ཧྲེན་དབྱང་གིས་ཚོགས་ཆུང་ཁྲིད་དེ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དུ་ལས་དོན་འབྲེལ་མཐུད་བྱེད་དུ་ཕེབས།

ལྷ་འཛོམས་ཀྱིས་བསྒྱུར།        2021-08-30

སྤྱི་ཟླ8པའི་ཚེས23ཉིན་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་ཆུང་ཁྲེད་དེ་ཁྲེང་ཏུའུ་གྲོང་ཁྱེར་དུ་ཁག་བགོས་ནས་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། ཐིང་ཀྲང་ལུའོ་ཅ་མིང་དང་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། ཐིང་ཀྲང་ཝང་པོ་རྣམ་གཉིས་ལ་མཇལ་འཕྲད་གནང་བས་མ་ཚད། འབྲེལ་ཡོད་ལས་དོན་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དུ་ཧྲེན་དབྱང་གིས་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་ལ་བླ་ན་མེད་པའི་མཐོང་ཆེན་དང་ཐུགས་ཁུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་ལ་མུ་མཐུད་ནས་རྒྱབ་སྐྱོར་ཆེན་པོ་གནང་ནས་མྱུར་བགྲོད་གཞུང་ལམ་གྱི་དྲ་བ་འཛུགས་སྐྲུན་དང་ཕར་འགྲོ་ཚུར་འོང་གི་བགྲོད་ལམ་སོགས་ཀྱི་ཐད་འཆར་འགོད་དང་སྲིད་ཇུས་ཐད་གཟིགས་སྐྱོང་བྱས་ཏེ་རང་ཁུལ་གྱི་འགྲིམ་འགྲུལ་གཙོ་ལམ་དེ་ཕྱུག་འགྱུར་ལམ་བུ་དང་། མཛེས་ལྗོངས་ལམ་བུ། མི་རིགས་མཐུན་སྒྲིལ་གྱི་ལམ་བུ་བཅས་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ལུའོ་ཅ་མིང་གིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ཐད་ཐོབ་པའི་ཕན་འབྲས་ལ་བསྔགས་བརྗོད་ཚད་མཐོན་པོ་བྱས་པ་རེད། དཀར་མཛེས་ཁུལ་གྱིས་ཇུས་འགོད་རྩེ་རིམ་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་ཚད་དཔོག་ལ་དམིགས་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་གཏང་རྒྱུའི་འཆར་འགོད་ཡག་པོ་བཟོས་ཏེ་ཕྱོགས་བསྡུས་འགྲིམ་འགྲུལ་དྲྭ་རྒྱ་སྔར་བས་ཤར་གཏོང་ཐུབ་པ་དང་འཐུས་ཚང་དུ་གཏང་རྒྱུར་སྐུལ་འདེད་གཏང་དགོས། ཞིང་ཆེན་ཐིང་གིས་དཀར་མཛེས་ཁུལ་གྱི་དགོས་མཁོ་དངོས་ལ་ཞིབ་འཇུག་ནན་ཏན་བྱས་ནས་མ་སྐུལ་དང་བླངས་ཀྱིས་ཞབས་འདེགས་ཞུས་ཏེ་མི་རིགས་ས་ཁུལ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དེ་བས་སྲ་ཞིང་བརྟན་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དུ་ཧྲེན་དབྱང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་སྔར་བཞིན་དཀར་མཛེས་ཁུལ་ལ་ཐུགས་ཁུར་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཐད་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ཀྱི་དཔྱད་ཞིབ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲིད་ཇུས་དང་ལས་གཞིའི་མ་དངུལ་སོགས་གསར་འཛུགས་བྱེད་པའི་ཐད་རྒྱབ་སྐྱོར་དང་ཁྲིད་སྟོན་དེ་ལས་མང་དུ་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཝང་པོ་ཡིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ལྷག་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བར་མ་ཟད། གནས་མཆོག་དཀར་མཛེས་ལ་འཕེལ་སྟོབས་དགའ་འོས་པ་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད་པ་རེད་ཅེས་བསྔགས་བརྗོད་གནང་བ་རེད། ཁོང་གིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཁྲིད་སྟོན་དང་ཞབས་ཞུ་མུ་མཐུད་ནས་ཡག་པོ་བྱས་ནས་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།།



  • ལེ་ཚན་སྔོན་མ།:རྟ་རྩལ་རིག་གནས་ལ་ཞེན་པ་ལྷག་ཏུ་དཀར་བའི་ཁམས་ལི་ཐང་བ་ཞིག།
  • ལེ་ཚན་རྗེས་མ།: ཧྲེན་དབྱང་དང་ཞའོ་ཡིའུ་ཚའེ་ཡིས་སི་ཁྲོན་གཞུང་ལམ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི། རྐང་བདག་མགོ་གཙོ་ཧྥུང་ཝུན་ཧྲེང་དང་བཅས་པར་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།