གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་འགོག་ཁབ་རྒྱག་ཚད100﹪ལ་ཟིན།

རིག་འཛིན་ནོར་བུས་བསྒྱུར།        2021-09-01

གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གིས་ཏོག་གསར་རིམས་ནད་ཀྱི་འགོག་ཁབ་རྒྱག་པའི་ལས་དོན་ལ་ཤུགས་བསྣན་ནས་བདེ་ཐང་གི་སྲུང་རགས་སྲ་བརྟན་དུ་བཏང་།

གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་འགོག་ཁབ་རྒྱག་ཚད100﹪ལ་ཟིན།

    ཉིན་འགའི་རིང་ལ། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ཏང་ཨུས་མི་སྣ་འདེམས་བཤེར་གནད་སྨིན་དང་ཁྱབ་བསྒྲགས་སློབ་གསོ་ཡོངས་སུ་ཁྱབ་པ། ཞབས་ཞུ་འགན་སྲུང་དུད་ཚང་དང་མི་སྒེར་ལ་འཕྲོད་པ་བཅས་བྱས་ནས། ཧུར་བརྩོན་གྱིས་ཐབས་ལམ་སྣ་ཚོགས་སྤྱད་ནས་རིམས་ནད་འགོག་སྲུང་དང་རིམས་འགོག་གི་སྲུང་རགས་སྲ་བརྟན་དུ་བཏང་ཡོད།

གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་འགོག་ཁབ་རྒྱག་ཚད100﹪ལ་ཟིན།
གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་འགོག་ཁབ་རྒྱག་ཚད100﹪ལ་ཟིན།
གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་འགོག་ཁབ་རྒྱག་ཚད100﹪ལ་ཟིན།
གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་འགོག་ཁབ་རྒྱག་ཚད100﹪ལ་ཟིན།

   རང་སློབ་གླིང་གི་གཏན་སྡོད་མི་སྣའི་གནས་ཚུལ་དངོས་དང་བསྟུན་ནས་མི་སྣའི་འདེམས་བཤེར་གནད་ཁེལ་གྱིས་གསེར་རྟ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་འགོག་ཁབ་བརྒྱབ་པའི་ཆ་འཕྲིན་འཚོལ་ཞིབ་སྟེགས་བུ་དང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་ཁང་བ་དང་མི་སྣའི་དོ་དམ་མ་ལག་སོགས་ལ་བསྟེན་ནས་ཕྱོགས་ཡོངས་ནས་རིམས་འགོག་གི་འགན་འཁྲི་དོན་འཁྱོལ་བྱས་པ་དང་།    འགོག་ཁབ་བརྒྱབ་པའི་གནས་ཚུལ་ལ་ཡང་བསྐྱར་ཕྱོགས་ཡོངས་ནས་འདེམས་བཤེར་བྱས་ཏེ་འགུལ་བསྐྱོད་ཅན་དང་བབ་བསྟུན་ཅན་གྱིས་དོ་དམ་བྱས་ནས་དུད་ཚང་རེ་རེ་དང་མི་རེ་རེར་འབྲེལ་བ་བྱས་ཏེ་གནད་ཁེལ་གྱིས་འགོག་ཁབ་བརྒྱབ་མིན་གྱི་གནས་ཚུལ་ཤེས་པར་བྱས་ཤིང་། འགོག་ཁབ་རྒྱག་ཆོག་པ་ཚང་མས་རྒྱག་པ་དང་རྒྱག་མི་ཉན་པ་དག་ཕྱིར་འགྱང་བྱས་པ། ས་ཆ་གཞན་ནས་བརྒྱབ་ཟིན་པ་དག་ཐོ་འགོད་བཅས་བྱས་པ་རེད།

གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་འགོག་ཁབ་རྒྱག་ཚད100﹪ལ་ཟིན།

 ཁྱབ་བསྒྲགས་སློབ་གསོ་ལས་དོན་སྒྲུབ་ཚུལ། 

 ཏང་ཀྲི་པུའུ་གསུམ་དང་ཚན་ཁག་དྲུག། གླིང་ཚོམ་དྲུག། དྲྭ་ཚོམ་སུམ་ཅུ་སོ་ལྔའི་ལས་བྱེད་པས་རྡོག་རྩ་གཅིག་སྒྲིལ་གྱིས་ཁྱབ་བསྒྲགས་ལས་དོན་ཀུན་ལ་སྤེལ་བ་དང་། ཁྱབ་བསྒྲགས་ཀྱི་སྐབས་སུ་སྤྱི་སྟེགས་བརྒྱུད་ནས་འགོག་ཁབ་ཤེས་བྱ་སྤེལ་བ་དང་ངོ་འཕྲད་ནས་གནས་ཚུལ་ངོ་སྤྲོད་བྱེད་པ། གླིང་ཚོམ་སོ་སོར་སོང་ནས་འགོག་ཁབ་ཤེས་བྱའི་དེབ་ཆུང་བཀྲམ་པ་སོགས་བྱས་ནས་ཏང་ཨུ་སྲིད་གཞུང་གི་ཐུགས་ཁུར་དེ་དགེ་འདུན་པ་ཀུན་ལ་ཤེས་སུ་བཅུག 

ཞབས་ཞུ་འགན་སྲུང་བྱ་བ་སྒྲུབ་ཚུལ། 

 “ཁྱོད་རང་བདེ་མོ། དེ་རིང་ངས་འགོག་ཁབ་རྒྱག་བསམ་ཀི། འགོག་ཁབ་བརྒྱབ་ཆོག་པ་ཨེ་རེད།”ཟེར། 

“ཆོག་པ་རེད། ཁྱོད་ཀྱིས་ཐོབ་ཐང་ལག་ཁྱེར་བཟུང་ནས་གླིང་ཁུལ་གྱི་ལམ་མདོར་ཤོག་དང་ང་ཚོ་མྱུར་དུ་བསུ་བར་ཡོང་།” 

“འགོག་ཁབ་བརྒྱབ་ན་ལུས་པོར་མི་བདེ་བ་འདྲ་ཨེ་ཡོད་ཀི” 

“སྐྱོན་ཡོད་པ་མ་རེད། ཁྱོད་ཀྱི་སེམས་ཁུར་གནང་མི་དགོས། ང་ཚོས་ཁྱོད་དང་མཉམ་དུ་དེ་གར་དུས་ཚོད་ཕྱེད་ལ་ལྟ་ཞིབ་བྱས་ཆོག། ལུས་པོར་མི་བདེ་བ་ཡོད་ཚེ་དུས་ཐོག་ཏུ་སྨན་པ་བཙལ་ཆོག” 

གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་འགོག་ཁབ་རྒྱག་ཚད100﹪ལ་ཟིན།

   རིམས་འགོག་ཞིབ་བཤེར་ས་ཚུགས་ཀྱི་ལས་དོན་མི་སྣ་དུས་ཐོག་ཏུ་འགོག་ཁབ་རྒྱག་དགོས་པའི་གྲྭ་བ་རྣམས་གནུབས་ཟུར་འཕྲོད་བསྟེན་ཁང་དུ་སྐྱེལ་བསུ་བྱེད་པ་དང་། གྲལ་སྒྲིག་པ་དང་ཐོ་འགོད་བྱེད་པ། འཛེམ་བྱ་འདྲི་ཞིབ། འགོག་ཁབ་རྒྱག་པ་དང་དུས་ཚོད་ཕྱེད་ཙམ་ལ་ལྟ་ཞིབ་བྱེད་པ། ཕྱིར་སློབ་གླིང་དུ་ལོག་པ་སོགས་ལ་ལས་དོན་མི་སྣས་འགྲོ་རོགས་འདུག་རོགས་བྱས་ནས་འགོག་ཁབ་རྒྱག་པའི་ལས་དོན་གོ་རིམ་ལྡན་པའི་ངང་ནས་སྤེལ་བ་རེད། 

    སློབ་གླིང་གི་དགེ་འདུན་པ་དང་ལས་བྱེད་ཀུན་གྱི་འབད་བརྩོན་དང་གསེར་རྟ་རྫོང་ཨུ་རྫོང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་འོག་ཟླ8པའི་ཚེས30ཉིན་སློབ་གླིང་གི་གྲྭ་བས་རིམས་འགོག་སྨན་ཁབ་རྒྱག་ཚད་བརྒྱ་ཆའི101.76ལ་ཟིན་ཡོད་པ་རེད།


  • ལེ་ཚན་སྔོན་མ།: ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་ གྲོས་ཚོགས་ཐེངས་བཅུ་གཅིག་པ་འཚོགས།
  • ལེ་ཚན་རྗེས་མ།: སློབ་གསོ་པུའུ་ཡིས་སློབ་ཆུང་ལོ་རིམ་དང་པོ་དང་ལོ་རིམ་གཉིས་པ་ལ་ཤོག་རྒྱུགས་མི་སྤྲད་པའི་བླང་བྱ་གསར་པ་བཏོན་འདུག
  • དོ་སྣང་ཆེ་བའི་རྩོམ།