ་ཤོར་བ་དང་།མི2732ལ་རྨས་སྐྱོན་བྱུང་བ་རེད།ཕྱུགས་རིགས་མགོ་གྲངས40427དང་འབྲུ་རིགས་སྤྱི་རྒྱ་ཁྲི201བཅས་གྱོང་གུན་ཕོག་པ་རེད།ས་འགུལ་གྱི་ལྟེ་བའི་ཁང་པ་ཕལ་ཆེ་བརྡིབས་པ་དང་། ཁྲོན་བོད་གཞུང་ལམ་གྱི་ས་མིང17གྱི་སར་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད། རི་ཉིལ་བ་དང་ས་གས་པ་སོགས་ཀྱིས་ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་།ཀྲུང་དབྱང་དམག་ཨུ་བཅས་ལ་ཧང་སངས་དགོས་པའི་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད།ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་དེ་མ་ཐག་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་ཆབས་ཅིག རོགས་སྐྱོབ་མི་སྣ་ཁྱོན་བསྡོམས11000ལྷག་ཙམ་བྲག་མགོ་རྫོང་དུ་མྱུར་སྐྱོབ་བྱེད་པར་ཕེབས་པ་རེད།

ལི་ཐའོ་ཧྭ་ཡིས“ཕྱིས་སུ་གནམ་གྲུས་མཁའ་དབྱིངས་ནས་ང་ཚོར་དངོས་རྫས་འཕེན་གཏོང་བྱས་པར་མ་ཟད།བཅིངས་འགྲོལ་དམག་ཀྱང་འབྱོར་བྱུང”ཞེས་བཤད། མི་དམངས་བཅིངས་འགྲོལ་དམག་གིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་སེམས་གསོ་བྱས་པ་དང་།གནོད་སྐྱོན་ཐེབས་རྗེས་བསྐྱར་སྐྲུན་བཅས་བྱས་པས་ཉིན་རེ་བཞིན་ཤྭ་རྭ་ཐང་གྲོང་སྡེའི་རྣམ་པ་གསར་པ་དེ་གཤིས་ཆུའི་འགྲམ་དུ་ཀྲོང་ངེར་ཆགས་པ་རེད།

ཡངས་ཤིང་མདའ་ལྟར་དྲང་བའི་ཨར་འདམ་གཞུང་ལམ་ཁྱིམ་ཚང་ཚང་མར་ཤར་གཏོང་ཐུབ་པ་དང་།ཁྱིམ་ཚང་ཚང་མའི་སྒོ་འགྲམ་དུ་ཤིང་ར་བཟོས་ནས་ས་ཞིང་རྨོས་པ་དང་།མེ་ཏོག་འདེབས་པ།སྔོ་ཚལ་འདེབས་པ།རྒྱ་ལྕང་གིས་གྲོང་སྡེའི་མཐའ་ནས་བསྐོར་ཡོད་པ་དང་།རྫ་དམར་དང་གྱང་དམར་གཅིག་གྱུར་གྱི་ཁང་པའི་མཛེས་ཉམས་དོད་པའི་གྲོང་པ་གསར་པ་ཞིག་ཆགས་པ་རེད།

“ད་ལྟ་ཁྱིམ་ཚང་གང་དུ་སླེབས་ཀྱང་རླངས་འཁོར་ཆུང་གྲས་མེད་མཁན་གཅིག་ཀྱང་མེད།གྲོང་མིའི་འཚོ་བ་ནི་བཅིངས་འགྲོལ་མ་བཏང་གོང་གི་ས་བདག་ལས་སྐྱིད་པོ་ཡིན”ཞེས་ལི་ཐའོ་ཧྭ་འཛུམ་པའི་ཉམས་དང་བཅས་ཏེ་དེ་ལྟར་བཤད།

“ཨ་ཕ་འཚོ་བཞུགས་སྐབས་དམར་དམག་རྒྱང་སྐྱོད་ཀྱི་བརྙན་འཕྲིན་འཁྲབ་ཚན་བལྟ་རྒྱུར་ཧ་ཅང་དགའ་པོ་ཡོད།ཁོང་གིས་སྐབས་དེའི་དུས་ལྟོ་གོས་ཡག་པོ་མེད་པ་སོགས་དཀའ་སྡུག་ཆེན་པོར་ཐུག་ཀྱང་།ཁོང་རང་སྟབས་ལེགས་པས་ཤི་སོང་མེད།དམར་དམག་གི་འཐབ་འཛིང་པ་ཆུང་ཆུང་མང་པོ་ཞིག་རྩྭ་ཐང་ནས་བསྐྱོད་མཐར་བུད་མེད་པས་སྐུ་གཤེགས་པའི་དམར་དམག་གི་འཐབ་འཛིང་པ་དག་དྲན་ཚེ་སེམས་པ་ཧ་ཅང་སྐྱོ་བཞིན་ཡོད། ཁོང་གིས་ད་ཆའི་འཚོ་བ་སྐྱིད་པོ་ནི་དམར་དམག་དང་བཅིངས་འགྲོལ་དམག་གི་བཀའ་དྲིན་ཡིན་པ་དང་།ང་ཚོས་མི་རབས་ནས་མི་རབས་བར་ཁོང་ཚོའི་གཏམ་རྒྱུད་བརྗོད་ཅིང་དྲན་གསོ་བྱ་དགོས”ཞེས་ལི་ཐའོ་ཧྭ་ཡིས་བརྩེ་བ་ཟབ་མོས་བཤད་ཅིང་།ང་ཚོ་ནི“གསར་བརྗེའི་ཁྱིམ་ཚང”ཞིག་ཡིན་པས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱས་ནས་གསར་བརྗེའི་གཏམ་རྒྱུད་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་དགོས་ཞེས་བཀའ་སློབ་མང་པོ་གནང་མྱོང་བ་རེད།

སྔོན་མ་ཤྭ་རྭ་ཐང་ནི་དེ་འདྲ་ཞིག་མ་རེད། གྲོང་མི་ཚང་ཧ་ཅང་དབུལ་པོ་ཡིན་པས་དངུལ་གཡར་བ་དང་འབྲུ་རིགས་གཡར་ནས་ལོ་གསར་གཏོང་གི་ཡོད་པ་ནི་རྒྱུན་ལྡན་ཞིག་རེད། རྩམ་པ་ཟ་རྒྱུ་ཡོད་ན་ཧ་ཅང་ཡག་པོ་རེད་ཅེས་ལི་ཐའོ་ཧྭས་བཤད་པ་རེད། 2002ལོར་བྲག་མགོ་རྫོང་གིས་ཤྭ་རྭ་ཐང་གྲོང་སྡེའི་གཞུང་ལམ་རིམ་སྤོར་སྒྱུར་བཀོད་བྱས་ནས་འགྲིམ་འགྲུལ་སྟབས་བདེ་མེད་པའི་གྲོང་སྡེའི་ལས་བྱེད་པས་སྣེ་ཁྲིད་དེ་ངལ་རྩོལ་བྱས་ནས་ཟླ་བ་ཁ་ཤས་ནང་ཚུན་དུ་སྤྱི་ལེ3.7ཡོད་པའི་གྲོང་སྡེ་ནས་ཐོན་པའི་གཞུང་ལམ་ཞིག་རྒྱལ་ལམ317པར་སྦྲེལ་མཐུད་ཐུབ་པ་དང་དེའི་རྗེས་ཤྭ་རྭ་ཐང་གྲོང་སྡེས་སླར་ཡང་གྲོང་སྡེ་དང་ཚོགས་ཆུང་གི་གཞུང་ལམ་སྤྱི་ལེ5གསར་

སྐྲུན་དང་སྒྱུར་བཀོད་བྱས་མཐར། བྲག་མགོ་རྫོང་དུ་གཞུང་ལམ་སྒྱུར་བཀོད་བྱེད་ཚད་བརྒྱ་ཆ100ཟིན་པའི་སྔོན་གྲས་ཀྱི་གྲོང་སྡེ་ལ་གྱུར་ཡོད་པ་རེད།

ལམ་བཟོས་ཚར་བས་འཚོ་བ་ཧ་ཅང་སྐྱིད་པོ་རེད། དབུལ་ཐར་འགག་སྒྲོལ་གྱི་རླབས་ཆེན་རྒྱང་སྐྱོད་ལམ་བུའི་ཐོག་ཤྭ་རྭ་ཐང་གྲོང་སྡེས་ཐུར་དང་རྨོ་བསྐྱུར་ནགས་སྐྱོང་། སྔོ་ཇ། ཞིང་ནང་སྐྱེ་འབྲས། གཅིག་སྡུད་གསོ་སྤེལ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ལ་གཞིགས་ནས་སྲོལ་རྒྱུན་གྱི་ཞིང་ལས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག གསར་གཏོད་ཅན་གྱི་ལྟ་སྐོར་ཞིང་ལས་བཏོད་དེ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་འགྱུར་བ་བྱས་ནས་མུའུ་བརྒྱའི་འོ་སེ་ཇ་དང་། མུའུ་སྟོང་གི་འབྲུ་མཛོད། ཕག་གསོ་ཚགས་རྟེན་གཞི་བཅས་འཛུགས་སྐྱོང་བྱས་ཡོད་པ་རེད། དེ་གར་ལོ་རེར་ནས་དང་གྲོ་ཏུན500ལྷག་ཙམ་དང་། ཐོན་རྫས་ཀྱི་ཁམས་ནས་ཨང7པ་རེད། སོན་བཟང་བོད་ལྗོངས་ཀྱི་སྨར་ཁམས་དང་དཀར་མཛེས་ཁུལ་གྱི་རྫ་ཆུ་ཁ་སོགས་སུ་བརྒྱུད་འཚོང་བྱས་དང་བྱེད་བཞིན་ཡོད་པ་རེད། ས་ཞིང་འཁོར་རྒྱུག་བྱས་རྗེས་གྲོང་སྡེའི་ནང་གི་ས་ཞིང་མུའུ2100ལྷག་ཙམ་འགན་གཙང་བླངས་ཏེ་གཅིག་སྡུད་ཐོག་ཞིང་ལས་ཐོན་ལས་ཅན་དུ་འགྱུར་བ་དང་། གཅིག་གྱུར་ངང་འཕྲུལ་ཆས་ཅན་གྱི་རྨོ་འདེབས་བྱེད་པ། འགན་ལེན་ས་ཞིང་ཁོ་ན་ཡིན་པས་གྲོང་སྡེར་ལོ་གཅིག་ནང་ཡོང་འབབ་སྒོར་ཁྲི100ལྷག་ཙམ་ཡོང་གི་ཡོད་པས་གྲོང་མི་ཚོས་རང་ཁྱིམ་གྱི་སྒོ་འགྲམ་དུ་ཡོང་འབབ་གསོག་ཐུབ་ཀྱི་ཡོད། ཡིད་དབང་འཕྲོག་པའི་ཞིང་སྡེའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་བ་ལོ་རེ་བཞིན་མང་དུ་འགྲོ་བ་དང་གྲོང་མི་མང་པོ་ཞིག་གིས་གྲོང་མིའི་ཁྱིམ་གཞིས་སྣེ་ལེན་ལ་བརྟེན་ནས་ཡུལ་སྐོར་གྱི་ཡོང་འབབ་རག་ཡོད།

གསར་འགོད་པ་གྲོང་མི་ཅིན་ཡུས་མིང་གི་ཁྱིམ་དུ་སྐྱོད་སྐབས། ཁོས་བུ་རྒྱུད་ཕྱིར་ལས་ཀ་བྱེད་པར་སོང་ཡོད། ད་ལྟ་ང་ཚོ་རྒན་རྒོན་གཉིས་ཁྱིམ་དུ་བསྡད་དེ་ཅི་ཟོས་འདོད་ཀྱང་བུ་རྒྱུད་ཚོར་ཁ་པར་བརྒྱག་ན་ཚང་མ་སྐྱེལ་ས་ཡོང་བས་དངོས་གནས་སྐྱིད་པོ་འདུག་ཅེས་བཤད།

ལི་ཐའོ་ཧྭ་སྔོན་རྗེས་སུ་ཐོན་སྐྱེད་རུ་ཁག་གི་སྐར་འགོད་པ་དང་དངུལ་གཉེར་པའི་འགན་འཁུར་མྱོང་བས་ཁོ་ལ་ཉིན་ཐོ་འབྲི་བའི་གོམས་གཤིས་འཇགས་ཡོད། ངས་ཨ་ཕའི་དམར་དམག་གི་གཏམ་རྒྱུད་བརྗེད་འགྲོ་རྒྱུ་སྙམ་ནས་སྐྲག་གི་འདུག ཨ་ཕས་བཤད་པའི་སྐད་ཆ་དེ་ངས་ཟིན་ཐོ་ཐོག་འགོད་ཡོད་ཅེས་བཤད། ལི་ཐའོ་ཧྭས་ང་ལ་ད་དུང་གྲོང་སྡེའི་ན་གཞོན་ཚོར་གསར་བརྗེའི་འགྲེལ་བཤད་པ་བྱ་རྒྱུའི་འོས་འགན་ཡོད། ཁོ་ཚོའི་དེ་རིང་གི་བདེ་སྐྱིད་འཚོ་བ་ནི་དམར་དམག་དང་བཅིངས་འགྲོལ་དམག་གིས་ཁྲག་དྲོན་དང་ཚེ་སྲོག་ཕུལ་ནས་ཐོབ་པ་ཞིག་ཡིན་པ་ཤེས་སུ་འཇུག་དགོས་ཞེས་བཤད།

ང་ཚོ་ནི་དམར་དམག་རྒན་གྲས་ལི་ཕུང་མིང་གིས་དམར་དམག་གི་གཏམ་རྒྱུད་ལ་ཉན་ནས་འཚར་ལོངས་བྱུང་བ་ཡིན། ང་ཡང་དམར་དམག་གི་རྗེས་རབས་པ་ཡིན་པས་ང་ཚོས་ངེས་པར་དུ་དམར་དམག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཤྭ་རྭ་ཐང་གྲོང་སྡེ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་དགོས་ཞེས་བཤད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པར་དུད་ཚང་དབུལ་པོ་གཅིག་ཀྱང་མི་ལུས་པ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡོད་པས་ང་ཚོས་སྒུག་རྒྱུ་མེད། ང་ཚོའི་མེས་པོས་མགོ་བོ་དོར་བར་འཛེམ་བག་མེད་པར་མགོ་བོ་དོར་ནས་ང་ཚོར་ཁྱིམ་གཞིས་བསྐྲུན་ཡོད་པས་ང་ཚོས་རང་ཉིད་ཀྱི་ཁྱིམ་གཞིས་དེ་བས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་དགོས་ཞེས་གསུངས་པ་རེད། ལི་ཕུང་མིང་གི་ཚ་བོ་ཁང་ཡུན་གྱིས་བརྩེ་བ་ཟབ་མོའི་སྒོ་ནས་ལོ་ངོ86གོང་སྤོ་བོ་ལགས་དང་སྤོ་བོ་ལགས་དམར་དམག་ལ་ཞུགས་ནས་ཤྭ་རྭ་ཐང་དུ་སླེབས། གསར་བརྗེ་དམར་པོ་འདིའི་སྟེང་དུ་རྒྱུད་སྤེལ་བྱེད་བཞིན་ཡོད། དམར་དམག་གི་རྗེས་རབས་པ་ཞིག་ཡིན་པའི་ཁོང་ཚོར་སྨན་བཅོས་འགན་བཅོལ་དང་སྡོད་ཁང་རྒྱག་རྒྱུའི་ཁ་གསབ་སོགས་ཀྱི་ཐད་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཐོབ་པ་དང་ཏང་དང་སྲིད་གཞུང་གིས་སྤོ་བོ་ལགས་དང་མེས་པོས་དམར་དམག་ལ་ཕུལ་བའི་ལེགས་སྐྱེས་བརྗེད་མེད་པ། སྐབས་དེ་དུས་དམར་དམག་གིས་ས་གནས་དེ་གར་གསར་བརྗེའི་ས་བོན་བཏབ་པ་དང་ལོ80ལྷག་ཙམ་རིང་གཅིག་རྒྱུད་གཅིག་འཛིན་བྱས་ཡོད། ད་ལྟ་ཤྭ་རྭ་ཐང་བྲག་མགོ་རྫོང་ལ་སྐད་གྲགས་ཡོད་པའི་སྒོར་ཁྲིའི་གྲོང་སྡེ་ཞིག་རེད།།



  • ལེ་ཚན་སྔོན་མ།:བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཆེད་དོན་འགྲེམས་སྟོན་བྱས།
  • ལེ་ཚན་རྗེས་མ།:དར་མདོ་ས་ཁུལ་གྱི་དྲུག་གཅིག་བྱིས་པའི་དུས་ཆེན།
  • དོ་སྣང་ཆེ་བའི་རྩོམ།