ཡེ་ཤེས་ཟླ་བ་དང་བཅས་པ་རང་ཁུལ་དུ་ཕེབས་ནས་རྫོང་ཁོངས་ནང་གི་ཡུག་སྦྲེལ་ས་ཁུལ་ཆ་བགོའི་ལས་དོན་ལ་བརྟག་ཞིབ་བཞུགས་མོལ་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2021-09-06

སྤྱི་ཟླ8པའི་ཚེས30ཉིན་ལ་ཞིང་ཆེན་དམངས་སྲིད་ཐིང་གི་ཐིང་ཀྲང་ཡེ་ཤེས་ཟླ་བ་དང་བཅས་པ་ལས་གྲུབ་པའི་བརྟག་ཞིབ་ཚོགས་ཆུང་གིས་རང་ཁུལ་དུ་རྫོང་ཁོངས་ནང་གི་ཡུག་སྦྲེལ་ས་ཁུལ་ཆ་བགོའི་ལས་དོན་ལ་བརྟག་ཞིབ་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁང་ཀོང་ཡིའུ་དང་ཀྲེང་ཐེན་ཆང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། དར་མདོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡན་ལེ་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་གིས་རང་ཁུལ་གྱི་་བཅོས་བསྒྱུར་ཁག་གཉིས་ཀྱི“ལེའུ་ཕྱི་མའི”ཆེད་དོན་ལས་དོན་ཇུས་གཞི25ལ་སྐུལ་འདེད་བཏང་ཚུལ་དང་གནས་པའི་གནད་དོན་གཙོ་བོ།ཕྱིན་ཆད་ལས་དོན་ཀྱི་བསམ་ཕྱོགས། གྲོང་སྡེའི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་འཛུགས་སྐྲུན་བྱས་ཚུལ་སོགས་སྙན་སེང་ཞུས་པ་དང་འབྲེལ། བཅོས་བསྒྱུར་ཁག་གཉིས་ཀྱི“ལེའུ་ཕྱི་མའི”་ཆེད་དོན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་འཕྲད་པའི་དཀའ་ངལ་ཡང་བཏོན་པ་རེད། འབྲེལ་ཡོད་མི་སྣས་བཅོས་བསྒྱུར་ཁག་གཉིས་ཀྱི“ལེའུ་ཕྱི་མའི”ལས་དོན་དང་ཟུང་འབྲེལ་བྱས་ནས་རྫོང་ཁོངས་ནང་གི་ཡུག་སྦྲེལ་ས་ཁུལ་ཆ་བགོ་ཐད་གྲོས་འགོ་དང་བསམ་འཆར་བཏོན་པ་རེད།

རང་ཁུལ་གྱི་བཅོས་བསྒྱུར་ཁག་གཉིས་ཀྱི“ལེའུ་ཕྱི་མའི”ཆེད་དོན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་རྒྱལ་ཁབ་ཀྱི་སའི་ཐོན་ཁུངས་འཆར་འགོད་དོ་མི་སྙོམས་པ་དང་། དཔུང་སྡེ་གཅིག་གིས་དོ་དམ་མཐར་ཕྱིན་བྱེད་པ། སྡེ་ཁུལ་བཅོས་སྐྱོང་གི་ཞན་ཆ་ཆེན་པོ་གསུམ་དང་ཉམས་ཞན་ཁག་གསུམ་ལ་དམིགས་ཏེ། ཡེ་ཤེས་ཟླ་བས་ཐུན་མོང་ཐོག་ཕྱུག་པོར་ཆགས་པ་བྱ་རྒྱུ་དེ་གནས་བབ་མཐོ་ཤོས་སུ་བཞག་ནས་ས་ཁུལ་བར་གྱི་ཧེ་བག་དང་།གྲོང་ཁྱེར་དང་གྲོང་སྡེའི་བར་གྱི་ཁྱད་པར། ཡོང་འབབ་བར་གྱི་ཧེ་བག་བཅས་ཆུང་དུ་གཏང་དགོས་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏང་རྒྱུ་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ། དཀར་མཛེས་ཁུལ་གྱི་དཔེ་མཚོན་དང་དཀར་མཛེས་ཁུལ་གྱི་མིག་དཔེ་བཞག་དགོས་ཞེས་གསུངས་པ་རེད།

བཞུགས་མོལ་ཚོགས་འདུའི་ནང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་གིས་གཏམ་བཤད་གནང་བ་རེད།


  • ལེ་ཚན་སྔོན་མ།:གཟོབས། གླ་ཕོགས་འདི་ཚོ་གང་མོས་གཅག་མི་ཆོག།
  • ལེ་ཚན་རྗེས་མ།: རྟའུ་རྫོང་གིས་སྟོན་བསྡུ་ལས་ལ་བྲེལ།
  • དོ་སྣང་ཆེ་བའི་རྩོམ།