རང་རྒྱལ་གྱི་དགེ་རྒན་བསྡོམས་འབོར་ཁྲི1792.97ལ་ཟིན་པ།

ཡེ་ཤེས་ཀྱིས་བསྒྱུར།        2021-09-14

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ9པའི་ཚེས8ཉིན་གློག་འཕྲིན་འབྱོར་གསལ། ཚེས8ཉིན་གསར་འགོད་པས་སློབ་གསོ་པུའུ་ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་དོན། བསྡོམས་རྩིས་གཞི་གྲངས་ཆེས་གསར་ཤོས་ཐོག་ནས་མཚོན་དོན། རང་རྒྱལ་གྱི་དགེ་རྒན་བསྡོམས་འབོར་ཁྲི1792.97ཟིན་པ་དེ་ལོ་གོང་མ་ལས་མི་ཁྲི60.94མང་དུ་ཕྱིན་ནས་བརྒྱ་ཆ3.52འཕར་ཡོད་པ་རེད། དེའི་ནང་དམིགས་བསལ་སློབ་གསོའི་དགེ་རྒན་བརྒྱ་ཆ6.11འཕར་བ་དང་། བྱིས་པ་ཁང་གི་དགེ་རྒན་བརྒྱ་ཆ5.44འཕར་བ། མཐོ་རིམ་སློབ་གྲྭའི་དགེ་རྒན་བརྒྱ་ཆ5.34འཕར་ནས་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་པ་རེད།

ད་ལོ་ནས་བཟུང་ཁྱོན་མིའི་ཐེངས་གྲངས་ཁྲི191ལ་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་ཐོབ་པ་དེ་ན་ནིང་ལོ་ལས་བརྒྱ་ཆ28.7འཕར་ཡོད་པ་རེད།

སློབ་གསོ་པུའུའི་དགེ་རྒན་ལས་དོན་སིའི་སི་ཀྲང་རེན་ཡིའུ་ཆུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོར་སློབ་གསོ་པུའུ་ཡིས་སློབ་གྲྭ་ཆུང་འབྲིང་དུ་འོས་འགན་སློབ་ཁྲིད་འཆར་གཞི་མུ་མཐུད་ནས་ལག་ལེན་བསྟར་ནས་སྤྱི་ཚོགས་ཐོག་ལས་འཁྱུར་ངལ་གསོའི་སློབ་གཙོ་དང་དགེ་རྒན4500བསྡུས་ཏེ་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན18དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་སུ་སློབ་སྐྱོར་སློབ་ཁྲིད་བྱེད་སར་འགྲོ་རྒྱུ་རེད། དེ་མིན་ད་ལོ་ཡང་མུ་མཐུད་ནས་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གླིང་དུ་སློབ་སྐྱོར་ཞིབ་འཇུག་བྱེད་དུ་མངགས་ནས་པུའུ་རིམ་པའི་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གླིང75དང་། པུའུ་དང་ཞིང་ཆེན་གྱིས་མཉམ་འབྲེལ་འཛུགས་གཉེར་བྱས་པའི་མཐོ་རིམ་སློབ་གླིང་རྒྱ་སྐྱེད་གཏོང་བ་དང་། རོགས་སྐྱོར་བྱ་ཡུལ་གྱི་མཐོ་རིམ་སློབ་གླིང10བར་རྒྱ་སྐྱེད་བཏང་ནས་འདེམས་མངགས་བྱས་པའི་མི་གྲངས300ལྷག་ཙམ་གྱི་ཐོག་འཕར་བ་རེད།

རེན་ཡིའུ་ཆུན་གྱིས2020ལོའི་ལོ་མཇུག་བར་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན22ཀྱི་སྔོན་ཆད་ཡུག་འབྲེལ་ཤིན་ཏུ་དཀའ་ངལ་ཡོད་པའི་ས་ཁུལ་དང་རྫོང725ཡིས་ཡུལ་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དེ་ཡུལ་སྡེ་སློབ་གྲྭ་ཁྲི8ཙམ་ལ་ཁྱབ་ཡོད། དགེ་རྒན་ཁྲི129.8ལ་ཕན་པ་ཐོབ་པ་དང་མི་རེར་ཟླ་རེར་ཁ་གསབ་མ་དངུལ་སྒོར375ལ་ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། ཀྲུང་དབྱང་གི་བྱ་དགའི་ཁ་གསབ་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག2020ལོར་རྒྱལ་ཡོངས་ཀྱི་ཡུག་གཅིག་ཏུ་འབྲེལ་བའི་དབུལ་ཕོངས་ས་ཁུལ་མིན་པའི་རྫོང1056ལ་ཡང་ཡུལ་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ་དང་ས་གནས་ཀྱིས་མ་དངུལ་སྒོར་དུང་ཕྱུར141.8བཏང་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:དགེ་རྒན་གྱི་གླ་ཕོགས་གཞུང་ཞབས་པའི་གླ་ཕོགས་དང་འདྲ་བར་གྱུར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།