དུས་ཚིགས་ཀྱིས་བཞད་པའི་དབྱར་ཁ།

ཇེང་།        2021-09-10

ལས་ཀྱི་བདས་པའི་ནམ་ཟླ།

འོད་ཀྱི་ཞེ་འདང་གི་བསིལ་དྲོད།

མཚམས་སྤྲིན་གྱི་མཐའ་རུ་ཉི་མ་དང་ཟླ་བ།

འཚོ་གཞིས་སུ་འཛོམས་པའི་དུས་ཚིགས་དེ་ཡིན་ནམ།

དབྱར་གྱི་ལང་ཚོའི་ཁ་དོག།

མེ་ཏོག་གི་མཛེས་པ་བསྒོམས་མྱོང་བའི་བདག་གི་དྲན་ཤིང་།

ལོ་ཟླའི་བར་སྣང་གི་ཁམས་སུ་བཞེངས་པའི་

བློས་བསླངས་ཀྱི་མེ་ཏོག།

དྲན་གདུང་གཏིང་མཐར་ཟུག་པའི་འཛུམ་ཁ་གྲོལ་

བའི་དབྱར་ཁ་དེ་ཡིན་ནམ།

འགྲོགས་འདྲིས་ཀྱི་རྨི་ལམ་དེ།

འཚོ་གཞིས་སུ་བཏབ་པའི་ལས་སྐལ་དེ་ཡིན་ནམ།

བཙལ་ཀྱང་མི་རྙེད་པའི་ཤ་རུས་ཀྱི་འཛུམ་བག

ཞེ་སིམ་སིམ་གྱི་ཡིད་འོང་གི་ཚལ་དུ་སྦྲུམ་པའི་

བརྩེ་བ་དེ་ཡིན་ནམ།



  • ལེ་ཚན་སྔོན་མ།:སྙན་ངག་གི་ཕྲ་ཕུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།