ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་འཚོགས།

ལྷ་འཛོམས། ཀུན་དགའ། རྟ་མགྲིན་རྡོ་རྗེས་བསྒྱུར།        2021-09-01

ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གསུང་བཤད་གནང་།

གྲོས་ཚོགས་ཐོག《སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསར་གཏོད་སྐུལ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་གཏན་འབེབས》《ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོགས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་སྐོང་ཚོགས་བྱ་རྒྱུའི་སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། 

ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་འཚོགས།

ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གསུང་བཤད་གནང་།

ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་འཚོགས།
སྤྱི་ཟླ8པའི་ཚེས29ཉིན་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་དར་མདོར་འཚོགས།

ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་སྐབས་བཅུ་གའིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྤྱི་བསྒྲགས།

(2021ལོའི་སྤྱི་ཟླ8པའི་ཚེས29ཉིན་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་གྲོས་འཆམ་བྱུང་བ)

ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་དེ2021ལོའི་སྤྱི་ཟླ8པའི་ཚེས29ཉིན་དར་མདོར་འཚོགས་པ་རེད།

ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྱི་ཁུལ་ཨུའི་ཨུ་ཡོན46དང་རྗེས་སྣོན་ཁུལ་ཨུའི་ཨུ་ཡོན5ཡོད་པ་རེད། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་རྒྱུན་ཨུ་དང་ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་བྱས་པ་རེད། ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་བློ་མཐུན་ཁག་ཅིག་ཀྱང་ཚོགས་འདུར་ཟུར་ཞུགས་བྱས་ཡོད་པ་རེད།

ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གསུང་བཤད་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་ཧྲེན་དབྱང་གིས་ཁུལ་ཨའི་རྒྱུན་ལས་ཨུ་ལྷན་གྱིས་ཚབ་མཛད་ནས་ཞུས་པའི་ལས་དོན་སྙན་སེང་ལ་ཉན་འཇོག་བྱས་ནས་གྲོས་བསྡུར་བྱས་པས་མ་ཚད། 《སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསར་གཏོད་སྐུལ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་གཏན་འབེབས》《ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་སྐོང་ཚོགས་བྱ་རྒྱུའི་སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཧྲེན་དབྱང་གིས《ཆོད་དོན(གྲོས་བསྡུར་མ་ཟིན)》《གྲོས་ཆོད(གྲོས་བསྡུར་མ་ཟིན)》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་འཚོགས་ཚུན་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཚང་མས་ཁུལ་ཨུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བོད་འབྲེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཞིང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ཁག་དང་བློ་མཐུན་ཕེང་ཆིང་ཧྭ་རང་ཁུལ་དུ་གཟིགས་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་བར་ཕེབས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་བ། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་རྒྱུའི་ཚད་དཔོག་ལ་གཞི་ཚུགས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པ། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་དུ་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཐབས་ཇུས་རྒྱུན་མཐུད་ངང་ལག་ལེན་བསྟར་བ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་སྐུལ་འདེད་གཏོང་བ་དང་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་ཟོན་ཚོད་འཛིན་བྱེད་པ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་བཅས་ལ་གཅིག་གྱུར་འཆར་འགོད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་བཅས་ངོས་འཛིན་གཅིག་མཐུན་བྱས་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསར་གཏོད་རྒྱུན་འཁྱོངས་བྱ་རྒྱུ་འདི་རང་རྒྱལ་དེང་རབས་ཅན་འཛུགས་སྐྱོང་བྱེད་པའི་སྤྱི་ཡོངས་ཀྱི་ནང་དུ་སྲོག་ཤིང་གི་གནས་ཐང་ལ་བཏོན་ནས་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རྩ་གནད་ནང་ཆེད་དོན་བཀོད་སྒྲིག་བྱས་ཡོད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པས་ཞིང་ཆེན་ཡོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསར་གཏོད་སྐུལ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏང་རྒྱུའི་ཐད་འཐབ་ཇུས་རང་བཞིན་གྱི་འཆར་འགོད་དང་བརྒྱུད་རིམ་རང་བཞིན་གྱི་བཀོད་སྒྲིག་བྱས་པ། སི་ཁྲོན་ནུབ་བྱང་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ཚན་རྩལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུར་རྒྱབ་སྐྱོར་བྱས་ནས་མཐོ་སྒང་གི་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་གཏང་དགོས། དཀར་མཛེས་ཁུལ་ནི་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་བརྟེན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསར་གཏོད་སྐུལ་ཁྲིད་བྱེད་པར་སྐུལ་འདེད་གཏང་རྒྱུ་ནི་ཀྲུང་དབྱང་དང་ཞིང་ཆེན་ཨུ་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱ་སྤྱོད་དངོས་ཡིན་ལ། 

ཞིང་ཆེན་ཡོངས་ཀྱི“གནས་གཅིག་ཕྱོགས་མང་དང་ས་ཁུལ་ལྔ་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི”བཀོད་སྒྲིག་གི་འཐབ་ཇུས་ལས་འགན་དོན་འཁྱོལ་བྱེད་པའང་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་རིག་གནས་མ་ལག་ནང་མཉམ་འདྲེས་བྱེད་པའི་ཐབས་ལམ་ནུས་ལྡན་ཡིན་པ། འབྱུང་འཕྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ནང་གནས་ཀྱི་བླང་བྱ་ནི་དེ་ལས་ཀྱང་ཡིན་པས། ངེས་པར་དུ་དུས་ཡུན་རིང་ཞིང་ཁ་ཚ་དགོས་གཏུགས་ཐག་གཅོད་བྱ་དགོས་པའི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་ཏེ་སི་ཁྲོན་འདི་ཉིད་གསར་གཏོད་སྐུལ་ཁྲིད་བྱས་ནས་འཕེལ་རྒྱས་སྔོན་སྤེལ་བྱེད་མཁན་གྱི་ཞིང་ཆེན་དུ་གྱུར་པར་དཀར་མཛེས་ཁུལ་གྱི་བྱས་རྗེས་འཇོག་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསར་གཏོད་སྐུལ་ཁྲིད་བྱེད་པར་སྐུལ་འདེད་གཏིང་ཟབ་གཏང་རྒྱུའི་སྤྱིའི་བླང་བྱ་བཏོན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་དུ་འཛིན་ཞིང་།“གསར་གཏོད་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་། གསར་གཏོད་དོན་གཉེར་བྱེད་པ་ནི་མ་འོངས་པར་དོན་གཉེར་བྱེད་པ་ཡིན་”ཞེས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ།“གདེང་ཚོད་བཞི”སྲ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཚད་དཔོག་ལ་གཞི་བཟུང་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དང་ས་གནས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་ཕན་ཚུན་གཅིག་གྱུར་འཆར་འགོད་དང་། ཚན་རྩལ་གསར་གཏོད་གཏིང་ཟབ་ཏུ་གཏང་རྒྱུ་དང་ལམ་ལུགས་གསར་སྐྲུན་བྱ་རྒྱུ་ཕན་ཚུན་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ཁུངས་གསོག་འཇོག་བྱེད་ཚད་སྐུལ་སློང་བྱེད་པ་དང་ཐོན་ཁུངས་ཀྱི་བཟང་སྒྲུབ་འཕར་ཚད་ལེགས་སུ་གཏང་རྒྱུ་ཕན་ཚུན་སྐུལ་འདེད་གཏོང་བ། སྲིད་གཞུང་གི་ནུས་པ་འདོན་སྤེལ་དང་ཚོང་རའི་གསོན་ཤུགས་སྐུལ་སྤེལ་གཏང་རྒྱུ་ཕན་ཚུན་ཟུང་འབྲེལ་བྱེད་པ། འབྱུང་འཕྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་ཡིས་བརྗོད་བྱ་གཙོ་བོར་འཛིན་པ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་བཀོལ་སྤྱོད་བྱ་རྒྱུ་འདེགས་སྐྱོར་དུ་བྱེད་པ་དང་། སྒྲིག་སྲོལ་ལམ་སྲོལ་བཅོས་བསྒྱུར་གཏིང་ཟབ་བྱ་རྒྱུ་སྒུལ་ཤུགས་སུ་བྱེད་པ། གྲངས་གཞིའི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱ་རྒྱུ་འཛིན་ཡས་སུ་བྱེད་པ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་བྱེད་པ། ཚན་རྩལ་གྲུབ་འབྲས་བཀོལ་སྤྱོད་བྱ་རྒྱུ་གཙོ་བོར་བྱེད་པའི་གསར་སྐྲུན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་ཇེ་མགྱོགས་བྱེད་པར་སྒུལ་ཤུགས་སྟོབས་ཆེར་མཁོ་འདོན་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་གསར་གཏོད་སྐུལ་ཁྲིད་བྱེད་པར་སྐུལ་འདེད་གཏིང་ཟབ་གཏང་རྒྱུའི་དམིགས་ཡུལ་ལས་འགན་བཏོན་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་འབད་བརྩོན་བྱས་པར་བརྒྱུད། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེས་ཁམས་དཔེ་སྟོན་ཁུལ་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ཚན་རྩལ་འདེགས་སྐྱོར་མ་ལག་ཅིག་ཆགས་པ་བྱ་རྒྱུ་དེ་རེད། ཕྱོགས་བསྡུས་གསར་གཏོད་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་བཏང་ནས། གྲངས་ཚད་ཡོད་པའི་ཚན་རྩལ་གྲུབ་འབྲས་དང་དཔེ་སྟོན་བཀོལ་སྤྱོད་ཀྱི་གྲུབ་འབྲས་ཁག་གཅིག་ཆགས་པ་བྱེད་པ་དང་། མཐོ་སྒང་གི་ཁྱད་ཆོས་ཐོན་ལས་ཀྱི་ཚན་རྩལ་འདུས་ཚད་ཡོངས་ཁྱབ་ངང་མཐོ་རུ་བཏང་ནས། ཆ་འཕྲིན་ཅན་དང་ཐོན་ལས་དང་པོ།གཉིས་པ།གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་བྱ་དགོས།སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། འབྱུང་འཕྲོད་ཐཱན་ཉུང་གི་རེས་འཁོར་གོང་སྤེལ་མ་ལག་གཞི་རྩའི་ཐོག་གྲུབ་པ་དང་།འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་གལ་ཆེ་བའི་སྐྱེ་ཁམས་སྲུང་ཡོལ་སྔར་བས་ཇེ་བརྟན་དུ་གཏང་དགོས། གཞི་གྲངས་དཀར་མཛེས་ཁུལ་འཛུགས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཆ་འཕྲིན་ཅན་གྱི་རྨང་གཞི་རིམ་བཞིན་སྲ་བརྟན་དུ་བཏང་ནས་ཆ་འཕྲིན་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏང་དགོས། དམངས་འཚོའི་ཁྱབ་ཁོངས་སུ་ཚན་རྩལ་གསར་གཏོད་དང་བེད་སྤྱོད་བྱ་རྒྱུ་སྔར་བས་ཁྱབ་གདལ་བཏང་ནས།སློབ་གསོ་དང་འཕྲོད་བསྟེན།སྤྱི་ཚོགས་འགན་སྲུང་སོགས་སྤྱི་པའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏང་དགོས། སྤྱི་ཚོགས་བཅོས་སྐྱོང་གི་གསར་གཏོད་ནུས་པ་སྔར་ལས་མཐོར་འདེགས་དང་། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོར་འདེགས་གཏང་དགོས། གསར་གཏོད་ཀྱི་སྲོག་ཤིང་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་ནས་བྱ་གཞག་གསར་གཏོད་ཀྱི་ནུས་པ་ཇེ་ཆེར་གཏང་དགོས།གསར་གཏོད་ཀྱི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་བཅོས་བྱས་ནས་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་འགན་སྲུང་ནུས་ལྡན་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ཁྱད་འཕགས་ཐོན་ལས་ཀྱི་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བཏོན། ས་ཁོངས་ཡོངས་སུ་ཡུལ་སྐོར་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ཀྱི་གྲགས་ཆེ་བའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་དང་བོད་འབྲེལ་ས་ཁུལ་གྱི་རིག་ལྡན་རིག་གནས་ཡུལ་སྐོར་དཔེ་སྟོན་ཁུལ་ཇེ་མགྱོགས་སུ་འཛུགས་སྐྱོང་བྱ་དགོས། ནུས་ཁུངས་གཙང་མ་གསར་གཏོད་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་།རྒྱལ་ཁབ་རིམ་པའི་ཆུའི་མཛེས་ལྗོངས་གཞི་གཅིག་ཅན་གྱི་བསྐྱར་སྤྱོད་རུང་བའི་ནུས་ཁུངས་རྟེན་གཞི་ཇེ་མགྱོགས་སུ་འཛུགས་སྐྱོང་བྱ་དགོས། མཐོ་སྒང་གི་དེང་རབས་ཞིང་ལས་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་དང་།ཞིང་ཆེན།ཁུལ་རིམ་པ་བཅས་ཀྱི་དེང་རབས་ཞིང་ལས(ནགས)གླིང་ཁུལ་དང་ཞིང་ཆེན་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་འཛུགས་སྐྱོང་བྱ་དགོས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་གསར་གཏོད་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས།ཞབས་ཞུའི་ལས་རིགས་ཀྱིས་དཔལ་འབྱོར་འཕར་སྣོན་ཡོང་བར་བྱས་རྗེས་འཇོག་ཚད་བརྒྱ་ཆ56ལས་བརྒལ་བ་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་གསར་གཏོད་ཡར་ཐོན་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་བཏོན།འབྱུང་འཕྲོད་དང་ཐཱན་ཉུང་གི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཐཱན་གྱི་རྒྱུ་ནོར་གསོག་འཇོག་དང་ཐཱན་འདུས་ནུས་པ་འཛུགས་སྐྱོང་ལ་ཤུགས་བསྣན་ནས། ཐཱན་འདུས་ཉོ་ཚོང་ལ་སྐུལ་འདེད་དང་བཙོག་འཕྲི་ཐཱན་ཉུང་གི་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་ཇེ་མགྱོགས་སུ་གཏོང་བ་དང་། གོ་རིམ་ལྡན་པའི་ངང་ནས་གློག་ནུས་ཚབ་བྱེད་རིམ་བཞིན་ལག་བསྟར་བྱེད་པ་དང་། ནུས་ཁུངས་གསར་པ་ཁྱབ་གདལ་དང་བེད་སྤྱོད་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཀྱི་རིན་ཐང་ལ་འགྱུར་ལྡོག་དང་ཡོང་འབབ་འཕར་སྣོན་མངོན་འགྱུར་ཡོང་བར་བྱ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་གསར་གཏོད་དང་སྐུལ་འདེད་བཏང་ནས། སྐྱེས་ཁམས་སྲུང་སྐྱོང་གི་ལས་གཞི་དང་རྩྭ་ཐང་ནགས་ཚལ་གྱི་མེ་གསོད་སྔོན་འགོག་གི་ཉེར་སྤྱོད་ལག་རྩལ་ཞིབ་འཇུག་ཁྱབ་གདལ་བཏང་ནས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྐུལ་འདེད་གཏང་དགོས་པ་དང་། སྐྱེ་ཁམས་ཉམས་གསོ་དང་བཅོས་སྐྱོང་ལ་གསར་གཏོད་སྐུལ་འདེད་བཏང་ནས།དེང་རབས་ཀྱི་ཚན་རྩལ་བྱེད་ཐབས་ཀྱི་སྐྱེ་ཁམས་བཅོས་སྐྱོང་སླར་གསོ་དང་ཁྱབ་སྤེལ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་གཞི་གྲངས་དཀར་མཛེས་ཁུལ་འཛུགས་སྐྱོང་ཇེ་མགྱོགས་སུ་གཏང་དགོས་ཞེས་བཏོན། མགྱོགས་མྱུར་ངང་ཆ་འཕྲིན་ཅན་གྱི་རྨང་གཞིའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་།“1+5+1”གི་ཨང་ཀིའི་ཆ་འཕྲིན་རྨང་གཞིའི་ལས་གྲྭ་ལག་བསྟར་བྱེད་པ་དང་། 5Gདྲྭ་སྦྲེལ་བཀོལ་སྤྱོད་གཙོ་གནད་དུ་འཛིན་པའི་གཞི་རྩའི་འཛུགས་སྐྲུན་གསར་པ་སྐུལ་འདེད་བཏང་ནས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཟོག་འབྲེལ་དྲྭ་རྒྱའི་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་འཛུགས་སྐྲུན་བྱེད་པ་དང་། “ཤར་གྲངས་ནུབ་རྩིས”ཀྱི་ལས་གཞི་དང་མཉམ་འདྲེས་ཧུར་ཐག་བྱ་དགོས། ནུས་ཤུགས་ཡོད་རྒུས་ཆ་འཕྲིན་ཅན་གྱི་རྣམ་པ་བཀོལ་སྤྱོད་རྒྱ་ཆེར་བཏང་ནས་དེང་རབས་ཞིང་ལས་དང་།ལག་མཐིལ་ཡུལ་སྐོར།གཞི་གྲངས་ནགས་ཚལ།ཁེ་ལས་རྩིས་འཕྲོད་སོགས་ཀྱི་ལས་གཞིར་སྐུལ་འདེད་གཏོང་བ་དང་།སྲིད་དོན་སྟབས་བདེ་ཅན་དང་རིག་ལྡན་རླུང་བརྙན་འཕྲིན་སོགས་ཀྱི་རྣམ་པ་སྤྱོད་རྒྱ་ཆེ་རུ་བཏང་ནས།རིག་ལྡན་འགྲིམ་འགྲུལ་དང་།རིག་ལྡན་མཛེས་ལྗོངས།རིག་ལྡན་སྡེ་ཁུལ།གཞི་གྲངས་གྲོང་གསེབ་སོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་རྒྱལ་ཁབ་ཀྱི་གལ་ཆེ་བའི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་ཁྱུ་ཚོགས་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་དགོས་ཞེས་བཏོན། འདབ་པའི་མཚོ་འཕགས་མཐོ་བའི་གནམ་དཔྱད་ཚན་རིག་ཞིབ་འཇུག་གི་རྨང་གཞིའི་སྒྲིག་བཀོད་ཚོགས་པ་བཙུགས་ནས་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་མཚོ་འཕགས་མཐོ་བའི་གནམ་གཤིས་ཚན་རིག་རྣམ་གྲངས་ཀྱི་ཚོགས་སྤྱི་གཏོད་དགོས། དཀར་མཛེས་ཁུལ་གྱི་འདབ་པའི་མཚོ་འཕགས་མཐོ་བའི་གནམ་གཤིས་ཚན་རིག་ལྟེ་གནས་འཛུགས་པར་སྐུལ་འདེད་གཏང་དགོས། འདབ་པ་རྫོང་གི་གནམ་གཤིས་ཀྱིས་བརྗོད་བྱ་གཙོ་བོ་བྱས་པའི་སྤྱི་གླིང་བསྐྲུན་ནས་གནམ་གཤིས་ཚན་རིག་ཁྱབ་གདལ་བཏང་ནས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་དམངས་འཚོའི་ཁྱབ་ཁོངས་ཀྱི་ཚན་རྩལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བཏོན། སློབ་གསོ་དང་སློབ་ཁྲིད་ཀྱི་ཚན་རྩལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་ཚད2.0མཐོ་རུ་གཏོང་བའི་ལས་གཞི་དང་སྣེ་ཁྲིད་ལས་གཞི་ལག་བསྟར་བྱེད་པ།ཁུལ་དང་།རྫོང་།སློབ་གྲྭ་བཅས་རིམ་པ་གསུམ་གྱི་རིག་ལྡན་སློབ་གསོའི་བརྗོད་གཞི་ལས་སྟེགས་འཐུས་ཚང་དུ་གཏོང་བ།རྒྱང་རིང་དྲྭ་སྦྲེལ་སློབ་གསོའི་ཁྱབ་ཁྱོན་ཆེ་རུ་གཏོང་བ་བཅས་བྱ་དགོས། ཁམས་གསོའི་བདེ་ཐང་གི་ཚན་རྩལ་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་ནད་ཐོག་སྨན་བཅོས་ཀྱི་སྨན་བཅོས་འགག་རྩའི་ལག་རྩལ་ཁག་གཅིག་ནང་འདྲེན་བྱས་ནས།རྒྱ་ལུགས་དང་བོད་ལུགས་གསོ་རིག་གི་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང“མཉམ་འབྲེལ་དྲ་བ་དང་སྨན་བཅོས་བདེ་ཐང་ཟུང་འབྲེལ་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་པ་ལ་སྐུལ་འདེད་བཏང་ནས་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི་སྤུས་ལེགས་དང་རྩེར་སོན་གྱི་སྨན་བཅོས་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱ་དགོས། སྤྱི་ཚོགས་འགན་སྲུང་གསར་གཏོད་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་།ལས་ཞུགས་ལས་གཏོད་དང་།སྤྱི་ཚོགས་འགན་བཅོལ།སྤྱི་ཚོགས་རོགས་སྐྱོབ་སོགས་ཁྱབ་ཁོངས་ཀྱི་གྲངས་གཞི་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་འགན་སྲུང་མ་ལག་གི་གྲངས་གཞི་མཉམ་སྤྱོད་དང་བེད་སྤྱོད་ཇེ་མགྱོགས་སུ་གཏང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏང་དགོས་ཞེས་བཏོན། སྤྱི་ཚོགས་བཅོས་སྐྱོང་གི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་།གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་དཔེ་སྟོན་གསར་འཛུགས་བྱེད་པ།རིག་ནུས་ཅན་གྱི་དོ་དམ་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ།ཚན་རྩལ་བྱ་ཐབས་སྤྱད་ནས་རང་བྱུང་གནོད་འཚེ་ཚབས་ཆེན་འགོག་བཅོས་དང་སྤྱི་པའི་ཉེན་མེད་ཀྱི་དོན་རྐྱེན་ཚབས་ཆེན་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱ་དགོས། སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པར་སྐུལ་འདེད་དང“རིག་ཚན་ཡོངས་ཀྱི་དྲྭ་མིག”གི་ཞབས་ཞུ་དོ་དམ་བྱེད་སྟངས་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་བ།དོ་དམ་ཆ་ཚང་བ་སོགས་མཇུག་སྣེའི་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱ་དགོས། སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་ནས་མི་ཚང་མར་འགན་འཁྲི་ཡོད་པ་དང་།མི་ཚང་མས་འགན་འཁྲི་འཁུར་བ།མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་དུས་རབས་གསར་པའི་སྤྱི་ཚོགས་བཅོས་སྐྱོང་གི་ཐུན་མོང་དངོས་གཞི་ཞིག་གཏོད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་གསར་གཏོད་བྱེད་མཁན་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས་ཞེས་བཏོན། རིགས་སྣ་ཚོགས་ཀྱི་བྱ་གཞག་གསར་གཏོད་ཞབས་ཞུའི་སྒྲིག་གཞི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་།ཁུལ་དང་རྫོང་གི་ཚན་རྩལ་ཁང་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ།རྫོང(གྲོང་ཁྱེར)ཁག་གིས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ལྟེ་གནས་དང་གསར་གཏོད་ལས་གཏོད་རྟེན་གཞི་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ། ཁུལ་སྡོད་སློབ་གླིང་དང་།ཚན་ཞིབ་སྒྲིག་གཞི།ཁེ་ལས་བཅས་ཀྱིས་མཉམ་འབྲེལ་ཚོད་ལྟ་ཁང་དང་ཡང་ན་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་གསར་པ་འཛུགས་རྒྱུར་རྒྱབ་སྐྱོར་བྱ་དགོས། བྱ་གཞག་གསར་གཏོད་ཀྱི་ལས་སྟེགས་གསར་པ་བཏོད་དེ་བྱ་གཞག་གསར་གཏོད་ཀྱི་གཙོ་གཟུགས་སྐྱེད་སྲིང་ལ་ཤུགས་སྣོན་བརྒྱག་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བཏོན།གྲུབ་འབྲས་གཞན་སྒྱུར་བྱ་གཞག་གསར་གཏོད་ལ་སྐུལ་མ་གཏོང་བའི་རྣམ་པ་འཚོལ་ཞིབ་དང་གསར་འཛུགས་བྱས་ནས། ཚན་རིག་ཞིབ་འཇུག་མི་སྣ་དེ་གྲུབ་འབྲས་བྱ་གཞག་གསར་གཏོད་ལ་ཧུར་ཐག་བསྒྱུར་ནས་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་།ཚན་རིག་ཞིབ་འཇུག་སྒྲིག་གཞི།རྒྱལ་གཉེར་ཁེ་ལས་དང་ལས་དོན་སྡེ་ཚན་མི་སྣའི་བྱ་གཞག་གསར་གཏོད་ལ་སྐུལ་མ་གཏང་དགོས། ས་ཁོངས་ལས་བརྒལ་བའི་མཐུན་སྦྱོར་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།ཀྲེ་ཅང་གི་ཁ་གཏད་རོགས་སྐྱོར་དང་ཞིང་ཆེན་ནང་ཁུལ་གྱི་རོགས་སྐྱོར་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པ།འབྲི་ཆུའི་ཟུར་གསུམ་གླིང་ཁུལ་དང་།ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་ཁུལ།ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་བཅས་ཀྱི་གསར་གཏོད་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དོན་འཁྱོལ་བྱ་དགོས་ཞེས་བཏོན། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གསར་གཏོད་འཕེལ་རྒྱས་ཀྱི་རྩ་འཛུགས་མགོ་ཁྲིད་མ་ལག་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། དཔྱད་ཞིབ་ཀྱི་སྟོན་ཕྱོགས་ཁ་གསལ་བཟོ་བ་དང་།གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་དཔྱད་ཞིབ་མ་ལག་འཐུས་ཚང་དུ་གཏང་དགོས། སྲིད་ཇུས་དོན་འཁྱོལ་འགན་ལེན་དང་།ལྟ་སྐུལ་ཚོད་འཛིན་ལ་ཤུགས་སྣོན།དུས་ཐོག་ཏུ་གོ་རིམ་དང་དབང་ཚད་ལྟར་གསར་གཏོད་འཕེལ་རྒྱས་ཀྱི་བླང་བྱ་དང་མི་མཐུན་པའི་སྲིད་ཇུས་ཡིག་ཆར་བཟོ་བཅོས་རྒྱག་པ་དང་ཡང་ན་མེད་པ་བཟོ་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དེ་དཀར་མཛེས་ཁུལ་དུ་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་པར་འགན་ལེན་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། དེང་སང་དང་སླད་ཕྱིན་གྱི་དུས་སྐབས་ཤིག་གི་རིང་།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་།ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ།ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བཅས་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ཚན་རྩལ་འདེགས་སྐྱོར་མ་ལག་འཛུགས་རྒྱུར་དམིགས་ཏེ་སྲིད་ཇུས་ཀྱི་ལྕག་སྐུལ་ནུས་པ་སྔར་བས་འདོན་སྤེལ་དང་།གསར་གཏོད་ཀྱི་དོ་དམ་ཞབས་ཞུ་ལེགས་འགྱུར།ལས་དོན་ཁོང་དུ་ཆུད་པ་བྱེད་པའི་འགན་འཁྲི་སྔར་བས་འདོན་སྤེལ་བྱས་ནས་གསར་གཏོད་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས། ནུས་ཤུགས་ཡོད་རྒུས་ལོ་གཅིག་གི་ནང་གཏན་འཁེལ་བྱས་པའི་ལས་འགན་ལེགས་སུ་འགྲུབ་པ་བྱས་ཏེ་ལས་གཞི་ལས་གཞིའི་མ་རྩ་གཏོང་བར་དམ་འཛིན་ནན་པོ་བྱེད་པ་དང་།དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། མགྱོགས་མྱུར་ངང་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་བདེ་འཇགས་ཀྱི་ཉེན་ཁ་ཆེན་པོ་འགོག་ཟོན་དང་སེལ་ཐབས་བྱེད་པ་དང་།རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྐུལ་འདེད་གཏོང་བ།ཕྱོགས་ཁག་གི་བདེ་འཇགས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ།འཕེལ་རྒྱས་ཀྱི་གྲུབ་འབྲས་དམངས་ཡོངས་ཀྱིས་མཉམ་སྤྱོད་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ།དམངས་འཚོ་འགན་ལེན་གྱི་དྲ་བ་འཛུགས་པ་བཅས་བྱེད་དགོས། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་བརྟན་དུ་གཏོང་བ་དང་།སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་གཏོང་བའི་ལམ་བུར་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ལོ་འདིའི་སྤྱི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོག་རྒྱུའི་གཏན་ཁེལ་བྱས་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ།བློ་བརྟན་འགྱུར་མེད་ཀྱིས་གསར་གཏོད་དང་འགག་སྒྲོལ་དཀའ་སེལ་བཅས་བྱས་ནས་སླར་ཡང་གྲུབ་འབྲས་བཟང་པོ་བཏོད་དེ་མཐུན་སྒྲིལ་ཕྱུག་འགྱུར་དང་ཞི་མཐུན་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པར་འབད་འཐབ་ཧུར་ཐག་བྱ་དགོས་ཞེས་འབོད་སྐུལ་གནང་བ་རེད།།




  • ལེ་ཚན་སྔོན་མ།: རི་གྲོང་དུ་གློག་རྡུལ་ཚོང་དོན་གཉེར་ནས་ཡུལ་ཐོན་ཁྱད་རྫས་རྒྱལ་ཡོངས་སུ་ཚོང་བྲིན།
  • ལེ་ཚན་རྗེས་མ།:གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་འགོག་ཁབ་རྒྱག་ཚད100﹪ལ་ཟིན།
  • དོ་སྣང་ཆེ་བའི་རྩོམ།