རང་ཁུལ་གྱི་དགེ་རྒན་དུས་ཆེན་སྐབས37པའི་ཚོགས་ཆེན་དར་མདོར་འཚོགས།

ཨོ་རྒྱན་གྱིས་བསྒྱུར།        2021-09-09

   

རང་ཁུལ་གྱི་དགེ་རྒན་དུས་ཆེན་སྐབས37པའི་ཚོགས་ཆེན་དར་མདོར་འཚོགས།

   སྤྱི་ཟླ9ཚེས7ཉིན། རང་ཁུལ་གྱི་དགེ་རྒན་དུས་ཆེན་སྐབས37པའི་རྟེན་འབྲེལ་ཚོགས་ཆེན་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་དར་མདོར་འཚོགས་པ་རེད། དེའི་དམིགས་ཡུལ་ནི་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་ཁོར་ཡུག་བཟང་པོ་ཤིག་བསྐྲུན་ནས་དུས་རབས་གསར་པའི་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ཡག་པོ་བྱས་ཏེ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་ཞིང་། ཀུན་སྤྱོད་དང་བློ་རིག། ཤེས་རིག། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཡག་པོ་བྱ་རྒྱུ་དེ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཆུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

རང་ཁུལ་གྱི་དགེ་རྒན་དུས་ཆེན་སྐབས37པའི་ཚོགས་ཆེན་དར་མདོར་འཚོགས།

རང་ཁུལ་གྱི་དགེ་རྒན་དུས་ཆེན་སྐབས37པའི་ཚོགས་ཆེན་དར་མདོར་འཚོགས།
རང་ཁུལ་གྱི་དགེ་རྒན་དུས་ཆེན་སྐབས37པའི་ཚོགས་ཆེན་དར་མདོར་འཚོགས།
རང་ཁུལ་གྱི་དགེ་རྒན་དུས་ཆེན་སྐབས37པའི་ཚོགས་ཆེན་དར་མདོར་འཚོགས།
རང་ཁུལ་གྱི་དགེ་རྒན་དུས་ཆེན་སྐབས37པའི་ཚོགས་ཆེན་དར་མདོར་འཚོགས།

     ཚོགས་འདུའི་ཐོག《ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་དཀར་མཛེས་ཁུལ་གྱི2020ལོའི་དགེ་རྒན་ཕུལ་བྱུང་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ》བསྒྲགས་པ་རེད། ཚོགས་ཆེན་ཐོག་གཟེངས་བསྟོད་ཐོབ་པའི2020ལོའི་ཁུལ་ཡོངས་ཀྱི་དགེ་རྒན་ཕུལ་བྱུང་100ཡི་ཁྲོད་ཀྱི་དགེ་རྒན་འཐུས་མི12ལ་བྱ་དགའ་སྤྲད་པ་རེད། འདབ་པ་རྫོང་དང་ཁུལ་མཐོ་རིམ་སློབ་འབྲིང་། དགེ་རྒན་ཕུལ་བྱུང་བཅས་ཀྱི་འཐུས་མི་སོ་སོས་གཏམ་བཤད་བྱས་པ་རེད།


  • ལེ་ཚན་སྔོན་མ།:རྟའུ་རྫོང་གིས་འབྱུང་འཕྲོད་སྐྱེ་ཁམས་འཛུགས་སྐྱོང་བྱས་ནས་ཕྱུག་འགྱུར་ལམ་བུར་བསྐྱོད།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་དུ་རྐུན་མ་འདི་ཚོ་བཟུང་འདུག།
  • དོ་སྣང་ཆེ་བའི་རྩོམ།