གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

ཐུབ་ཀྱིས་བསྒྱུར།        2021-09-07

  ཉེ་ཆར། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧྲུའུ་ཏ་ཁྲུན་དང་བཅས་པ་ལྕགས་ཟམ་རྫོང་དུ་ཕེབས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་ལས་དོན། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་ཐོན་ལས་སྐུལ་འདེད་བཏང་ཚུལ་བཅས་ཕྱོགས་གསུམ་གྱི་ལས་དོན་ལ་དམིགས་ནས་རྟོག་ཞིབ་གནང་བ་རེད།

 

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

   ཉིན་བསྟུད་མའི་རིང་ལ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ཚོ་ཆུང་ལྔ་པས་རང་ཁུལ་ལ་བསྒྲུབ་དགོས་པར་སྤྲད་པའི་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གནད་དོན་ལག་འབྱོར་བྱུང་རྗེས། རང་ཁུལ་གྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་དང་། རྫོང་དང་གྲོང་ཁྱེར་ཁག་གིས་དུས་ཐོག་ཏུ་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གནད་དོན་གོ་ཆོད་པོས་བསྒྲུབས་དང་སྒྲུབ་བཞིན་ཡོད།

 

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

   ཉེ་ཆར། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཆེད་དོན་གྲོས་ཚོགས་འཚོགས་ཏེ། ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་བཅས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བྱས་པ་རེད།

   ད་ལོར་རང་ཁུལ་གྱིས་བཟའ་འབྲུ་དང་སྔོ་ཚོད། སྨན་སོགས་ཁྱད་ཆོས་ཞིང་ལས་ཐོན་རྫས་ལ་དམིགས་ནས་མཐོ་སྒང་གི་སྐྱེ་ཁམས་ཁྱད་ཆོས་ཞིང་ལས་ཐོན་རྫས་འཕེལ་རྒྱས་བཏང་བ་དང་། གནས་མཆོག་དཀར་མཛེས་ཁུལ་ཞེས་པའི་ཁྱད་ཆོས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ་རེད། ད་ཆར་ཁུལ་ཡོངས་སུ་ཞིང་ལས་ཐོན་རྫས4ལ་ལྷད་མེད་བཟའ་བཅའི་དཔང་གཅོད་ཐོབ་ཡོད་ལ། སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་དང་ལྷད་མེད་ཟས་རིགས། སྐྱེ་ལྡན་ཟས་རིགས་བཅས་ཐོན་རྫས་གསུམ་དང་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་རྟགས་མཚན་བཅས་ཀྱི་ཞིང་ལས་ཐོན་རྫས123ཡོད་པ་རེད།

 

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།


   ད་ལོར་རང་ཁུལ་གྱིས་ནགས་རི་གཅིག་ལ་སྲུང་མཁན་གཅིག་གི་བྱེད་ཐབས་སྤྱད་དེ་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་ཕྱོགས་ཡོངས་ནས་དོ་དམ་བྱས་པ་རེད། ད་ཆར་ཁུལ་ཡོངས་སུ་ནགས་དཔོན30ལྷག་དང་སྐྱེ་ཁམས་ནགས་སྲུང་བ་རྩྭ་སྲུང་བ24505ལ་འགན་འཁྲིའི་ས་ཁོངས་བགོས་ཡོད་པ་རེད།

 

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

    ཚེས6ཉིན་ལ། ཞིང་ལས་ཞིང་སྡེ་པུའུ་ཡི་གཞུང་ཕྱོགས་དྲ་བར་རྒྱལ་ཡོངས་ཀྱི་གྲོང་སྡེ་བཅོས་སྐྱོང་དཔེ་སྟོན་གྲོང་རྡལ་དང་གྲོང་སྡེའི་མིང་ཐོ་ཚན་འབོར་གཉིས་པ་ངོས་འཛིན་གཏན་འབེབས་བྱ་རྒྱུའི་སྤྱི་བསྒྲགས་ཁྱབ་སྒྲོག་བྱས་ཤིང་། དེའི་ནང་དུ་རང་ཁུལ་དར་མདོ་གྲོང་ཁྱེར་གུར་དྲག་གྲོང་རྡལ་རི་དཀྱིལ་གྲོང་སྡེ་དང་། བརྒྱད་ཟིལ་རྫོང་ཁེ་རྡོ་གྲོང་རྡལ་ལི་ཝུ་གྲོང་སྡེ། ཕྱག་ཕྲེང་རྫོང་ཕྲེང་སྟོད་གྲོང་རྡལ་གྲོང་སྟོད་གྲོང་སྡེ་བཅས་མིང་བྱང་གི་གྲས་སུ་ཚུད་ཡོད།

 

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

   ཉེ་ཆར། ཧང་ཀྲོའུ་ཡི་སི་ཁྲོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་སྨན་པས་འདབ་པ་རྫོང་དུ་སྒལ་ཚིགས་ཀྱི་རྨ་ཁ་ཆུང་བའི་གཤག་བཅོས་ཐེངས་དང་པོ་བྱས་ཤིང་། ཉལ་སར་ཟླ་བ5ལྷག་ལྷུང་བའི་རྒན་རྒོན་ལོ70སོན་པ་ཞིག་གཤག་བཅོས་བྱས་རྗེས་ཕྱིར་ཉིན་འགྲོ་ཐུབ་པ་བྱུང་ཡོད།

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

 ཉེ་ཆར། གུང་གཞོན་ཚོགས་པ་རྟའུ་རྫོང་ཨུས་གཡུ་ཁོག་སྡེ་ཁུལ་ཞག་སྡོད་ལམ་ལུགས་སློབ་གྲྭར་ཡ་ཞུན་སྤྱི་ཕན་རེ་བའི་སློབ་གོས་སྤྲད་པའི་མཛད་སྒོ་སྤེལ་ཞིང་། སློབ་གོས་ཁྱོན་བསྡོམས278སྤྲད་པ་རེད།

 

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

   ཉེ་ཆར། སྡེ་དགེ་རྫོང་བཟའ་བཅའ་སྨན་རྫས་ཅུས་ཀྱིས་ཞིབ་བཤེར་ཚོ་ཆུང་བཙུགས་ཏེ་རྫོང་སློབ་འབྲིང་གི་ཟ་ཁང་ལ་བཟའ་བཅའ་ཉེན་མེད་སྐོར་གྱི་ཆེད་དོན་ཞིབ་བཤེར་བྱས་པ་རེད།

 

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

   ཉེ་ཆར། ཁྲེང་ཏུའུ་གྲོང་ཁྱེར་ཞིན་ཏུའུ་ཆུས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་ཚན་འབོར་དྲུག་པའི་གནས་སྐབས་ཏང་ཀྲི་པུའུ་ཡིས་ལི་ཐང་རྫོང་དུ་ས་ཁོངས་ཡོངས་ལ་གད་སྙིགས་མེད་པ་དང་ལི་ཐང་དེ་བས་མཛེས་སྡུག་ལྡན་པ་ཞེས་པའི་ཏང་ཀྲི་པུའུ་ཡི་ཕྱི་རོལ་ལག་ལེན་བྱེད་སྒོ་སྤེལ་བ་རེད།

 

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

    ཉེ་ཆར། འདབ་པ་རྫོང་གིས་ཏང་མི་དང་ཞིང་དུད་མཉམ་ལས་ཀྱི་བྱེད་ཐབས་བརྒྱུད་དེ་ཤྭ་ཁྲ136གསོས་ཤིང་། ཤྭ་ཁྲའི་ཞོར་ཐོན་དངོས་རྫས་རྐྱང་མ་བཙོངས་ནས་ཡོང་འབབ་སྒོར་ཁྲི3701རག་པ་དང་། མཉམ་ལས་ཁང་གི་ཞིང་དུད་རེ་ལ་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར3000ལ་ཟིན་ཡོད།

 

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

ཉེ་ཆར། དཀར་མཛེས་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་མི་སྣ་ཁམས་བྱང་མི་རིགས་མཐོ་འབྲིང་སློབ་གྲྭར་ཕྱིན་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་དང་འབྲེལ་བའི་སློབ་མགོ་ཚུགས་པའི་སློབ་ཐུན་དང་པོ་འཚོགས་པ་རེད།

 

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

ཉེ་ཆར། དར་མདོ་གྲོང་ཁྱེར་གྱིས་རྟེན་གཞི་དང་དུད་ཚང་སྦྲེལ་བ་དང་། ཐོན་ལས་དང་ཡུག་ཁུལ་སྦྲེལ་བ། འགན་འཁྲི་དང་བྱེད་པོ་སྦྲེལ་བ་བཅས་ཀྱི་འཕྲུལ་ཆས་ཅན་གྱི་འདེབས་སྡུད་ལ་བརྟེན་ནས་ནས་ནག་རྟེན་གཞི་བཙུགས་ཏེ། ནས་ནག་ས་མུའུ45875བཏབ་ཅིང་། མུའུ་རེའི་ཐོན་ཚད་རྒྱ་མ300ལ་ཟིན་པ་རེད།  


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་དུ་དུག་སྦྲུལ་འདི་འདྲ་ཞིག་མཐོང་།
  • ལེ་ཚན་རྗེས་མ།: ལི་ཐང་རྫོང་གིས“རྒྱང་བསྐྱོད་ལམ་དུ་བསྐྱར་སྐྱོད་བྱེད”པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།