རྟའུ་རྫོང་གིས་འབྱུང་འཕྲོད་སྐྱེ་ཁམས་འཛུགས་སྐྱོང་བྱས་ནས་ཕྱུག་འགྱུར་ལམ་བུར་བསྐྱོད།

ཀུན་དགས་བསྒྱུར།        2021-09-08

  རྟའུ་རྫོང་གིས་འབྱུང་འཕྲོད་སྐྱེ་ཁམས་འཛུགས་སྐྱོང་བྱས་ནས་ཕྱུག་འགྱུར་ལམ་བུར་བསྐྱོད།
ཞི་བདེ་ཡུལ་ཤོག་གི་མུའུ་ཁྲིའི་ཡུངས་དཀར་རྟེན་གཞི།

   ཉེ་བའི་ལོ་ཤས་རིང་། རྟའུ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སྐོར་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་ཁེངས་པའང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བཅངས་ཏེ་སྐྱེ་ཁམས་སྔོན་སྤེལ་དང་འབྱུང་འཕྲོད་འཕེལ་རྒྱས་གཏོང་བ། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་བྱེད་པ་བཅས་ཁྲིད་སྟོན་དུ་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱས། སྐྱེ་ཁམས་ནུས་པ་འགན་སྲུང་གཞི་འཛིན་སའི་ཐིག་ཚད་དང་ཁོར་ཡུག་སྤུས་ཚད་ཉེན་མེད་མཐའ་ཚད།རང་བྱུང་ཐོན་ཁུངས་བེད་སྤྱོད་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་བྱས་ནས་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་དཔེ་སྟོན་རྫོང་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་རྫོང་བཅས་འཛུགས་སྐྱོང་བྱས་པར་ནུས་ཤུགས་ཡོད་རྒུས་བརྩོན་ལེན་བྱས།

    ནགས་ཚལ་དང་རྩྭ་ཐང་བེད་སྤྱོད་སྐོར་གྱི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་མུའུ་ཁྲི139དང་དེ་བཞིན་མུའུ་ཁྲི422ཀྱི་ནགས་ཚལ་དང་རྩྭ་ཐང་གི་ཕྱུགས་བཀག་རྩྭ་གསོའི་ལམ་ལུགས་དོན་འཁྱོལ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་འགོད་པ་དང་ཐིག་གསུམ་རྐྱང་གཅིག་གི་ཡན་ལག་དོ་དམ་ཚོད་འཛིན་དོན་འཁྱོལ་བྱས་ཡོད་ཅིང་། ད་སྔར་སྤྱི་ལེ་གྲུ་བཞི་མ1690.51ལ་ཟིན་པའི་བདག་སྐྱོང་རང་བྱུང་སྲུང་སྐྱོང་ཁུལ3དོ་དམ་སྲུང་སྐྱོང་བྱས་པར་མ་ཟད། སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4169.69གཏན་འཁེལ་བྱས་པ་དེས་རྫོང་ཡོངས་ཀྱི་རྒྱ་ཁྱོན་ལས་བརྒྱ་ཆ59.11བཟུང་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་རྫོང་འཛུགས་སྐྱོང་བྱས་ཏེ་ལས་འགན10ཡི་དམིགས་ཚད32དུས་བཀག་ནང་ལེགས་གྲུབ་ཡོང་བར་དམ་འཛིན་བྱས་ཏེ་དཔལ་སྨད་སོགས་ཡུལ་གྲོང་དཔེ་སྟོན་འཛུགས་སྐྱོང་བྱ་རྒྱུར་དམ་འཛིན་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞི་བརྟན་དུ་བཏང་།གཤིས་ཆུ་འབབ་རྒྱུད་ཀྱི་ཆུ་ལོག་སྔོན་འགོག་ཆུ་རགས་འཛུགས་སྐྲུན་ལེགས་སྒྲུབ་བྱེད་པ་དང་མཚེའུ4ཡི་འབྱུང་འཕྲོད་མཛེས་སུ་གཏོང་བ། སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འདམ་རའི་གླིང་ག་དང་དེ་བཞིན་རྩི་ཤིང་ལྡུམ་རར་སྲོག་ཆགས་དང་རྩི་ཤིང་འཚོ་གནས་ཀྱི་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་བྱས་ཤིང་།ད་སྔར་ས་ཁོངས་ནང་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས75དང་རྩི་ཤིང་རིགས850ལྷག་ཡོད། ནགས་རྩྭའི་སྐྱེ་ཁམས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྩྭ་ཐང་ལེགས་སྒྱུར་དང་འབུའི་གནོད་འཚེ་འགོག་བཅོས་མུའུ1744ལེགས་སུ་གྲུབ་པ་དང་མུའུ་ཁྲི5.33གྱི་རྨོ་བསྐྱུར་ནགས་གསོའི་ཕན་འབྲས་སྲ་བརྟན་དུ་བཏང་། ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་ཆེན་པོ་སྤེལ་བ་དང་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་བསྒྱུར་བའི་ལས་གཞི་བསྐྲུན་པ།ཡུལ་གྲོང19ཡི་གྲོང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།

  “ལས་གྲྭ་ཆེན་པོ་གསུམ”ལ་བརྟེན་ནས་ལྷད་མེད་སྐྱེ་ཁམས་ཀྱི་སྤུས་ཚད་ལེགས་སུ་བཏང་བར་མ་ཟད《དགུང་སྔོན་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལག་བསྟར་ཇུས་གཞི》བཟོས་ནས་རྒྱུན་རྣམ་ཅན་གྱིས་བཙོག་འབུད་ཉུང་གཏོང་དང་ཐལ་རྡུལ་འགོག་པ།རླངས་འཁོར་བཅོས་པ་བཅས་ཀྱི་བྱ་སྤྱོད་སྤེལ་ཡོད། ད་སྔར། རྫོང་ཡོངས་ཀྱིpM10ཡི་ཆ་སྙོམས་གར་ཚད་དེ་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝེ་ཁེ19.6དངpM2ཡི་ཆ་སྙོམས་གར་ཚད་དེ་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝེ་ཁེ8.1ཡིན་པས་ཕུལ་བྱུང་ཉིན་གྲངས་བརྒྱ་ཆ100ལ་ཟིན་ཡོད། རྫོང་ཁོངས་ཀྱི་མཁའ་རླུང་སྤུས་ཚད་ཨང་རིམ་དེ་ཞིང་ཆེན་ཡོངས་ཀྱི་ཨང་བཅུ་པར་སླེབས་ཡོད། རྫོང་ཡོངས་ཀྱི་ཆུ་བོ47དང་མཚེའུ4དེ་ཆུ་དཔོན་ལམ་ལུགས་ཀྱི་ཁོངས་སུ་བཞག་ནས་ཆུ་བོ་གཙང་མ་དང་ཆུ་ངོགས་གཙང་སྦྲ་བཅས་བྱ་སྤྱོད་ཆེན་པོ4སྤེལ་བ་དང་། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་མགོ་ས་ཁུལ6ལག་བསྟར་བྱས་ཏེ་གྲོང་སྡེ29ཡི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་དང་དེ་བཞིན་གྲོང་སྡེའི་དུད་ཚང282ཀྱི་གསང་སྤྱོད་ལས་གཞི་ལེགས་གྲུབ་བྱས་ཡོད། ད་སྔར་རྫོང་ཡོངས་ཀྱི་ཡུལ་གྲོང་དང་དེ་བཞིན་རྫོང་རིམ་པ་ཡན་གྱི་འཐུང་ཆུའི་ཆུ་མགོའི་སྤུས་ཚད་ལོན་ཚད་བརྒྱ་ཆ100ལ་ཟིན། ས་རྒྱུའི་སྦགས་བཙོག་ལྟ་ཞིབ་ཚད་ལེན་དོན་འཁྱོལ་བྱས་ནས་ས་རྒྱུའི་སྦགས་བཙོག་གི་ཉེན་ཁ་རིགས་དབྱེ་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད།ད་སྔར་གཙོ་གནད་ལས་རིགས་ཀྱི་ཁེ་ལས་དང་བཙོག་ཆུ་གཙང་སེལ། གད་སྙིགས་སྦས་པ།སྨན་བཅོས་སྙིགས་རོ་གཙང་བཅོས་བཅས་སྒྲིག་བཀོད་ཆེ་གྲས་གསུམ་གྱི་ཉེ་འཁོར་གྱི་ས་རྒྱུའི་དམིགས་ཚད་ལོན་ཚད་བརྒྱ་ཆ100ལ་ཟིན་ཡོད།

    སྐྱེ་ཁམས་དང་དབུལ་སྐྱོར་ཟུང་འབྲེལ་བྱས་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཡོད་ཅིང་། རྫོང་ཡོངས་ཀྱི་དུད་ཚང9863གྱི་མི47246ཡིས་ལོ་ལྟར་མཉམ་སྡེབ་སྤྱི་ཕན་ནགས་ཚལ་གྱི་ཁ་གསབ་རྒྱ་ཁྱོན་མུའུ་ཁྲི72.0196ལ་ནུས་ལྡན་ངང་དོ་དམ་བྱས་པར་ཁ་གསབ་དངུལ་སྒོར་ཁྲི1134.31སྤྲད་ཡོད། རྩྭ་ཐང་གི་ཕྱུགས་བཀག་དང་རྩྭ་ཕྱུགས་དོ་སྙོམས་མུའུ་ཁྲི561ལག་ལེན་བསྟར་བར་མ་དངུལ་སྒོར་ཁྲི2097.5སྤྲད་པ་དང་། རྨོ་བསྐྱུར་ནགས་གསོའི་འབྲུ་རིགས་ཁ་གསབ་རྒྱ་མ་ཁྲི2756སྤྲད་པ། ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.9976སྤྲད་པས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི2.03བྱུང་ཡོད། སྐྱེ་ཁམས་དང་ཐོན་ལས་ཟུང་དུ་འབྲེལ་བའི་མི་འདང་སར་ཁ་གསབ་བྱས་ཏེ་རྫོང་ཡོངས་ཀྱི་ཆུ་ནུས་ཐོན་ཁུངས་ལག་རྩལ་གསར་སྤེལ་ཐུབ་ཚད་སྟོང་ཝ་ཁྲི91.3ལ་ཟིན་པ་དང་།ཉི་ནུས་ཐོན་ཁུངས་དཔལ་འབྱོར་གསར་སྤེལ་ཐུབ་ཚད་སྟོང་ཝ་ཁྲི700ལྷག། རླུང་ནུས་ཐོན་ཁུངས་གསར་སྤེལ་ཐུབ་ཚད་སྟོང་ཝ་ཁྲི200བཅས་ལ་ཟིན་གྱི་ཡོད།ནུས་པར་བརྟེན་ནས་ཐབས་ཇུས་ལག་བསྟར་བྱས་ཏེ་ཆུ་ནུས་དང་རླུང་ནུས།ཉི་ནུས་སོགས་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་གཏོང་གི་ཡོད།ད་སྔར་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི2.325ལྷག་ལ་ཟིན་ཡོད། སྐྱེ་ཁམས་དང་ཡུལ་སྐོར་ཟུང་དུ་འབྲེལ་ནས་ཕྱུག་འགྱུར་གྱི་ལམ་བུ་ཡག་པོ་བཏོད་ནསAརིམ་པའི་ལྗོངས་ཁུལ་ཤུགས་ཆེན་བསྐྲུན་ནསAབཞི་རིམ་པའི་ལྗོངས་ཁུལ2དངAགསུམ་རིམ་པའི་ལྗོངས་ཁུལ7བཏོད་ཡོད། “འབྱུང་འཕྲོད་མཛེས་བཟོའི”ལས་གྲྭ་ལག་ལེན་བསྟར་ནས་རི་བོ་མུའུ་ཁྲི18.07ལ་སྡོང་ཕྲུག་བཙུགས་པ་དང་སྤྱི་ལེ123གྱི་ལམ་ཁར་མེ་ཏོག་བཏབ་ཡོད། མ་དངུལ་སྒོར་དུང་ཕྱུར1.06བཏང་ནས་རྟའུ་འདམ་རའི་གླིང་ག་དང་ཁམས་པའི་མཐོ་སྒང་གི་རྩི་ཤིང་གླིང་གའི་སྐྱེ་ཁམས་ཐོན་ལས“གསོ་སྦྱོང་གླིང་ཁུལ”གཉིས་བཏོད་ཡོད། 2018ལོ་ནས་བཟུང་རྫོང་ཡོངས་ཀྱིས་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི310.5ལ་སྣེ་ལེན་ཞུས་པས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར33.4བྱུང་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་བྱེད་ཐབས་སྣ་མང་བླངས་ནས་དམངས་འཚོའི་གཞི་རྩའི་གཞི་ཐིག་བརྟན་པོ་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།