འབའ་ཐང་རྫོང་གིས་འབྲུབ་འགོག་ལས་དོན་ཡག་པོ་སྤེལ།

ཀུན་དགས་བསྒྱུར།        2021-08-30

ཉེ་ཆར།འབའ་ཐང་རྫོང་ཆུ་བེད་ཅུས་འབྲུབ་འགོག་ཞིབ་བཤེར་ཚོགས་ཆུང་གི་ལས་སྒྲུབ་མི་སྣ་དབྱང་ལིན་གྱིས་སྡེ་དར་ཡུལ་ཤོག་ཆོས་སྒར་གྲོང་སྡེའི་འདམ་རྡོའི་ཆུ་རུད་ཀྱི་མི་མངོན་པའི་རྐྱེན་ངན་ཐོན་སར་ཞིབ་བཤེར་བྱེད་སྐབས།ཡུལ་ཤོག་གྲོང་རྡལ་གྱི་འགན་འཁུར་བར་ཉེ་ཆར་དྲོད་ཚད་མཐོ་རུ་ཕྱིན་པ་དང་ཆར་པ་ཉུང་དུ་ཕྱིན་ཡོད་མོད།འོན་ཀྱང་ཁྱེད་རྣམ་པས་མུ་མཐུད་ནས་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་སྐོར་ཞིབ་ཟིན་ཐོ་ཡག་པོ་འགོད་པ།འགན་འཁྲིའི་འབྲེལ་བ་དམ་དུ་གཏོང་བ།ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བཅས་བྱ་དགོས་ཞེས་ཁ་བཀོད་བྱེད་བཞིན་འདུག།

ཆུ་འབྲུབ་དུས་སུ་འབའ་ཐང་རྫོང་གིས་དུས་ངེས་མེད་ཐོག་འབྲུབ་འགོག་ལས་དོན་གྱི་བརྙན་འཕྲིན་བཀོད་གཏོང་ཚོགས་འདུ་འཚོགས་པ་དང་།ཁ་པར་ཐོག་ནས་རྫོང་ཡོངས་ཀྱི་འབྲུབ་འགོག་ལས་རེས་ས་ཚུགས་ཁག་གི་ལས་ཀའི་གནས་ཚུལ་ལ་ཟུར་བཤེར་དང་། ཆུ་ཚོད24ལ་ལས་རེས་བརྟན་སྲུང་། གོང་འོག་མཉམ་འགུལ་དང་ཚོར་བ་སྐྱེན་པོ་ཡོང་བ་བཅས་བྱས་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་ཏན་ཏིག་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།མིག་སྔར་ཆུ་འབྲུབ་པའི་དུས་སུ་སླེབས་ཡོད་པས་འབྲུབ་འགོག་ལས་དོན་དེ་བས་ཛ་དྲག་ཏུ་ཕྱིན་ཡོད།མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་།དྲིལ་བསྒྲགས་སློབ་གསོ།ཉེན་ཟོན་སྔོན་བརྡ། ལྟ་ཞིབ་ཚད་ལེན་བཅས་ཀྱི་ལས་དོན་ཚང་མ་ཧ་རེ་ཧུ་རེ་བྱེད་མི་རུང་། ད་ལོའི་འབྲུབ་འགོག་ལས་དོན་ཡག་པོ་བསྒྲུབ་ཆེད།འབའ་ཐང་རྫོང་གིས་དོན་དངོས་ལ་གཞིགས་ནས་དམ་འཛིན་ནན་པོ་བྱས་པར་མ་ཟད་འབྲུབ་འགོག་ལས་དོན་ཁག་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་ཡོད།

འགན་འཁྲི་དོན་འཁྱོལ་བྱེད་པའི་ཐད། རྫོང་དེས་རིམ་པ་བགོས་ནས་དོ་དམ་བྱེད་པའི་རྩ་དོན་གཞིར་བཟུང་ནས་རིམ་པ་བཞིན་སྲིད་འཛིན་མགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་ནང་དོན་གཙོ་བོར་བྱས་པའི་འབྲུབ་འགོག་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་པ་དང་།འབྲུབ་འགོག་རིགས་ཁག་གི་འགན་འཁུར་བ384དོན་འཁྱོལ་བྱས་པ།འབྲུབ་འགོག་འགན་འཁྲི་དང་དམ་བཅའི་ཡི་གེ58བཞག་ནས་ལས་ཀའི་ལམ་སྲོལ་གྱི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས།

སྒྲིག་ཆས་ཉེན་ཟོན་སྔོན་བརྡ་གཏོང་རྒྱུའི་ཐད། རྫོང་འབྲུབ་འགོག་ཐན་འགོག་གཞུང་ལས་ཁང་གིས་ཆུ་བེད་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི19སྤྱད་དེ་རྫོང་ཡོངས་ཀྱི་ཡུལ་གྲོང17གྱི་རང་འགུལ་ཆར་ཆུ་ཚད་དཔོག་གི་ས་ཚུགས16དང་།རང་འགུལ་ཆུ་ཁ་ས་ཚུགས4 བརྙན་ལམ་ས་ཚུགས4 སྟབས་བདེའི་ཆར་ཚད་འཇལ་ཆས118 སྐུད་མེད་རླུང་འཕྲིན་སྔོན་བརྡ་གཏོང་བྱེད་འཕྲུལ་ཆས86བཅས་སྲུང་སྐྱོང་དང་བརྗེ་སྒྱུར་ལེགས་སྒྲུབ་བྱས་ནས་ཉེན་ཟོན་སྔོན་བརྡ་དུས་ཐོག་རང་བཞིན་དང་ཚན་རིག་རང་བཞིན་འགན་ལེན་བྱས་ཡོད།

མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པའི་ཐད།རྫོང་འབྲུབ་འགོག་ཐན་འགོག་གཞུང་དོན་ཁང་གིས་སྔ་རྗེས་སུ་མི་མངོན་པའི་རྐྱེན་ངན་ཐོན་ཡུལ་དང་།ཆུ་གློག་ས་ཚུགས།སྐྲུན་བཞིན་པའི་ཆུ་འབྲེལ་ཨར་ལས་སྡེ་ཚན་སོགས་གཙོ་གནད་ཁུལ་དུ་བསྐྱོད་དེ་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱས་ཤིང་། མིག་སྔའི་བར་མི་མངོན་པའི་རྐྱེན་ངན་ཁྱོན་བསྡོམས12གྲལ་བཤེར་བྱས་ནས་ཁྱོན་ཡོངས་ནས་དག་ཐེར་བཅོས་སྐྱོང་བྱས་པ་དང་། ཨར་ལས་སྡེ་ཚན་སྒྲིག་འཛུགས་བྱས་ནས་གནོད་འཚེ་ཕོག་ཁུལ154ལ་བསྐྱར་དུ་ཞིབ་བཤེར་བྱས་པའི་ལས་དོན་སྤེལ་ཡོད་པ་རེད།།


  • ལེ་ཚན་སྔོན་མ།: ས་ཁོངས་བརྒལ་བའི་གླིང་ཁུལ་གྱིས་སི་ཁྲོན་བོད་འབྲེལ་ས་ཁུལ་ལ་འཕེལ་ཁ་དར་དུ་བཅུག།
  • ལེ་ཚན་རྗེས་མ།: དར་མདོ་གྲོང་ཁྱེར་གྱིས་ལག་རྩལ་འཇོན་ནུས་གསོ་སྦྱོང་བྱས་ནས་ཡུལ་སྡེ་དར་རྒྱས་ལ་ནུས་ཤུགས་འབུལ་རོགས་བྱེད།
  • དོ་སྣང་ཆེ་བའི་རྩོམ།