སེར་ཤུལ་རྫོང་དུ་དུག་སྦྲུལ་འདི་འདྲ་ཞིག་མཐོང་།

        2021-09-07

སེར་ཤུལ་རྫོང་དུ་དུག་སྦྲུལ་འདི་འདྲ་ཞིག་མཐོང་།

   ཉེ་ཆར། སེར་ཤུལ་རྫོང་དྲན་འཁོར་ཡུལ་ཤོག་གི་ནང་དུ་པར་རྒྱག་མཁན་གྲགས་ཅན་ལུའི་ལིང་ལུང་གིས་དུག་སྦྲུལ་དམར་སྨུག་མགོ་ཟུར་གསུམ་མ་ཅིག་པར་དུ་བླངས་པ་རེད།

སེར་ཤུལ་རྫོང་དུ་དུག་སྦྲུལ་འདི་འདྲ་ཞིག་མཐོང་།

   འདི་ནི2017ལོའི་སྤྱི་ཟླ12པར་ཀྲུང་གོའི་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་དང་གནའ་བོའི་འགྲོ་བ་མིའི་ཞིབ་འཇུག་ཁང་གིས་འབྲི་ཆུའི་སྟོད་རྒྱུད་ས་ཁུལ་དུ་དུག་སྦྲུལ་དམར་སྨུག་མགོ་ཟུར་གསུམ་མའི་རིགས་འདི་མཐོང་རྗེས། སེར་ཤུལ་ནང་ཁོངས་སུ་ཐོག་མར་མཐོང་བ་རེད།

སེར་ཤུལ་རྫོང་དུ་དུག་སྦྲུལ་འདི་འདྲ་ཞིག་མཐོང་།

    དངོས་རིགས་དེ་ལ་མིང་འདོགས་མཁན་ཀྲུང་གོའི་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་ཁང་གི་འབུམ་རམས་པ་ཧྲི་ཅིང་སུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དུག་སྦྲུལ་དམར་སྨུག་མགོ་ཟུར་གསུམ་མ་འདིའི་རིགས་ཀྱི་རྒྱབ་ངོགས་གཉིས་ལ་དམར་ཐིག་ཡོད་པ་དང་། མཚོ་འཕགས་སྨི4000ལྷག་གི་མཐོ་སྒང་དུ་འཚོ་བཞིན་ཡོད། དེ་ནི་ཀྲུང་གོའི་དུག་སྦྲུལ་གནས་སྟངས་ཀྱི་ཐད་ལ་མཚོ་འཕགས་མཐོ་ཤོས་ཀྱི་ཟིན་ཐོ་ཡང་ཡིན་པ་རེད། 


  • ལེ་ཚན་སྔོན་མ།:རྟའུ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་འདི་འདྲ་བྱེད་བཞིན་ཡོད།
  • ལེ་ཚན་རྗེས་མ།:གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།
  • དོ་སྣང་ཆེ་བའི་རྩོམ།