ཡུས་ལི་ཅུན་གྱིས་དཀར་མཛེས་ཁུལ་དུ་བརྟག་ཞིབ་གནང་སྐབས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་པོ་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱ་དགོས་ཞེས་གསུངས།

ལྷ་འཛོམས་ཀྱིས་བསྒྱུར།        2021-08-25

སྤྱི་ཟླ8པའི་ཚེས17ཉིན་ནས་ཚེས20ཉིན་བར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུའི་པུའུ་ཀྲང་ཡུས་ལི་ཅུན་གྱིས་རང་ཁུལ་དུ་བརྟག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་ཏང་འཛུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བསྟར་ཞིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་རྩ་འཛུགས་མ་ལག་གི་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མི་རིགས་ས་ཁུལ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས་པའི་ནན་གསུང་གནང་བ་རེད།

ཡུས་ལི་ཅུན་སྔ་རྗེས་སུ་རང་ཁུལ་གྱི་འབྲེལ་ཡོད་རྫོང(གྲོང་ཁྱེར)དུ་ཕེབས་ཏེ། གྲོང་སྡེ་དང་ཐོན་ལས་གླིང་ཁུལ། གལ་ཆེའི་ལས་གྲྭ་འཛུགས་སྐྲུན་ལས་ཡུལ་དངོས་དང་། གནས་སྤོའི་གཅིག་སྡུད་བཀོད་སྒྲིག་བྱེད་ས་དང་། གསར་བརྗེའི་སློབ་གསོའི་རྟེན་གཞི་བཅས་སུ་ཕེབས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཆ་རྒྱུས་ཞིབ་ཕྲ་བླངས་ཤིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ། ཏང་འཛུགས་སྐྱོང་དམ་འཛིན་བྱས་ནས་ཡུལ་གྲོང་དར་རྒྱས་ལ་སྐུལ་འདེད་གཏོང་བ། བཅའ་ཁྲིམས་ལྟར་དགོན་པ་སྐྱོང་བ་དང་གྲྭ་བཙུན་དོ་དམ་བྱེད་པ། སི་ཁྲོན་རྒྱང་སྐྱོད་ལས་བྱེད་པའི་སློབ་གླིང་དཀར་མཛེས་ཁུལ་ལྕགས་ཟམ་ཁའི་ཡན་ལག་སློབ་གླིང་འཛུགས་སྐྲུན་དང་དེ་བཞིན་རྫོང་རིམ་པའི་ཏང་གི་སློབ་གྲྭའི་རིགས་དབྱེ་བཅོས་བསྒྱུར་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱས་ནས་གྲོང་ཁྱེར་དང་རྫོང་གི་མགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་ལ་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད།

ཡུས་ལི་ཅུན་གྱིས་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོ་སྤེལ་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཀྱིས་མི་སེམས་ལ་སྐུལ་མ་གཏོང་བ། ཏང་ཡོན་ལས་བྱེད་པས་ལོ་རྒྱུས་སློབ་སྦྱོང་ཐད་འབད་བརྩོན་དང་ཕན་འབྲས་དངོས་ཐོན་རྒྱུར་ཁྲིད་སྟོན་བཅས་བྱ་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཐད་དངོས་ཡོད་རྣམ་པ་དང་ནུས་ལྡན་གོ་ཆོད་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་ཏང་རྩ་འཛུགས་འཛུགས་སྟངས་ལེགས་སུ་གཏོང་བ། སྐབས་རྗེས་བྱས་རྗེས་ཀྱི་གྲོང་སྡེའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གཞི་རིམ་ལས་བྱེད་པའི་ནང་ངོས་སྒུལ་ཤུགས་དང་ཧུར་བརྩོན་རང་བཞིན་འཕེལ་བ་བྱ་དགོས། ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་དེ་དམངས་ལ་ཕན་པ་དང་དམངས་ཕྱུག་གི་ཐོག་ནས་མཚོན་པ་བྱས་ཏེ“དཀའ་ངལ་ཡོད་ན་ཏང་ཡོན་འཚོལ་བའི”འབོད་སྐུལ་ཇེ་དྲག་ཏུ་གཏང་དགོས། ལས་གཞི་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། རིམས་ནད་འགོག་ཟོན་ཚོད་འཛིན། བརྟན་བརླིང་འཚོ་སྲུང་། བཅའ་ཁྲིམས་ལྟར་དགོན་སྐྱོང་བ་བཅས་ཀྱི་ཁྲོད་ཏང་རྩ་འཛུགས་དང་ཏང་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་ཀྱི་བསམ་བློའི་སློབ་གསོ་དང་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་བསྣན་ཏེ་མི་རིགས་ས་ཁུལ་གྱི་མི་སེམས་ཏང་ལ་ཕྱོགས་རྒྱུར་ཁྲིད་སྟོན་བྱ་དགོས། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱག་རྒྱུ་དེ་གྲོང་ཁྱེར་དང་རྫོང་གི་མགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་སྤུས་ཚད་མཐོ་བའི་སྒོ་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུ་འཆར་ཟིན་ཡག་པོ་འགོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཡུལ་ལ་དམིགས་ནས་འབྱུང་འགྱུར་གྱི་འཕེལ་རྒྱས་ཇུས་འགོད་བྱེད་པ། སྐབས་བརྗེའི་སྤྱོད་ཚུལ་ལ་ལྟ་སྐུལ་ལ་ཤུགས་སྣོན་ནན་པོ་རྒྱག་པ་བཅས་བྱས་ཏེ“བཟང་པོ་ལྔའི”དམིགས་ཡུལ་བླང་བྱ་གྲུབ་པར་ཁག་ཐེག་བྱ་དགོས།

ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་འབྲེལ་ཡོད་བརྟག་ཞིབ་ནང་ཞུགས་ཡོད།།


  • ལེ་ཚན་སྔོན་མ།:བོད་སྨན་རིགས་ཤིག་སི་ཁྲོན་ཞིང་ཆེན་གྱིས་ཏོག་གསར་འགོག་སྨན་གྲས་སུ་བདམས།
  • ལེ་ཚན་རྗེས་མ།:ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།