རླུང་ལ་བསྐུར་བའི་གཞས།

ན་བུན་སྐྱ་བོ།        2021-05-24

སྤྲིན་དཀར་བོ་དཀར་བོར་བལྟས་ཤིང་།།

ལམ་སྐྱ་མོ་སྐྱ་མོར་བསྲིངས་པའི།།

རང་འཆར་སའི་མེ་ལོང་ངོས་སུ།།

དྲིན་ཕ་མ་ཉི་ཟླ་ཟུང་འབྲེལ།།

ནང་ཕུ་ནུ་སྐར་ཚོགས་རང་ཤར།

ཁ་ཞག་གྱི་ལེར་ཁུ་ཞག་ལྡེམ།།

རྒན་བཀུར་ལ་གཞོན་པ་བྱམས་སྐྱོང་།།

སྡེ་ཆེན་པོ་ཆེན་པོའི་ནང་གི།།

ཐང་བདེ་མོ་བདེ་མོའི་དཀྱིལ་གྱི།།

རང་མདངས་ལྡན་དབྱར་

གྱི་དུས་སུ།།

སྦྲ་མཐིང་སྨུག་ཁ་འཚུབ་བར་ནས། །

ལག་གཡས་པ་ཐོད་ལ་བཞག་ནས། །

ཞལ་འཛུམ་མདངས་ནང་

ནས་བསུས་ན།།

འདི་གཞིས་འགྲོན་ཐོག་

མ་ལོས་ཡིན།།

དུས་ཁྲ་ཁྲ་འར་འུར་ཆེ་བའི།།

ལས་ཟང་ཟིང་འཁོར་བའི་གྲོང་ན། །

རང་ཚུད་པའི་དེང་དུས་གཞོན་ནུ། །

གློག་དཀར་དམར་སྒྲོན་མེའི་

ངོགས་སུ།།

ཆུང་བྱམས་པ་ཁ་འཇམ་ཁོག་ནག།

དབྱར་མཚོ་མོའི་འགྲམ་

ངོགས་དེ་ནས།།

ཁ་གྱེས་པའི་ལེ་འུ་དྲན་ནམ། །



  • ལེ་ཚན་སྔོན་མ།:འབྲོག་མོ།
  • ལེ་ཚན་རྗེས་མ།:གཡུ་དཀར་མོ།