གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

ཐུབ་ཀྱིས་བསྒྱུར།        2021-09-14

   ཚེས7ནས9ཉིན་གྱི་བར། ཀྲུང་གོའི་ཨར་ལས་གླིང་གི་མགོ་གཙོ་གཞོན་པ་ཝང་ཁྲེང་གིས་རྟོག་ཞིབ་ཚོ་པའི་སྣེ་ཁྲིད་དེ་རང་ཁུལ་དུ་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ལས་གཞི་དང་། སྨན་ཁང་གི་སྤྱི་པའི་འཕྲོད་བསྟེན་འགོག་ཟོན་སྐྱོབ་བཅོས་ནུས་པའི་འཛུགས་སྐྱོང་གནས་ཚུལ་སོགས་ལས་དོན་ལ་རྟོག་ཞིབ་གནང་བ་དང་། དེའི་རིང་ལ་ཧྲུའུ་ཅི་ཧྲེན་དབྱང་གི་ཝང་ཁྲེང་དང་བཅས་པར་འཚམས་འདྲིར་གནང་ཞིང་། ཝང་ཡུས་ཆུང་སོགས་རྟོག་ཞིབ་ཁྲོད་དུ་ཞུགས་ཡོད།

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

   ཚེས10ཉིན་ལ། ཧྲི་ཀང་གིས་དཀར་མཛེས་རྫོང་དུ་ཡུལ་སྡེ་དར་རྒྱས་ལས་དོན་ལ་རྟོག་ཞིབ་དང་ཁྲིད་སྟོན་གནང་དུས། དབུལ་ཐར་འགག་སྒྲོལ་དང་ཡུལ་སྡེ་དར་རྒྱས་བར་འབྲེལ་མཐུད་དམ་ཟབ་བྱེད་པ་དང་། ཐུན་མོང་དཔལ་འབྱོར་འཕེལ་སྟོབས་ཆེ་རུ་གཏོང་ཞིང་། ཐོན་ལས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་སྡེ་དར་རྒྱས་དང་ཞིང་ལས་ཞིང་སྡེའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་དགོས་ཞེས་ནན་གསུང་གནང་བ་རེད།

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

   ཉེ་ཆར། ཁྱོན་ཁེབས་ཅན་གྱི་ཞབས་ཞུ་དོ་དམ་ལས་དོན་གྱི་ལས་སྒོའི་གསོ་སྦྱོང་གྲོས་ཚོགས་སུ། ཁྱོན་ཁེབས་དོ་དམ་མི་སྣའི་ནུས་པ་ཆེ་རུ་གཏོང་བ་དང་ལས་དོན་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་གཏང་དགོས་པའི་བླང་བྱ་བཏོན་པ་རེད།

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

   ཚེས12ཉིན་ལ། དཀར་མཛེས་ཁུལ་རྒྱ་གྲམ་དམར་པོའི་མཐུན་ཚོགས་དང་དར་མདོ་གྲོང་ཁྱེར་རྒྱ་གྲམ་དམར་པོའི་མཐུན་ཚོགས་ཀྱིས་དཀར་མཛེས་ཁུལ་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་དང་མཉམ་འབྲེལ་བྱས་ནས་གཉའ་ལུང་མགོའི་དམིགས་བསལ་ལས་སྒྲུབ་ས་ཚུགས་སུ་ཉིན་གཉིས་རིང་གི་འཚུབ་བསྟུན་རོགས་སྐྱོབ་གསོ་སྦྱོང་སྤེལ་བ་རེད།

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

   ཚེས9ཉིན་ནས་ཚེས10ཉིན་གྱི་བར། ཞིང་ཆེན་ཡུལ་སྡེ་དར་རྒྱས་ཅུས་ཀྱི་ལས་དོན་ཚོ་ཆུང་འབའ་ཐང་རྫོང་དུ་ཡུལ་སྡེ་དར་རྒྱས་ལས་དོན་ལ་ལྟ་སྐུལ་ཁྲིད་སྟོན་བྱེད་པའི་སྐབས་སུ། འགན་འཁྲི་རིམ་པ་བཞིན་དམ་འཁྱོལ་ནན་འཁྱོལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་དང་ཡུལ་སྡེ་དར་རྒྱས་བར་འབྲེལ་མཐུད་དམ་ཟབ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

    ཉེ་ཆར། ལྕགས་ཟམ་རྫོང་གིས་ལྕགས་ཟམ་རྫོང་དམིགས་བསམ་སློབ་གསོའི་སློབ་གྲྭ་དང་ལྕགས་ཟམ་རྫོང་གྲོང་གསར་ཚོད་ལྟའི་སློབ་ཆུང་གི་སྒོ་བྱང་འབྱེད་པའི་མཛད་སྒོ་དང་སློབ་འཛུགས་མཛད་སྒོ་སྤེལ་བ་རེད།

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

    ཚེས12ཉིན་ལ། ལི་ཐང་རྫོང་གིས་དགེ་རྒན་དུས་ཆེན་ཐེངས37པར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་དང་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་འཚོགས་ཤིང་། སློབ་གྲྭ་དང་དགེ་རྒན། སློབ་མ་ཕུལ་དུ་བྱུང་བར་བྱ་དགའ་སྤྲད་པ་རེད།

 གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

   ཚེས8ཉིན་ལ། དར་མདོ་གྲོང་ཁྱེར་ལྕེ་ཐོག་ལུང་པའི་ལག་བརྒྱུད་རླངས་འཁོར་ཁྲོམ་ར་སྟེ། ཁང་ཡུས་ལག་བརྒྱུད་རླངས་འཁོར་ཁྲོམ་རའི་འཕྲུལ་སྒུལ་འཁོར་ལོའི་ཐོ་འགོད་ཞབས་ཞུ་ས་ཚུགས་ཀྱི་ལས་མགོ་དངོས་སུ་བཙུགས་པ་རེད།

 གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

   ཚེས8ནས10ཉིན་གྱི་བར། ཀྲུང་གོའི་གྲུ་གཟིངས་རིམ་འཇུག་ཞིབ་བཤེར་ཁང་གི་སྤྱི་དཔོན། ཏང་ཨུའི་ཧྲུའུ་ཅི་གཞོན་པ་མོ་ཅན་ཧའེ་ཡིས་སྣེ་ཁྲིད་དེ་གསེར་རྟ་རྫོང་དུ་དམིགས་འཛུགས་དབུལ་སྐྱོར་ལས་དོན་སྤེལ་བ་རེད།

 གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

   ཚེས12ཉིན་ལ། པེ་ཅིང་གྲོང་ཁྱེར་གྱིས་བདམས་བསྐྱལ་བྱས་ཤིང་ཀྲུང་གོའི་ཕིང་ཅུས་ཁང་གིས་གསར་འཁྲབ་བྱས་པའི་གསར་རྩོམ་ཕིང་ཅུས་ཆེ་གྲས《བོད་ཡུལ་གྱི་འཇའ་ཚོན》ཞེས་པ་རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་འདུ་ཚོགས་སྐབས་དྲུག་པར་འཁྲབ་པ་དང་། ཀྲུང་དབྱང་བརྙན་འཕྲིན་དྲ་བ་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་དྲ་བར་འགྲེམ་གཏོང་བྱས་པ་རེད།

 གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

   ཚེས16ནས22ཉིན་གྱི་བར། ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་བཅོ་བརྒྱད་པ་དེ་ཁྲེང་ཏུའུ་ལ་འཚོག་རྒྱུ་ཡིན་ཞིང་། སྐབས་དེར་དཀར་མཛེས་ཁུལ་གྱི་འགྲེམས་སྟོན་ཁང་ངོ་མཚར་ཅན་ཞིག་ཀྱང་དེར་བསྟན་རྒྱུ་རེད། དཀར་མཛེས་ཁུལ་གྱི་འགྲེམས་སྟོན་ཁང་ནི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་གྲོང་ཁྱེར་འགྲེམས་ཁང་དང་པོ་སྟེ་འབྲི་ཆུའི་དཔལ་འབྱོར་དར་ཁུལ་མཉམ་ལས་ཁང་དུ་གནས་ཤིང་། རྒྱ་ཁྱོན་སྨི་གྲུ་བཞི་མ1500ལ་ཟིན་པ་རེད།

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

   ད་ལོར་རོང་བྲག་རྫོང་གི་ཡུལ་ཤོག་དང་གྲོང་རྡལ10དང་གྲོང་སྡེ40ལ་ཀུ་ཤུའི་འདེབས་འཛུགས་བྱས་ཡོད་ལ། དེའི་ཁྲོད་དུ་ས་མུའུ400ཡི་ཀུ་ཤུ་སྡོང་པོར་འབྲས་བུ་བཏགས་ཟིན་ཞིང་། མུའུ་རེ་ལ་ཀུ་ཤུ་རྒྱ་མ2000ནས3000བར་འབྱུང་ཐུབ་རེ་ཡོད་ཅིང་སྒོར15000ཡས་མས་རག་ཐུབ་རེ་ཡོད།

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་དགེ་རྒན་ཕུལ་བྱུང༡༠༠ལ་གཟེངས་བསྟོད་ཐོབ་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།