ས་ཁོངས་བརྒལ་བའི་གླིང་ཁུལ་གྱིས་སི་ཁྲོན་བོད་འབྲེལ་ས་ཁུལ་ལ་འཕེལ་ཁ་དར་དུ་བཅུག།

ལྷ་འཛོམས་ཀྱིས་བསྒྱུར།        2021-08-30

ས་ཁོངས་བརྒལ་བའི་གླིང་ཁུལ་གྱིས་སི་ཁྲོན་བོད་འབྲེལ་ས་ཁུལ་ལ་འཕེལ་ཁ་དར་དུ་བཅུག།
བྲག་མགོ་རྫོང་གི་ཧྲེང་ཧོང་ཞིང་ལས་གླིང་ཁུལ་གྱི་སྐྱེ་ཚུལ་ཡག་པའི་ཀྲོ་མ་ཀྲོ་རེད།

    སྤྱི་ཟླ8པའི་ཟླ་དཀྱིལ་དུ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བྲག་མགོ་རྫོང་དུ་གནས་པའི་ཧྲེང་ཧོང་ཞིང་ལས་བྲག་མགོ་ཐོན་ལས་གླིང་ཁུལ་དུ་བོད་རིགས་གྲོང་མི་ཆོས་སྐྱིད་ཀྱིས་སྔོ་ཚལ་དྲོད་ཁང་དུ་སྐྱེ་ཚུལ་ཡག་པའི་ཀྲོ་མ་ཀྲུ་ལ་ལྟ་བཞིན་དུ་གསར་འགོད་པར་ས་ཁོངས་བརྒལ་བའི་གླིང་ཁུལ་ནས་རང་ཉིད་ལ་ཟླ་རེར་ཡོང་འབབ་སྒོར5000ཙམ་རག་བཞིན་ཡོད་ཅེས་བཤད། 

    སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་དབུས་རྒྱུད་དུ་གནས་པའི་བྲག་མགོ་རྫོང་གི་ཞིང་འབྲོག་ལས་དེ་དུས་ཡུན་རིང་པོའི་ནང་ཆུང་ལ་རྙོག་འཛིང་ཆེ་ཞིང་ཐར་ཐོར་རུ་གནས་པ་བཅས་ཡིན་པའི་གཞི་ཁྱོན་དེ་ཙམ་ཆགས་མེད་པ་རེད། དེར་བརྟེན་ས་གནས་དེ་གས་ཁྱད་ཆོས་འདེབས་འཛུགས་ལས་རིགས་ལ་སྐུལ་འདེད་བཏང་སྟེ་ས་ཁོངས་བརྒལ་བའི་ལས་སྟངས་བརྒྱུད་ནས་ད་ཡོད་སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་ལས་བརྒལ་ཏེ་རྫོང་ཡོངས་ཀྱི་གྲོང་སྡེ་དབུལ་པོ་ཐོན་ལས་གླིང་ཁུལ་ནང་བཞག་ནས་གྲོང་སྡེ་དང་ཚོགས་ཆུང་མི་འདྲ་བའི་བར་ལེགས་ཆ་གསབ་རེས་དང་ཐོན་ཁུངས་མཉམ་སྤྱོད། ཁེ་ཕན་མཉམ་སྤྱོད། ཐུན་མོང་ཐོག་འཕེལ་རྒྱས་བཅས་ཡོད་བར་བྱས་པ་རེད། 

    2015ལོར་བྲག་མགོ་རྫོང་གིས་ཧྲེང་ཧོང་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་ནང་འདྲེན་བྱས་ནས་སྣེ་ཁྲིད་ཁེ་ལས་གསོ་སྐྱོང་བྱས་ཏེ་ས་ཁོངས་བརྒལ་བའི་ཐོན་ལས་དབུལ་སྐྱོར་གླིང་ཁུལ་ཁྱོན་ཡོངས་ནས་སྐྲུན་མགོ་བཙུགས་པ་རེད། མ་དངུལ་སྒོར་དུང་ཕྱུར1.69བསྡུ་སྒྲིལ་བྱས་པར་བརྒྱུད་མིག་སྔར་དགུན་དུས་དྲོད་ལྡན་སྔོ་ཚལ་དྲོད་ཁང301བསྐྲུན་ཡོད་པ་རེད།

  “ང་ཚོས་ལོ15ཡི་གན་རྒྱ་བཞག་ནས་ལོ་ལྟར་དྲོད་ཁང་རེར་སྒོར་ཁྲི3བགོ་བཤའ་བརྒྱབ་ནས་སྤྲོད་ཀྱི་ཡོད། གྲོང་སྡེ་དབུལ་ཕོངས་ལོ་ལྟར་ཁེ་སྤོགས་སྒོར་ཁྲི6བགོས་པ་དང་གྲོང་སྡེ་དབུལ་པོ་མིན་པར་ལོ་རེའི་ཡོང་འབབ་སྒོར་ཁྲི3ཐོབ་ཀྱི་ཡོད། ང་ཚོར་གྱོང་གུན་ཕོག་ནའང་འགྲོ་སོང་གཅིག་མཚུངས་གཏོང་གི་ཡོད། ང་ཚོའི་གླིང་ཁུལ་ནང་གི་ཀྲོ་མ་ཀྲུ་གཙོ་བོ་ནི་ཀླུང་ཐང་ས་ཁུལ་དང་བསྡུར་ན་ས་བབ་མཐོ་བ་དང་ཉིན་མཚན་གྱི་དྲོད་གྲང་ཧེ་བག་ཆེ་བ། ཀྲོ་མ་ཀྲུ་ལ་ཉི་འོད་ཕོག་ཡུན་རིང་བས། བྲོ་བ་ཞིམ་ཞིང་མངར་ཚད་ལེགས་པ་བཅས་ཡོད།དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་བཟང་པོ་ལས་ཡུལ་དེ་གའི་སྐྱེ་ལྡན་སྔོ་ཚལ་ལ་དམིགས་བསལ་གྱི་ཁྲོམ་རའི་ལེགས་ཆ་ལྡན་པས་ཁྲེང་ཏུའུ་རུ་བཙོངས་པར་མ་ཟད།ད་དུང་ཧྲང་ཧའེ་དང་ཀོང་ཏུང་སོགས་སུ་ཕྱིར་ཚོང་བྱས་ཡོད་”ཅེས་ཧྲེང་ཧོང་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་ཅིང་ལི་ཏིང་ཧྥང་ལི་ཡིས་འདི་ལྟར་བཤད། 

    མིག་སྔའི་བར་ས་ཁོངས་བརྒལ་བའི་གླིང་ཁུལ་ལ་བརྟེན་ནས་བྲག་མགོ་རྫོང་གི་གྲོང་སྡེ171ལ་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་འབབ་སྒོར་ཁྲི900བགོས་པ་དང་། མང་ཚོགས་ལས་ཞུགས་ཐུབ་ཚད་མི168ལ་ཟིན་ཞིང་། ལས་ཞུགས་བྱས་ནས་ཡོང་འབབ་སྒོར་ཁྲི700འཕར་བ་རེད། ལས་བཟོའི་ཡོང་འབབ་ཕུད། གླིང་ཁུལ་གྱིས་ད་དུང་ས་ཞིང་མུའུ1500བརྒྱུད་བཤུག་བྱས་པ་དང་མུའུ་རེར་སྒོར600ཡི་ཚད་གཞི་ལྟར་གྲོང་མི་ཚོར་ལོ་ལྟར་ཡོང་འབབ་སྒོར་ཁྲི90རག་གི་ཡོད་པ་རེད། 

   2012ལོའི་སྤྱི་ཟླ5པར་བཙུགས་པའི་ས་ཁོངས་བརྒལ་བའི་བཟོ་ལས་གླིང་ཁུལ་དེས་དཀར་མཛེས་ཁུལ་གྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་རྒྱལ་ཁབ་དང་ཞིང་ཆེན་གྱི་བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ཀྱིས་འདེགས་སྐྱོར་བྱས་ནས་མེན་ཧྲན་གྱི་ས་བབ་དང་ཐོན་ལས་ཀྱི་ལེགས་ཆར་བརྟེན་ནས་དཀར་མཛེས་ཁུལ་དང་མེན་ཧྲན་གྲོང་ཁྱེར་གྱིས་མ་དངུལ་མཉམ་བཏང་བྱས་ནས་བཏོད་པ་ཞིག་རེད། 

    གླིང་ཁུལ་དུ་དེང་རབས་ཅན་གྱི་བཟོ་གྲྭར་གྲས་རིམ་ལྟར་སྒྲིག་པ་དང་གླིང་ཁུལ་དུ་ཐོན་སྐྱེད་བྱས་པའི་ལྕགས་རིགས་རྒྱུ་ཆའི་ཐོན་རྫས་དང་ནུས་རྒྱུ་གསར་པའི་ཐོན་རྫས་སོགས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་རྒྱུན་མི་ཆད་པར་ཕྱིར་ཚོང་བྱེད་ཀྱི་ཡོད། གྲངས་གཞི་ལས་མངོན་པར། 2020ལོར་སླེབས་སྐབས་གླིང་ཁུལ་དེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར256.96ལ་ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ12.1འཕར་ནས་སི་ཁྲོན་གྱི་བོད་འབྲེལ་ས་ཁུལ་བཞིའི་ས་ཁོངས་བརྒལ་བའི་ཐོན་ལས་གླིང་ཁུལ་དུ་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་མང་ཤོས་ཀྱི་གྲས་སུ་སླེབས་ཡོད།

     ས་ཁོངས་བརྒལ་བའི་ཐོན་ལས་གླིང་ཁུལ་གྱིས་ས་ཁོངས་བརྒལ་བའི་དཔལ་འབྱོར་གཏོད་པ་དེས་ས་ཁོངས་བར་གྱི་གཟིགས་སྐྱོང་སྲིད་ཇུས་འགྲན་བསྡུར་དང་འགྲན་རྩོད་ངན་པ་ཉུང་དུ་བཏང་བར་མ་ཟད། ད་དུང་ས་ཁུལ་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་བ་དང་ཐོན་ཁུངས་གསབ་རེས་ཐུབ་ནས་སྲིད་འཛིན་ས་ཁོངས་ཀྱི་བཀག་རྒྱ་ལས་དངོས་འབྲེལ་སྒྲོལ་ཐུབ”ཅེས་བཤད། དཀར་མཛེས་དང་མེན་ཧྲན་བཟོ་ལས་གླིང་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་ལོ་མང་འཕེལ་རྒྱས་བཏང་བར་བརྒྱུད། གླིང་ཁུལ་དུ་སྔོན་ལ་འཕེལ་རྒྱས་བཏང་བའི་ས་ཁུལ་གྱིས་རྗེས་སུ་འཕེལ་རྒྱས་གཏོང་བའི་ས་ཁུལ་གྱི་བཟོ་ལས་ཅན་དང་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་ཁྲིད་བྱེད་པའི་སྔོ་ཐོན་གྱི་རྣམ་པ་ཞིག་ཆགས་ཡོད། 2021ལོར་གླིང་ཁུལ་དུ་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར350ལ་ཟིན་པ་དང་འཕར་ཚད་བརྒྱ་ཆ30ཡན་ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད་ཅེས་བཤད་པ་རེད།

       དཀར་མཛེས་ཁུལ་གྱི་འཆར་འགོད་ལ་གཞིགས་ན། 2025ལོར་སླེབས་སྐབས་དཀར་མཛེས་ཁུལ་གྱི་ས་ཁོངས་བརྒལ་བའི་གླིང་ཁུལ་དུ་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1100ཡན་ཟིན་རྒྱུ་དང་ཁུལ་ནང་གི་ཐོན་ལས་གཅིག་སྡུད་ཁུལ་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར20ཡན་ཟིན་རྒྱུ་རེད།། 

  • ལེ་ཚན་སྔོན་མ།: ཧྲེན་དབྱང་དང་ཞའོ་ཡིའུ་ཚའེ་ཡིས་སི་ཁྲོན་གཞུང་ལམ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི། རྐང་བདག་མགོ་གཙོ་ཧྥུང་ཝུན་ཧྲེང་དང་བཅས་པར་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་གིས་འབྲུབ་འགོག་ལས་དོན་ཡག་པོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།