ཕེང་ཆིང་ཧྭས་གཡག་རྔ་དང་ལིའང་ཧྲན།དཀར་མཛེས་ཁུལ་ལ་རྟོག་ཞིབ་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2021-09-15

   

ཕེང་ཆིང་ཧྭས་གཡག་རྔ་དང་ལིའང་ཧྲན།དཀར་མཛེས་ཁུལ་ལ་རྟོག་ཞིབ་གནང་།

   སྤྱི་ཟླ9པའི་ཚེས9ཉིན་ནས་ཚེས10ཉིན་བར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་གཡག་རྔ་གྲོང་ཁྱེར་གྱི་སྲིབ་སྨད་རྫོང་དང་ལིའང་ཧྲན་ཁུལ་གྱི་མན་ཉིང་རྫོང་། དཀར་མཛེས་ཁུལ་གྱི་བརྒྱད་ཟིལ་རྫོང་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ནས་གྲོང་ཁྱེརཁུལརྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ཞིང་སྡེའི་བཅོས་བསྒྱུར་རིགས་གཉིས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ། གྲོང་ཁྱེར་དང་རྫོང་། ཡུལ་ཤོག་བཅས་ཀྱི་མགོ་ཁྲིད་ཚན་པའི་སྐབས་བརྗེ་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་པར་གསན་པ་དང་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་པ་རེད། 

    ཕེང་ཆིང་ཧྭ་ཡིས་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱ་རྒྱུ་བརྟན་པོ་འཛིན་དགོས། གསར་བརྗེའི་གནས་གཞིའི་རྙིང་པ་དང་མི་རིགས་ས་ཁུལ་འཕེལ་རྒྱས་གཏང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་དང་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་དོན་འཁྱོལ་གནད་འཁེལ་དང་ཞིང་སྡེའི་བཅོས་བསྒྱུར་རིགས་གཉིས་ཀྱི་རྗེས་འཇུག་གི་ལས་དོན་ཡག་པོ་ཏན་ཏིག་བསྒྲུབས་ནས། རང་རེའི་ཞིང་ཆེན་གྱི་གསར་བརྗེའི་གནས་གཞིའི་རྙིང་པ་དང་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་མཐར།  མི་དམངས་མང་ཚོགས་ཀྱི་རེ་སྨོན་བྱེད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བཅས་བྱས་ཏེ་མི་རིགས་སོ་སོའི་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་གསར་པ་རྒྱུན་ཆད་མེད་པར་བསྐང་དགོས། 

    ཕེང་ཆིང་ཧྭས་ཞིང་སྡེ་བཅོས་བསྒྱུར་རིགས་གཉིས་ཀྱི་རྗེས་མཇུག་གི་ལས་དོན་ཡག་པོ་བསྒྲུབ་དགོས་ན་ངེས་པར་དུ་མི་དམངས་རྩ་བ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱ་དགོས།  བཀོད་སྒྲིག་ལུགས་མཐུན་དང་དངོས་གཉེར་གོ་ཆོད་ཀྱི་གྲོང་རྡལ་དང་གྲོང་སྡེའི་མི་དམངས་ལ་སྟབས་བདེའི་ཞབས་ཞུའི་མ་ལག་འཛུགས་པ་དང་། གྲོང་སྡེའི་རིམ་པའི་དམངས་དོན་ཚབ་སྒྲུབ་ལམ་ལུགས་འཐུས་ཚང་དུ་གཏོང་བ།རྒན་གསོ་བུ་བཅོལ་ཞབས་ཞུའི་དྲྭ་རྒྱ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་གྲོང་དམངས་ཚོར་དེ་བས་སྟབས་བདེ་དང་དེ་བས་སྤུས་ལེགས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་དུ་འཇུག་དགོས་ཞེས་གསུངས།  

     ཕེང་ཆིང་ཧྭས་བརྒྱད་ཟིལ་རྫོང་དང་སྲིབ་སྨད་རྫོང་གཉིས་ཀ་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ས་ཁུལ་དུ་གནས་ཡོད་པ་རེད། སྐྱེ་ཁམས་སྲུང་སྐྱོང་ལེགས་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཐོན་ཁུངས་གསར་སྦོལ་དང་། ལག་རྩལ་གསར་གཏོད་ཀྱི་འགག་གནད་སྒྲོལ་སར་བྱེད་པར་དོ་སྣང་།སྲོལ་རྒྱུན་གྱི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད།ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཆོད་ཁྱོན་ཡོངས་ནས་ཆེར་གཏོང་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་དང་གཅིག་གྱུར་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་ནན་གསུང་གནང་བ་རེད། 

     ཕེང་ཆིང་ཧྭ་ཡིས་གསར་བརྗེའི་རྗེས་ཤུལ་ལ་གུང་ཁྲན་ཏང་མིའི་རླབས་ཆེན་གྱི་བསམ་པའི་གདུང་རབས་ཡོད་པས་ཧ་ཅང་རྩ་ཆེ་བའི“གསར་བརྗེའི་གཞི་རྒྱུའི་མཛོད”ཅིག་རེད། སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་གསར་བརྗེའི་ཐོན་ཁུངས་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གསོན་ཉམས་ལྡན་པའི་སློབ་ཁང་དུ་དེ་བས་ལེགས་པའི་སྒོ་ནས་འགྱུར་བ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་དེའི་ཁྲོད་ནས་ལས་སྒྲུབ་ལས་གཏོད་ཀྱི་བློ་གྲོས་དང་སྟོབས་ཤུགས་ཟམ་མི་ཆད་པར་བསྡུ་ལེན་བྱ་རྒྱུའི་ཁྲིད་སྟོན་བྱ་དགོས་ཞེས་གསུངས་པ་རེད། 


  • ལེ་ཚན་སྔོན་མ།:དབྱངས་ཀྱི་ཆོ་འཕྲུལ།
  • ལེ་ཚན་རྗེས་མ།:ཁྲེང་ཏུའུ་རུ་རྒྱལ་སྤྱིའི་བཤམ་སྟོན་འདུ་ཚོགས་ཤིག་འཚོག་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།