རི་གྲོང་དུ་གློག་རྡུལ་ཚོང་དོན་གཉེར་ནས་ཡུལ་ཐོན་ཁྱད་རྫས་རྒྱལ་ཡོངས་སུ་ཚོང་བྲིན།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-08-30

ལྕགས་ཟམ་རྫོང་གིས་ཆུ་ཚོད་གཉིས་ཀྱི་རིང་ལ་སྟར་ཀ་རྒྱ་མ་ཁྲི10ལ་ཉེ་བ་བཙོངས།

རི་གྲོང་དུ་གློག་རྡུལ་ཚོང་དོན་གཉེར་ནས་ཡུལ་ཐོན་ཁྱད་རྫས་རྒྱལ་ཡོངས་སུ་ཚོང་བྲིན།
འདེབས་འཛུགས་དུད་ཁྱིམ་ཉོ་སྒྲུབ་བྱ་འགུལ་དུ་ཞུགས་པ།

རི་གྲོང་དུ་གློག་རྡུལ་ཚོང་དོན་གཉེར་ནས་ཡུལ་ཐོན་ཁྱད་རྫས་རྒྱལ་ཡོངས་སུ་ཚོང་བྲིན།
གཅིག་བསྡུས་ཉོ་སྒྲུབ་ཚོགས་འདུ་ལ་གྲུབ་འབྲས་ལེགས་པོ་ཐོབ་པ།

“དེ་རིང་ངེད་ཚང་གི་སྟར་ཀ་རྒྱ་མ2476བཙོང་ནས་ལག་དངུལ་སྒོར2971ལག་ལ་འབབ་བྱུང”ཞེས་སྤྱི་ཟླ8པའི་ཚེས20ཉིན་གྱི་སྔ་དྲོར། “གནས་མཆོག་དཀར་མཛེས”ལྕགས་ཟམ་རྫོང་གཅིག་བསྡུས་ཉོ་སྒྲུབ་ཀྱི་བྱེད་སྒོ་མཇུག་བསྒྲིལ་རྗེས། ལྕགས་ཟམ་རྫོང་གདན་དབུས་གྲོང་རྡལ་རི་འཐག་ཕུ་གྲོང་སྡེའི་ཡུལ་མི་ལུའོ་ཐིང་ཐིང་གི་གདོང་ལ་འཛུམ་གྱིས་ཁེངས། ད་ལོའི་སྟར་ཀའི་རིན་གོང་མར་ཆག་ཀྱང་གློག་རྡུལ་ཚོང་པ་སྒོ་འགྲམ་དུ་འོང་ནས་ཉོ་སྒྲུབ་བྱས་པར་བརྟེན། ཁོ་མོ་གང་སར་བརྒྱུགས་ནས་ཚོང་པ་འཚོལ་མི་དགོས་པར་མ་ཟད། སྒོ་འགྲམ་ནས་སྟར་ཀ་རྒྱལ་ཡོངས་སུ་ཚོང་ཐུབ་པ་རེད། ཐོན་སྐྱེད་དང་ཚོང་བསྒྱུར་མཉམ་འབྲེལ་གྱི་འགག་གནད་མང་བ་དང་ཐབས་ལམ་མང་བའི་སྐུལ་འདེད་འོག་ཏུ། ཆུ་ཚོད་གཉིས་ཀྱི་རིང་ལ་ལྕགས་ཟམ་རྫོང་གི་ཞིང་དུད153གྱིས་སྟར་ཀ་སོས་མ་རྒྱ་མ་ཁྲི10བཙོང་ནས་ཕྱིར་ཚོང་གི་ཐོན་རྫས་རིན་ཐང་སྒོར་ཁྲི24ལས་བརྒལ་བ་རེད།

གསོན་ཤུགས་ཀྱིས་ཁེངས་པའི་ཐད་གཏོང་བརྙན་འཕྲིན་དང་འབྲས་བུའི་ཁོ་ལག་རྫོགས་པའི་སྟར་ཀ ། སྤུས་ལེགས་ཀྱི་ཐུམ་རྒྱག་སྒྲོམ་བུ། དེ་མིན་གློག་རྡུལ་ཚོང་བའི་ཡུལ་དངོས་ཉོ་སྒྲུབ་སྟེགས་བུ་བརྒྱུད་ནས་རྒྱལ་ཡོངས་ཀྱི་དྲ་དམངས་ཀྱིས་འཚང་ཁ་ཤིག་ཤིག་གིས་ཚོང་ཟོག་ཉོ་སྒྲུབ་བྱས།

ལྕགས་ཟམ་ཁའི་སྟར་ཀའི་སྤུས་ཀ་ལེགས་ཤིང་ཆེད་སྤྱོད་ཀྱི་ས་ཁམས་མཚོན་རྟགས་ཀྱི་དཔུང་ཡིག་ཚོང་རྟགས་ཡོད་པ་རེད། མིག་སྔར། རྫོང་ཡོངས་སུ་སྟར་ཀ་འདེབས་འཛུགས་བྱས་པའི་ས་ཞིང་རྒྱ་ཁྱོན་མུའུ་ཁྲི7.74ལ་སླེབས། “གློག་རྡུལ་ཚོང་དོན་སྤྱི་གཉེར་ཁང་དང་མཉམ་ལས་ཁང་།རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་ཐོན་སྐྱེད་ཚོང་བསྒྱུར་མཉམ་འབྲེལ་མ་དཔེ་སྤྱད་ནས། ཐོན་རྫས་ཁྲེང་ཏུའུ་དང་ཞིང་ཆེན་གཞན་པའི་ས་ཁུལ་འགའ་ཤས་ལ་ཕྱིར་འཚོང་བྱས། རྫོང་ཡོངས་ཀྱི་སྟར་ཀ་སྐམ་པོའི་ཐོན་ཚད་ཏུན700ལྷག་ལ་སླེབས་ཤིང་། མུའུ་རེའི་ཆ་སྙོམས་ཐོན་ཚད་སྤྱི་རྒྱ570ལྷག་ལ་སླེབས། སྟར་ཀ་སོས་མ་སྤྱི་རྒྱ་རེའི་རིན་གོང་ཕལ་ཆེར་སྒོར3ལ་ཟིན་ཅིང་། ཐོན་རྫས་རིན་ཐང་སྒོར་ཁྲི3000ལྷག་ལ་སླེབས། ཞིང་དུད་ཁྱིམ་ཚང9000ལྷག་ལ་ཁྱབ་ཅིང་། ཡུལ་ཤོག11དང་གྲོང་སྡེ145འབྲེལ་བས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར600ལྷག་འཕར་སྣོན་བྱུང་བ་རེད།

“སྔོན་ཆད་སྟར་ཀ་སོས་མའི་ཐོན་ལེགས་བསྡུ་བའི་དུས་ཚོད་ལ་སླེབས་སྐབས་གྲོང་མི་རྣམས་ཀྱིས་སྟར་ཀ་ཕྱིར་འཚོང་མི་ཐུབ་པར་སེམས་ཁྲལ་བྱེད་ཀྱིན་ཡོད། ” འདེབས་འཛུགས་བྱེད་མཁན་ལི་ཡོན་ཅུན་གྱིས་ཉེ་བའི་ལོ་ཤས་རིང་གློག་རྡུལ་ཚོང་པའི་རོགས་རམ་འོག་ཐོན་སྐྱེད་དང་ཚོང་སྒྱུར་གྱི་འགལ་བ་ནུས་ལྡན་གྱིས་བསལ་བ་རེད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན།གྲོང་མིའི་ཞིང་ལས་ཐོན་རྫས་ཕྱིར་འཚོང་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད།ལྕགས་ཟམ་རྫོང་གིས་ཐོན་ལས་འཕེལ་རྒྱས་ནས་ཐོན་སྐྱེད་དང་ཚོང་སྒྱུར་རྒྱུན་མཐུད།ཡོང་ཁུངས་རོགས་སྐྱོར་ནས་མཇུག་མཐའི་ཕྱིར་འཚོང་།ཉོ་སྒྲུབ་རྩ་འཛུགས་ནས་ཐོན་རྫས་བཟོ་སྐྲུན་སོགས་ཕྱོགས་གང་ཐད་ལ་ལས་ཀ་མང་པོ་བསྒྲུབ་པས་།ཡུལ་སྡེ་དར་རྒྱས་འབྲེལ་མཐུད་ཀྱི་ཐབས་ལམ་ལེགས་པོ་བཏོད་པར་མ་ཟད།སྟར་ཀའི་འདེབས་འཛུགས་ར་བ་མང་པོ་བཙུགས་ནས།མུའུ་ཁྲི་ཅན་གྱི་སྟར་ཀའི་དཔེ་སྟོན་རྟེན་གཞི་བདེ་བླག་ངང་འཛུགས་གཉེར་བྱས་པ་རེད།

ཉོ་སྒྲུབ་ཚོང་པའི་འཐུས་ཚབ་པ་རྒྱ་མཚོས་གསར་འགོད་པར་བཤད་དོན།ཁུལ་ཡོངས་སུ་སྟར་ཀ་འདེབས་འཛུགས་བྱས་པའི་ས་ཞིང་རྒྱ་ཁྱོན་མུའུ་ཁྲི47ལ་ཟིན་ཅིང་།ལོ་རེར་སྟར་ཀའི་ཐོན་ཚད་ཏུན་ཁྲི13དང་།ཐོན་རྫས་རིན་ཐང་སྒོར་ཁྲི35ལ་སླེབས།གློག་རྡུལ་ཚོང་ལམ་གྱིས་ལོ་རེའི་ཕྱིར་འཚོང་ཁྲོད་བརྒྱ་ཆ35ལྷག་ཟིན་ཅིང་།ཕྱིར་ཚོང་དངུལ་སྒོར་དུང་ཕྱུར11ལ་སླེབས།ཐེངས་འདིར་རྩ་འཛུགས་བྱས་པའི་ཁུལ་ཡོངས་ཀྱི་མིང་གྲགས་ཅན་ཀྱི་གློག་རྡུལ་ཚོང་པ་མང་པོས་ལྕགས་ཟམ་རྫོང་ནས་སྟར་ཀ་སོས་མ་གཅིག་བསྡུས་ཀྱིས་ཉོ་སྒྲུབ་བྱས་ནས།ས་གནས་དེ་གའི་འདེབས་འཛུགས་ཞིང་དུད་དང་།ལས་སྣོན་མཉམ་ལས་ཁང་།ཕྱིར་ཚོང་ཞབས་འདེགས་ཚོང་པ་བཅས་མཉམ་དུ་ཞུགས།བྱེད་སྒོའི་ཡུལ་དངོས་སུ་ཞུགས་པའི་ཕྱོགས་སོ་སོས་ཡུལ་དངོས་ནས་གོང་གཏམ་ཉོ་སྒྲུབ་དང་།མཉམ་སྒྲུབ་གྲོས་ཆིངས་འཇོག་པ།ཐད་གཏོང་ཚོང་ཟོག་ཕྱིར་ཚོང་བཅས་བྱས་ནས་ཐོན་སྐྱེད་ཐོན་རྫས་སྤུས་ཀ་ཚད་ལྡན་ཅན།དོ་དམ་བརྒྱུད་རིམ་ཅན་དང་ཐོན་ནུས་གཞི་ཁྱོན་ཅན་དུ་བསྒྱུར་བ་མངོན་འགྱུར་བྱུང་།

ཐེངས་འདིའི་ཉོ་སྒྲུབ་བྱེད་སྒོའི་ཁྲོད་གནས་མཆོག་དཀར་མཛེས་གློག་རྡུལ་ཚོང་དོན་སྤྱི་གཉེར་ཁང་གིས་གསུམ་རོགས་གཅིག་སྐྱོར་གྱི་ཕྱིར་ཚོང་ཇུས་གཞི་བཀོད་ནས།ས་གནས་དེ་གའི་གློག་རྡུལ་ཕྱིར་འཚོང་གཞི་གྲངས་འཕར་ནས་མ་ལག་དུ་ཚུད་པ་དང་།ལྕགས་ཟམ་རྫོང་གི་ཁྱད་ཆོས་ཞིང་ལས་ཐོན་རྫས་ལ་གནས་གཞི་དང་ཚོང་རྟགས།ཁུངས་གཏུག་ས།སྟེགས་བུ།ཉོ་ཚོང་བཅས་ཡོད་པའི་གཅིག་གྱུར་གྱི་དམིགས་ཚད་ལ་སླེབས་པར་མ་ཟད།ཞིང་འབྲོག་མང་ཚོགས་ཀྱིས་ཁྱད་ཆོས་ཞིང་ལས་ཐོན་རྫས་སྒོ་འགྲམ་ནས་རྒྱལ་ཡོངས་སུ་ཚོང་བྲིན་པའི་མཐར་ཐུག་དམིགས་ཡུལ་མངོན་དུ་འགྱུར་བ་དང་ཡུལ་སྡེ་དར་རྒྱས་ལ་ནུས་པ་གསར་པ་བསྣན་ཡོད་པ་རེད།།




  • ལེ་ཚན་སྔོན་མ།: དར་མདོ་གྲོང་ཁྱེར་གྱིས་ལག་རྩལ་འཇོན་ནུས་གསོ་སྦྱོང་བྱས་ནས་ཡུལ་སྡེ་དར་རྒྱས་ལ་ནུས་ཤུགས་འབུལ་རོགས་བྱེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།