དར་མདོ་གྲོང་ཁྱེར་གྱིས་ལག་རྩལ་འཇོན་ནུས་གསོ་སྦྱོང་བྱས་ནས་ཡུལ་སྡེ་དར་རྒྱས་ལ་ནུས་ཤུགས་འབུལ་རོགས་བྱེད།

ཀུན་དགས་བསྒྱུར།        2021-08-30

མང་ཚོགས་ཀྱི་ཤེས་རྒྱ་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ལག་རྩལ་འཇོན་ནུས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་།དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་བཏང་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བར་ནུས་ཤུགས་འབུལ་རོགས་བྱ་ཆེད།ཉེ་ཆར་དར་མདོ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་རྡལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་།དར་མདོ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་དར་མདོ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་སོགས་སྡེ་ཚན་གྱིས་སྒྲུབ་གཉེར་བྱེད་རོགས་བྱས་པའི2021ལོའི་ཀྲུང་ལུགས་གཡོས་སྦྱོར་པའི་ལག་རྩལ་འཇོན་ནུས་གསོ་སྦྱོང་འཛིན་གྲྭ་དངོས་སུ་སློབ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་གསོ་སྦྱོང་གི་དུས་ཚོད་ཉིན10ཡི་ནང་མི39གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ནང་ཆེད་ལས་ཀྱི་གཡོས་སྦྱོར་དགེ་རྒན་གདན་དྲངས་ནས་སློབ་ཁང་ནང་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཡུལ་དངོས་ལག་ལེན་བཀོལ་སྤྱོད་ཟུང་འབྲེལ་བྱེད་པའི་བྱ་ཐབས་བརྒྱུད་དེ། གཡོས་སྦྱོར་སྡེབ་སྦྱོར་དང་གཡོས་སྦྱོར་ལག་རྩལ་སོགས་ཀྱི་ནང་དོན་ལ་དམིགས་ནས་སློབ་སྦྱོང་གསོ་སྦྱོང་བྱ་རྒྱུ་ཡིན་པར་མ་ཟད།གསོ་སྦྱོང་བྱས་པའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་མཁན་གྱི་ཆེད་བསྐོ་མི་སྣ་བཀོད་སྒྲིག་བྱས་ཏེ་མང་ཚོགས་ལ་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པ་དང་ལས་ཞུགས་དེ་བས་ཡག་པོ་ཡོང་བར་རོགས་རམ་བྱས་པ་རེད།།


  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་གིས་འབྲུབ་འགོག་ལས་དོན་ཡག་པོ་སྤེལ།
  • ལེ་ཚན་རྗེས་མ།: རི་གྲོང་དུ་གློག་རྡུལ་ཚོང་དོན་གཉེར་ནས་ཡུལ་ཐོན་ཁྱད་རྫས་རྒྱལ་ཡོངས་སུ་ཚོང་བྲིན།
  • དོ་སྣང་ཆེ་བའི་རྩོམ།