སེར་ཤུལ་རྫོང་དུ་རྐུན་མ་འདི་ཚོ་བཟུང་འདུག།

བདེ་ཆེན་དང་ཨོ་རྒྱན་གྱིས་བསྒྱུར།        2021-09-09

ཉེ་ཆར། སེར་ཤུལ་རྫོང་སྤྱི་བདེ་ཅུས་ཀྱིས“བཅོས་སྒྲིག་ཁག་བཞི”དང་“དར་སྲུང་ཨང་བཞི་པའི”ཆེད་དོན་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ། ངར་ཤུགས་གཅིག་སྒྲིམ་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་གྱོད་གཞི་རྩད་ཞིབ་བྱས་ནས་ཉིན་ཁ་ཤས་ནང་འབྲི་གཡག་བརྐུས་པའི་གྱོད་གཞི་བཞི་རྩད་ཆོད་ཡོད། གྱོད་གཞི་དེའི་རིགས་ཀྱི་གནས་ཚུལ་ནི་འདི་འདྲ་ཞིག་རེད་འདུག།

སེར་ཤུལ་རྫོང་དུ་རྐུན་མ་འདི་ཚོ་བཟུང་འདུག།

   གྱོད་གཞི་དང་པོ། སྤྱི་ཟླ9པའི་ཚེས5ཉིན། སེར་ཤུལ་རྫོང་སྤྱི་བདེ་ཅུས་རྫ་སྨད་མངགས་གཏོང་ཁང་གིས་འབྲི་གཡག་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་དེ། དོགས་ཡོད་ཉེས་ཅན་ཤེས་ཆེ་ག་གེ་མོཕོ། ལོ34ཡིན།མཚོ་སྔོན་ཞིང་ཆེན་དར་ལག་རྫོང་གི་མི་ཡིན།འཛིན་བཟུང་བྱས་པ་རེད། བརྟག་དཔྱད་བྱས་པར་བརྒྱུད།2019ལོའི་ཟླ་བ11པར་དོགས་ཡོད་ཉེས་ཅན་གྱིས་སེར་ཤུལ་རྫོང་དབོན་པོ་གྲོང་རྡལ་དུ་འབྲི་གཡག་གཉིས་རིན་ཐང་སྒོར14000ལྷག་ཟིན་པབརྐུས་ནས་བྲོས་བྱོལ་དུ་སོང་བ་རེད། མིག་སྔར་དོགས་ཡོད་ཉེས་ཅན་ཤེས་ཆེ་གེ་མོས་ཉེས་བསགས་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད།

 

སེར་ཤུལ་རྫོང་དུ་རྐུན་མ་འདི་ཚོ་བཟུང་འདུག།

   གྱོད་གཞི་གཉིས་པ། སྤྱི་ཟླ9ཚེས6ཉིན་སེར་ཤུལ་རྫོང་སྤྱི་བདེ་ཅུས་ཁྲོ་ཤུལ་འགབ་མ་མངགས་གཏོང་ཁང་གིས་འབྲི་གཡག་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་དེ། དོགས་ཡོད་ཉེས་ཅན་ཧའོ་ཆེ་གེ་མོཕོ། ལོ28ཡིན། སེར་ཤུལ་རྫོང་གི་མི་ཡིན།དང་། ཧའོ་ཆེ་གེ་མོཕོ། ལོ25། སེར་ཤུལ་རྫོང་གི་མི་ཡིན།གཉིས་འཛིན་བཟུང་བྱས་པ་རེད། བརྟག་དཔྱད་བྱས་པར་བརྒྱུད།2021ལོའི་ཟླ་བ9ཚེས4ཉིན་དོགས་ཡོད་ཉེས་ཅན་འདི་གཉིས་ཀྱིས་སེར་ཤུལ་རྫོང་ཁྲོ་ཤུལ་འགབ་མ་ཡུལ་ཤོག་ནས་འབྲི་གཡག་གཅིགརིན་ཐང་སྒོར10000ལྷག་ཟིན་པབརྐུས་རྗེས་བྲོས་བྱོལ་དུ་སོང་བ་རེད། མིག་སྔར་དོགས་ཡོད་ཉེས་ཅན་འདི་གཉིས་ཀྱིས་ཉེས་བསགས་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད།

སེར་ཤུལ་རྫོང་དུ་རྐུན་མ་འདི་ཚོ་བཟུང་འདུག།
སེར་ཤུལ་རྫོང་དུ་རྐུན་མ་འདི་ཚོ་བཟུང་འདུག།

   གྱོད་གཞི་གསུམ་པ། སྤྱི་ཟླ9ཚེས6ཉིན་སེར་ཤུལ་རྫོང་སྤྱི་བདེ་ཅུས་རྫ་སྟོད་མངགས་གཏོང་ཁང་གིས་འབྲི་གཡག་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་དེ། དོགས་ཡོད་ཉེས་ཅན་རྡོ་རྗེ་ཆེ་གེ་མོ་(ཕོ། ལོ21ཡིན།སེར་ཤུལ་རྫོང་གི་མི་ཡིན།)དང་ཀུན་ཆེ་གེ་མོ་(ཕོ། ལོ27ཡིན།སེར་ཤུལ་རྫོང་གི་མི་ཡིན།)འཛིན་བཟུང་བྱས་པ་རེད། བརྟག་དཔྱད་བྱས་པར་བརྒྱུད།2021ལོའི་ཟླ་བ8ཚེས29ཉིན་དོགས་ཡོད་ཉེས་ཅན་འདི་གཉིས་ཀྱིས་སེར་ཤུལ་རྫོང་དགེ་མང་ཡུལ་ཤོག་ནས་འབྲི་གཡག་གཉིས(རིན་ཐང་སྒོར10000ལྷག་ཙམ)བརྐུས་རྗེས་བྲོས་བྱོལ་དུ་སོང་། མིག་སྔར་དོགས་ཡོད་ཉེས་ཅན་གཉིས་ཀྱིས་ཉེས་བསགས་དོན་དངོས་སྦ་གསང་མེད་པས་ངོས་ལེན་ཞུས་པས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད།

སེར་ཤུལ་རྫོང་དུ་རྐུན་མ་འདི་ཚོ་བཟུང་འདུག།

   གྱོད་གཞི་བཞི་པ། སྤྱི་ཟླ9པའི་ཚེས6ཉིན། སེར་ཤུལ་རྫོང་སྤྱི་བདེ་ཅུས་ཁྲོ་ཤུལ་འགབ་མ་མངགས་གཏོང་ཁང་གིས་འབྲི་གཡག་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་དེ། དོགས་ཡོད་ཉེས་ཅན་འོད་ཆེ་གེ་མོ(ཕོ། ལོ23 །སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་གི་མི་ཡིན།)འཛིན་བཟུང་བྱས་པ་རེད། བརྟག་དཔྱད་བྱས་པར་བརྒྱུད། 2021ལོའི་སྤྱི་ཟླ8པའི་ཚེས26ཉིན། དོགས་ཡོད་ཉེས་ཅན་འོད་ཆེ་གེ་མོ་ཁྲོ་ཤུལ་འགབ་མ་ཡུལ་ཤོག་ཏུ་འབྲི་གཡག་བཞི་(རིན་ཐང་སྒོར25000ལྷག་ཟིན་པ)བརྐུས་རྗེས་བྲོས་བྱོལ་དུ་སོང་བ་རེད། མིག་སྔར། དོགས་ཡོད་ཉེས་ཅན་འོད་ཆེ་གེ་མོས་ཉེས་བསགས་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་དགེ་རྒན་དུས་ཆེན་སྐབས37པའི་ཚོགས་ཆེན་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:རྐང་ཐང་དུ་ཡུལ་སྐོར་འགྲོ་ས་དར་རྩེ་མདོའི་གངས་དཀར་རི་བོ།
  • དོ་སྣང་ཆེ་བའི་རྩོམ།