ལི་ཐང་ཏང་མི་རྒན་པ་ཞིག་གིས་ཁ་ཆེམས་འདི་འདྲ་བཞག།

ཐུབ་ཀྱིས་བསྒྱུར།        2021-08-26

    

ལི་ཐང་ཏང་མི་རྒན་པ་ཞིག་གིས་ཁ་ཆེམས་འདི་འདྲ་བཞག།


   ང་རང་ནི་ཏང་གི་བྱམས་སྐྱོང་འོག་ཏུ་འཚར་ལོངས་བྱུང་ཡོད། ཏང་ནི་ངའི་ཕ་མ་གཉིས་པ་ཡིན། ང་ཤི་རྗེས་ངའི་ཚབ་ཏུ་ཏང་རྩ་འཛུགས་ལ་ཏང་རིན་སྒོར10000འདི་སྤྲད་རོགས། དེས་ངའི་བསམ་པ་རྣམ་དག་དང་བཀའ་དྲིན་མཚོན་བྱེད་ཡིན་ཞེས་པའི་ཁ་ཆེམས་ཀྱི་ཚིག་འདི་ནི་ལོ96ལ་སོན་ཞིང་ཏང་ལོ63ཡོད་པའི་ལི་ཐང་རྫོང་གི་ཏང་མི་རྒན་པ་ཨ་ཏ་དཀོན་མཆོག་གིས་བཤད་པ་རེད།

ལི་ཐང་ཏང་མི་རྒན་པ་ཞིག་གིས་ཁ་ཆེམས་འདི་འདྲ་བཞག།

   ཁོང་གིས་མི་ཚེ་གཅིག་ལ་ཀྲུང་གོ་གུང་ཁྲན་ཏང་མི་ཞིག་གི་དམ་བཅའ་བྱ་སྤྱོད་དུ་ལག་ལེན་བསྟར་ཡོད་ལ། ཏང་མི་དཀྱུས་མ་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡང་ལག་ལེན་བྱས་པ་རེད།

   2021ལོའི་ཟླ་བ8པའི་ཚེས4ཉིན་ལ་ཨ་ཏ་དཀོན་མཆོག་ཚེ་ལས་འདས། ཁོང་གི་ཁ་ཆེམས་ལྟར་ཁྱིམ་མིས་སྤྱི་ཟླ8པའི་ཚེས23ཉིན་ལ་ཏང་རིན་སྒོར10000དེ་རྫོང་རྩ་འཛུགས་པུའུ་ལ་བྱིན་ནས་རྒན་པོའི་བསམ་དོན་གྲུབ་ཏུ་བཅུག།

ལི་ཐང་ཏང་མི་རྒན་པ་ཞིག་གིས་ཁ་ཆེམས་འདི་འདྲ་བཞག།

   སྤྱི་ལོ1925ལོའི་ཟླ་བ8པར་ཨ་ཏ་དཀོན་མཆོག་འབའ་ཐང་རྫོང་གདམ་ཡུལ་ཤོག་གི་ཞིང་བྲན་ཞིག་གི་ཁྱིམ་དུ་སྐྱེས་ཤིང་ཨ་ཕ་ཆུང་དུས་ནས་ཤི་བ་དང་། ཨ་མ་དང་མཉམ་དུ་སྤྱི་ཚོགས་རྙིང་པའི་དཀའ་སྡུག་ཚད་མེད་མྱོང་ཡོད། ལོ17ལ་སོན་དུས་སྐུ་དྲག་ཚང་གི་ཁྲལ་པ་དང18ལ་སྐུ་དྲག་ཚང་གི་དུད་ཆུང་བྱས་ནས་སྡུག་བསྔལ་བཟོད་མི་ཐུབ་པ་མྱོང་། 1952ལོར་གུང་ཁྲན་ཏང་བསླེབས་ནས་ཁོང་སྡུག་གི་མེ་འོབས་ལས་བཏོན། 1953ལོར་ཏང་གི་གསར་བརྗེའི་ལས་དོན་དུ་ཞུགས་ཤིང1958ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ལ་ཞུགས་ཏེ་དཀར་མཛེས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཚན་འབོར་གཉིས་པར་གྱུར། བོད་ཞི་བས་བཅིངས་འགྲོལ་གཏོང་བ་དང་བོད་འབྲེལ་ས་ཁུལ་གྱི་རྗེས་ཕྱོགས་ལས་དོན་ཁྲོད་དུ། ཁོང་གིས་བཅིངས་འགྲོལ་དམག་ལ་རོགས་བྱས་ནས་ཇག་པ་འདུལ་བ་དང་། ལམ་སྟོན་པ། ཐུང་སི་བཅས་ཀྱི་ལས་དོན་བསྒྲུབས་ཡོད། སྔོན་རྗེས་སུ་ལི་ཐང་རྫོང་འབོ་པ་ཡུག་ཤོག་གི་ཏང་ཨུའི་ཧྲུའུ་ཅི་དང་། ཞབས་པ་ཆུས་ཀྱི་ཆུས་ཀྲང་། རྫོང་ཨུས་མངགས་པའི་གེ་མོ་ཡུལ་ཤོག་གི་ཐོན་སྐྱེད་ངལ་རྩོལ་ཚོ་པའི་ཚོ་དཔོན། རྫོང་སྤྱི་བདེ་ལས་ཁུངས་བཙོན་སྲུང་ཁང་གི་མགོ་གཙོ། རྫོང་འབྲུ་རིགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས་མྱོང་། 1961ལོར་ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་སྟོན་པ་བདམས་ཡོད།

   1982ལོར་ལས་བསྐྱུར་ངལ་གསོ་བྱས་ཡོད། ཁོང་ལས་གནས་ལས་བུད་ཀྱང་ཏང་མི་ཞིག་གི་རང་གཤིས་བརྗེད་མེད་ལ། ཁོང་གིས་ལོ་རེར་རྒན་གསོ་ཁང་ལ་རྒྱུ་དངུལ་གྱི་ཞལ་འདེབས་ཕུལ་བ་དང་སློབ་གྲྭ་ཁག་གིས་དྲུག་གཅིག་བྱིས་པའི་དུས་སྟོན་གཏོང་དུས་ཞལ་འདེབས་སྒོར500ནས800བར་སྤྲད་པ་སོགས་རང་གི་འཇོན་ཚད་ཀྱིས་གཞན་ལ་རོགས་རམ་བྱས་ཡོད།

   ཁོང་གིས་རང་གི་བུ་རྒྱུད་རྣམས་ལ་ཡང་ཏང་དང་རྒྱལ་ཁབ་ལ་དཀའ་ལས་མ་གཏུབ། མི་དང་ཁེ་ཕན་རྩོད་རེས་མ་བྱེད། རང་གི་འཇོན་ཚད་ཀྱིས་དཀའ་ངལ་ཡོད་པའི་མི་ལ་རོགས་རམ་བྱ་དགོས་ཞེས་ཁ་ཏ་བསླབ་བྱ་བྱས་ཤིང་། བུ་རྒྱུད་ཚོས་ཀྱང་ཨ་ཕའི་བཀའ་ལྟར་ཉན་བཞིན་ཡོད།

   ཨ་ཏ་དཀོན་མཆོག་གིས་ཉིན་གཅིག་ཏང་ནང་ཞུགས་ན། ཚེ་གཅིག་ཏང་ལ་འབུལ་ཞེས་པའི་དམ་བཅའ་དེ་མི་ཚེ་གཅིག་ལ་ལག་ལེན་བྱས་ཡོད།།



  • ལེ་ཚན་སྔོན་མ།:མཁའ་ལམ་བསྐྲུན་པའི་ལམ་ཚད་རྡོ་རིང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།