སེར་ཤུལ་རྫོང་གི་ས་མིང་རིག་གནས་སྐོར་གྱི་བགྲོ་གླེང་།

བློ་བཟང་རྒྱ་མཚོ། དོན་གྲུབ་འཕྲིན་ལས།        2021-08-26

   དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་ཀྱི་རྒྱ་ཁྱོན་ཆེ་བ་དང་། ས་གཤིས་དང་ས་དབྱིབས་སྣ་མང་ཞིང་། ལོ་རྒྱུས་ཡུན་རིང་བ། ས་མིང་གི་རིག་གནས་ཐོན་ཁུངས་མང་བ། རིག་གནས་ཀྱི་ནང་དོན་ཕུམ་སུམ་ཚོགས་པ། ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པ། ལྷག་པར་དུ་ས་མིང་དེ་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ལ་འབྲེལ་བ་དམ་ཟབ་ཡོད་པས། དེང་སྐབས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ནུས་པ་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད།   ཉེ་ཆར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དང་སེར་ཤུལ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ས་མིང་རིག་གནས་འགྲེལ་བཤད།》ལས༼སེར་ཤུལ་ཆེད་དེབ༽ཀྱི་རྩོམ་སྒྲིག་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། སེར་ཤུལ་རྫོང་མི་རིགས་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཤར་བོ་ཐར་གྱིས་ཚོགས་འདུ་གཙོ་སྐྱོང་བྱས། སེར་ཤུལ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ། སེར་ཤུལ་རྫོང་མི་རིགས་ཆོས་ལུགས་ཅུས།  སེར་ཤུལ་རྫོང་འཇུ་དགོན་པ། སེར་ཤུལ་རྫོང་ཀ་ཕུ་དགོན། སེར་ཤུལ་རྫོང་འཕྲིན་སྦྱོར་མཉམ་འབྲེལ་ལྟེ་གནས་དང་སེར་ཤུལ་རྫོང་ས་གནས་འཐུས་མི་སོགས་འབྲེལ་ཡོད་ཆེད་མཁས་མི་སྣ་རྣམས་ཚོགས་འདུར་ཞུགས་པ་རེད།

     ཚོགས་ཐོག་ཏུ་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དང་ཁུལ་རྩོམ་སྒྱུར་ལྟེ་གནས་ཀྱི་རྩོམ་སྒྲིག་མི་སྣ་ཀྲུའུ་རེན་ལིའུ་ཁང་ཧྥེ་ཡི་བཀའ་མངགས་ལྟར་སེར་ཤུལ་རྫོང་གི་ས་མིང་རིག་གནས་འགྲེལ་བཤད་ལས་དོན་གྱི་རྒྱབ་ལྗོངས་དང་རྩོམ་སྒྲིག་བརྒྱུད་རིམ། ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་། དུས་རྒྱུན་འཚོ་བའི་ཐད་དོན་སྙིང་གལ་ཆེན་ལྡན་པའི་སྐོར་ལ་ངོ་སྤྲོད་བྱས་པ་རེད།

     ཚོགས་ཐོག་ཏུ་སེར་ཤུལ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཐུབ་བསྟན་ཚེ་འཕེལ། སེར་ཤུལ་རྫོང་མི་རིགས་ཆོས་ལུགས་ཅུས་ཀྱི་ལས་བྱེད་ཚེ་རིང་འཕེལ་བློ། སེར་ཤུལ་རྫོང་ཀ་ཕུ་དགོན་གྱི་དགོན་པའི་ཀྲུའུ་རེན་གཞོན་པ་འཇམ་དཔལ། སེར་ཤུལ་རྫོང་འཕྲིན་སྦྱོར་མཉམ་འབྲེལ་ལྟེ་གནས་བོད་སྐད་ཚན་ཁག་གི་ཀྲུའུ་རེན་བསྟན་འཛིན་དར་རྒྱས། སེར་ཤུལ་རྫོང་ས་གནས་མི་དམངས་མང་ཚོགས་ཀྱི་འཐུས་མི་དཔལ་ལྡན་རྒྱ་མཚོ་བཅས་ཚོགས་ཞུགས་མི་སྣས་སེར་ཤུལ་རྫོང་གི་ས་མིང་རིག་གནས་འགྲེལ་བཤད་སྐོར་ལ་སོ་སོའི་བསམ་ཚུལ་དང་བསམ་འཆར་གང་མང་བཏོན། ལྷག་པར་དུ་སེར་ཤུལ་གྱི་ས་མིང་གཅིག་གྱུར་དང་ས་མིང་ཡང་དག་བཟོ་བ་ནི་སེར་ཤུལ་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་ལ་ནུས་པ་གལ་ཆེ་ལྡན་པས་མ་ཚད། འདི་ནི་རླབས་ཆེ་བའི་ཀྲུང་ཧྭའི་རིག་གནས་དར་སྤེལ་དང་མི་རིགས་རིག་གནས་ལ་ཞབས་ཞུ་དང་སྲོལ་རྒྱུན་རིག་གནས་གོང་སྤེལ་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན་པ་རེད།


  • ལེ་ཚན་སྔོན་མ།:ལི་ཐང་ཏང་མི་རྒན་པ་ཞིག་གིས་ཁ་ཆེམས་འདི་འདྲ་བཞག།
  • ལེ་ཚན་རྗེས་མ།:རྟ་རྩལ་རིག་གནས་ལ་ཞེན་པ་ལྷག་ཏུ་དཀར་བའི་ཁམས་ལི་ཐང་བ་ཞིག།
  • དོ་སྣང་ཆེ་བའི་རྩོམ།