རང་ཁུལ་གྱིས་བྱེད་ཐབས་སྣ་མང་བླངས་ནས་དམངས་འཚོའི་གཞི་རྩའི་གཞི་ཐིག་བརྟན་པོ་བྱས།

​བདེ་སྐྱིད་ཀྱིས་བསྒྱུར།        2021-09-08

    ད་ལོ་ནས་བཟུང་། རང་ཁུལ་གྱིས་མི་འཐོག་པའི་བཞི་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་མཐའ་སྐྱོང་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་བཞིན་ཡོད། མི་ཁྲི7.8མ་མཐའི་འཚོ་རྟེན་འགན་སྲུང་གི་ཚད་དམའ་ཤོས་སུ་བཞག་པ་རེད། འཚམས་འདྲི་དང་གྲལ་བཤེར་བྱས་པར་བརྒྱུད་མཐའ་སྐྱོང་འགན་ལེན་ཁྱབ་ཁོངས་ནང་བཞག་པའི་དབུལ་ཐར་མི་འབོར་གྱི་ད་ཡོད་གནས་ཚུལ་མཐིལ་རྟོགས་བྱས་ནས། ཡུལ་སྡེ་དར་རྒྱས་ཅུས་སོགས་ཀྱི་སྡེ་ཚན་དང་འབྲེལ་མཐུད་བྱས་ཏེ། མཐའ་སྐྱོང་ཁྱབ་ཁོངས་ནང་བཞག་མེད་པའི་དབུལ་པོར་འགྱུར་སླ་བའི་མི་འབོར་དང་གཏོང་སྒོ་རྣམ་པའི་དཀའ་ངལ་ཡོད་པའི་མི་འབོར་སོགས་ཀྱི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་མུ་མཐུད་ནས་ཡག་པོ་བསྒྲུབས་པ་རེད། མིག་སྔར་ཁུལ་ཡོངས་ཀྱི་དབུལ་ཐར་བརྟན་པོ་མ་བྱུང་བ་དང་། མཐའ་མཚམས་དབུལ་པོར་འགྱུར་སླ་བ། གཏོང་སྒོའི་རྣམ་པའི་དཀའ་ངལ་ཡོད་པ་སོགས་ཀྱི་མི་འབོར4689ལ་འཚམས་འདྲི་དང་གྲལ་བཤེར་བྱས་པ་དང་། མ་མཐའི་འཚོ་རྟེན་འགན་ལེན་གྱི་མཐའ་སྐྱོང་ནང་ཞུགས་མཁན1942ལ་ཟིན་པ། གནས་སྐབས་རོགས་སྐྱོར་ནང་ཞུགས་མཁན216ལ་ཟིན་ཡོད་པ་རེད། ཆེད་དོན་བཅོས་སྐྱོང་སྲ་བརྟན་དང་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས། འགུལ་རྣམ་དོ་དམ་རྒྱུན་འཁྱོངས་བྱས་ནས་རིམ་རྩིས་བྱས་ན་ཆ་རྐྱེན་དང་མི་འཚམ་པའི་མ་མཐའི་འཚོ་རྟེན་འགན་ལེན་བྱ་ཡུལ་གྱི་མི་འབོར3651ཕྱིར་འཐེན་བྱས་པ་དང་གསར་དུ་མི་འབོར1823བཞག་ཡོད་པ་རེད། ཐོ་འགོད་སྙན་སེང་གི་དོ་དམ་རྒྱུན་འཁྱོངས་བྱས་ནས་ལས་གཉེར་མི་སྣའི་གཉེན་ཉེ་ཡིས་མ་མཐའི་འཚོ་རྟེན་འགན་སྲུང་དང་ཐོ་འགོད་སྙེན་སེང་ལོངས་སྤྱོད་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ཁྱོམ་བསྡོམས་མི1000ལྷག་ཙམ་ཐོ་འགོད་སྙན་སེང་ལེགས་འགྲུབ་བྱས་ཡོད། ཞུ་གཏུག་ཡོད་ན་ངེས་པར་དུ་བསྒྲུབ་དགོས་པ་དང་ཞུ་གཏུག་དང་ཐེར་འདོན་གོང་ཞུ་དང་ལེན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། མང་ཚོགས་ཀྱི་ཁ་པར་ཁྱོན་བསྡོམས136ཉན་པ་དང་ཚང་མ་བསྒྲུབས་ཚར་ཡོད། རེ་ཞུ་བྱེད་སྐབས་ངེས་པར་དུ་ཞིབ་དཔྱད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་གྲོང་མིའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་ཆ་འཕྲིན་མ་ལག་བསྐྲུན་ནས་མི་ཁྲི12.8ལ་ཁྱིམ་ཚང་གི་ཡོང་འབབ་དང་རྒྱུ་ནོར་ཞིབ་བསྡུར་བྱས་ཡོད་པ་རེད། འགུལ་རྣམ་ལྟ་ཞིབ་ཚད་ལེན་རྒྱུན་འཁྱོངས་བྱས་ནས་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཡིག་ཚགས་བཟོ་བ། ཞིབ་བསྡུར་ལས་དོན་ཚོགས་ཆུང་འཛུགས་པ་བཅས་བྱས་ཏེ། དུད་ཚང་དུ་བསྐྱོད་ནས་ཞིབ་དཔྱད་བསྡུར་བཤེར་ཐེངས355བྱས་པ་རེད།།

  • ལེ་ཚན་སྔོན་མ།: ལི་ཐང་རྫོང་གིས“རྒྱང་བསྐྱོད་ལམ་དུ་བསྐྱར་སྐྱོད་བྱེད”པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:རྟའུ་རྫོང་གིས་འབྱུང་འཕྲོད་སྐྱེ་ཁམས་འཛུགས་སྐྱོང་བྱས་ནས་ཕྱུག་འགྱུར་ལམ་བུར་བསྐྱོད།
  • དོ་སྣང་ཆེ་བའི་རྩོམ།