ཧྲེན་དབྱང་ལྕགས་ཟམ་དང་དུང་དཀར་ལུང་པར་རྟོག་ཞིབ་ཏུ་ཕེབས།

ཐུབ་ཀྱིས་བསྒྱུར།        2021-09-07

ཧྲེན་དབྱང་ལྕགས་ཟམ་དང་དུང་དཀར་ལུང་པར་རྟོག་ཞིབ་ཏུ་ཕེབས།

   སྤྱི་ཟླ9པའི་ཚེས4ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ལྕགས་ཟམ་དང་དུང་དཀར་ལུང་པར་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དེའི་འབྲེལ་གྱི་གནད་དོན་མངོན་གསལ་དག་བཅོས་སྒྲིག་བྱ་རྒྱུའི་ལས་ཀའི་སྐོར་ལ་རྟོག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་དུ་ཕེབས་པ་རེད།

ཧྲེན་དབྱང་ལྕགས་ཟམ་དང་དུང་དཀར་ལུང་པར་རྟོག་ཞིབ་ཏུ་ཕེབས།

   ཁོང་གིས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པས་ཁྲིད་སྟོན་དུ་བྱ་དགོས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་བ་དང་། རི་ཆུ་སྔོ་ཞིང་དྭངས་པ་ནི་གསེར་རི་དངུལ་རི་ཡིན་པ་དང་རི་ཀླུང་ཁ་བས་གཡོགས་པ་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དམ་དུ་འཆང་ཞིང་། ཐུན་མོང་ངང་སྲུང་སྐྱོང་ཆེན་པོ་བྱེད་པ་ལས་ཐོན་འབྱེད་ཆེན་པོ་མི་བྱེད་པ་རྒྱུན་འཁྱོངས་པ་དང་། ཀྲུང་དབྱང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ལ་ལྟ་ཞིབ་བྱེད་པར་རང་རྟོགས་ཀྱིས་རྒྱབ་སྐྱོར་དང་རམ་འདེགས་བྱ་དགོས་ལ། ཀྲུང་དབྱང་ལྟ་ཞིབ་ཚོ་ཆུང་གིས་བརྒྱུད་སྤྲད་བྱས་པའི་མང་ཚོགས་ཀྱི་འཕྲིན་ཡིག་དང་ཁ་པར་གྱི་ངོ་བཅར་དོན་ཚན་ནན་ཏིག་ངང་སྒྲུབ་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་མངོན་གསལ་གནད་དོན་བཅོས་སྒྲིག་གཙང་དག་བྱ་རྒྱུའི་ལས་དོན་མཐའ་གཅིག་ཏུ་ཡག་པོ་སྒྲུབ་པ་བཅས་ཀྱིས་སྐྱེ་ཁམས་དམིགས་སུ་བཀར་བ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས་ཞེས་ནན་གསུང་གནང་བ་རེད།།

 


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་སྐྱེས་ཁམས་འཛུགས་སྐྱོང་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་།
  • ལེ་ཚན་རྗེས་མ།:རྟའུ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་འདི་འདྲ་བྱེད་བཞིན་ཡོད།
  • དོ་སྣང་ཆེ་བའི་རྩོམ།