ཧྲེན་དབྱང་དང་ཞའོ་ཡིའུ་ཚའེ་ཡིས་སི་ཁྲོན་གཞུང་ལམ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི། རྐང་བདག་མགོ་གཙོ་ཧྥུང་ཝུན་ཧྲེང་དང་བཅས་པར་མཇལ་འཕྲད་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2021-08-30

ཧྲེན་དབྱང་དང་ཞའོ་ཡིའུ་ཚའེ་ཡིས་སི་ཁྲོན་གཞུང་ལམ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི། རྐང་བདག་མགོ་གཙོ་ཧྥུང་ཝུན་ཧྲེང་དང་བཅས་པར་མཇལ་འཕྲད་གནང་།

སྤྱི་ཟླ8ཚེས24ཉིན་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྱིས་དར་མདོར་སི་ཁྲོན་གཞུང་ལམ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི། རྐང་བདག་མགོ་གཙོ་ཧྥུང་ཝུན་ཧྲེང་དང་བཅས་པར་མཇལ་འཕྲད་གནང་ནས་ཕྱོགས་གཉིས་ཀས་མཉམ་ལས་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏང་རྒྱུ་དང་མཉམ་ལས་རིམ་པ་ཟབ་ཏུ་གཏང་རྒྱུའི་ཐད་ཕན་ཚུན་བསམ་ཚུལ་སྤེལ་རེས་གནང་བ་རེད།

ཧྲེན་དབྱང་གིས་ཕུང་ཝུན་ཧྲེང་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པར་མ་ཟད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་སི་ཁྲོན་གཞུང་ལམ་ཚོགས་པས་དུས་ཡུན་རིང་པོར་རང་ཁུལ་གྱི་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། སི་ཁྲོན་གཞུང་ལམ་ཚོགས་པས་སྔ་མ་ནང་བཞིན་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་སོགས་ཀྱི་ཐད་སྔར་བས་སྤེལ་རེས་མཉམ་སྒྲུབ་བྱས་ཏེ་ལེགས་ཆ་གསབ་རེས་དང་། གཉིས་ཁེ་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་ཡོང་བ་བྱ་རྒྱུའི་རེ་བ་ཡོད། ང་ཚོས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཁེ་ལས་ལ་ཞབས་ཞུ་འགན་ལེན་ཡག་པོ་བྱས་ཏེ་ལས་གཞིར་སྐུལ་འདེད་ནུས་ལྡན་གཏོང་བར་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།

ཧྥུང་ཝུན་ཧྲེང་གིས་སི་ཁྲོན་གཞུང་ལམ་ཚོགས་པའི་ཚབ་མཛད་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་སི་ཁྲོན་གཞུང་ལམ་ཚོགས་པས་ཁེ་ལས་ཀྱི་འགན་འཁྲི་འཁུར་ཞིང་། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་དཀར་མཛེས་ཁུལ་གྱི་གང་ཅིའི་ཐད་དང་རིམ་གྲས་མང་བ། ཁྱབ་ཁོངས་ཡངས་པ་བཅས་ཀྱི་མཉམ་ལས་ཧུར་ཐག་བྱས་ནས་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་མཉམ་ལས་ལས་གཞི་ལེགས་སུ་བསྒྲུབས་ཏེ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས།ཡུན་རིང་བདེ་འགོད་ཡོང་བར་བཞག་དགོས་པའི་བྱས་རྗེས་འཇོག་དགོས་ཞེས་གསུངས་པ་རེད།། 


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ཚོགས་ཆུང་ཁྲིད་དེ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དུ་ལས་དོན་འབྲེལ་མཐུད་བྱེད་དུ་ཕེབས།
  • ལེ་ཚན་རྗེས་མ།: ས་ཁོངས་བརྒལ་བའི་གླིང་ཁུལ་གྱིས་སི་ཁྲོན་བོད་འབྲེལ་ས་ཁུལ་ལ་འཕེལ་ཁ་དར་དུ་བཅུག།
  • དོ་སྣང་ཆེ་བའི་རྩོམ།